ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྟག་གཟིགས་བསམ་གཏན་གླིང་ནས་ཐུགས་གསོའི་འཚམས་འཕྲིན།

༧གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ཡི་བླ་སློབ་ཀུན་གྱི་སྙན་དབང་རིན་པོ་ཆེར་ཞུ་གསོལ་འདེབས་དོན།

         གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་འཛམ་གླིང་བོན་འབངས་ཡོངས་ཀྱི་ནོར་བུ་༧སྐྱབས་རྗེ་སྨན་རིའི་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གློ་བུར་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པ་འདི་ནི། སྤྱིར་འགྲོ་བ་སེམས་ཅན། སྒོས་སུ་བོད་མི་རིགས། ཡང་སྒོས་གཡུང་དྲུང་བོན་འབངས་ཡོངས་ལ་བསམ་ཡུལ་ལས་འདས་པའི་གྱོང་གུད་དང་སྐྱོ་གདུང་ཆེན་པོ་ཞིག་རེད། ཁྱད་པར་དུ་གདན་ས་ཁྲི་བརྟན་ནོར་བུ་རྩེའི་གཏན་བཞུགས་བླ་སློབ་ཀུན་ལ་ཉི་མ་ནུབ་པ་ལྟ་བུ་གནས་ཚུལ་འདི་འདྲ་བྱུང་བ་ལ་རྟག་གཟིགས་བསམ་གཏན་གླིང་ནས་གདུང་སེམས་མཉམ་དུ་ཁུར་བའི་ཐོག་ཞུས་དོན་ཕྱོགས་གཅིག་ནས་ང་ཚོ་ཚང་མ་བློ་ཕམ་ཞིང་ཡིད་སྐྱོ་བ་ལ་ཐུགས་ཁག་གཏན་ནས་མེད་ན་ཡང་ཕྱོགས་གཞན་ཞིག་ནས་བསམ་ན་༧སྐྱབས་རྗེ་དྲིན་ཆེན་རྩ་བའི་བླ་མ་ཁོང་ནི་སྐུ་ཚེ་མཐར་རུ་ཕྱིན་ཏེ་དགུང་གྲངས་བརྒྱ་ཕྲག་ལྷག་ལ་བཞུགས་དེ་བརྒྱ་སྟོན་རྟེན་འབྲེལ་མཛད་སྒོ་དེ་ཚོ་ཧ་ལས་དགོས་པ་དང་། དགའ་འོས་པར་གྱུར་ཡོད། མ་ཟད་མཛད་པ་མཐར་རུ་ཕྱིན་ཏེ་གཡུང་དྲུང་བོན་གྱི་བསྟན་པ་འདི་འཛམ་གླིང་ས་སྒང་འདིའི་ཐོག་ལ་ཉི་མ་ཤར་བ་ནང་བཞིན་མཛད་ནས་རྗེས་སུ་བཞག་ཅིང་འཛམ་གླིང་མི་མང་སུས་མཇལ་ཡང་ཚང་མས་དད་པ་དང་ངོ་མཚར་སྐྱེ་དགོས་པའི་གནས་སུ་གྱུར་པ་འདི་ལ་བསམ་ན་ང་ཚོའི་སྡུག་གི་མྱ་ངན་སངས་ཞིང་དགའ་བ་དང་སློབས་པ་བསྐྱེད་པའི་རྒྱུ་རུ་གྱུར་འདུག་པ་ཐེ་ཚོམ་མི་འདུག་དྲན་ནས་བོན་ཚོགས་རྟག་གཟིགས་བསམ་གཏན་གླིང་གི་ཉམས་ལེན་པ་ཀུན་གྱི་ཚབ་ཞུས་ཏེ། གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་ཕྱི་ལོ་༢༠༢༥།༦།༡༦ཉིན།

རྟག་གཟིགས་ནས་བསམ་གཏན་ཡེ་ཤེས་ཀྱིས་སྒོ་གསུམ་གུས་པ་ཆེན་པོས་ཕུལ།

(སྤྱིའི་གཟིགས་གྲངས། 13 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གདུང་སེམས་…
error: རྩོམ་འདི་བདག་དབང་ཅན་ཡིན།