ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དགེ་བཤེས་བསྟན་དར་ལགས་ཀྱི་ཐུགས་སྨོན་དང་འཚམས་འཕྲིན།

མེ་ལོང་ཡེ་ཤེས་ཀྱི་དྲ་ཚིགས་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ།

       མིང་དོན་གཉིས་ལྡན་གྱི་དྲ་ཚིགས་འདི་ལྟ་བུ་ཞིག་ཤར་གཏོང་བྱས་པར་བདག་གིས་སྙིང་ཐག་པ་ནས་དགའ་བསུ་བྱེད་ཀྱི་ཡོད། གནའ་སྔ་མོ་ཡིན་ན་ཆོས་རྒྱུད་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་བོན་དེ་དག་རང་རང་སོ་སོས་གཅེས་སྤྲས་འདྲ་བྱེད་ནས་འདུག་གི་ཡོད་རེད། འོན་ཀྱང་དེང་སང་དེ་ཙམ་གྱིས་མི་ཆོག་པར་གནའ་བོའི་རིག་གཞུང་རྙིང་པ་དེ་དག་འཛམ་གླིང་མི་མང་གི་མདུན་དུ་བཤམས་ཀྱི་ཡོད་པའི་དུས་རབས་འདིར་ང་རང་ཚོ་བོན་པོ་ཚོ་ཡང་གཞན་དང་དཔུང་པ་མཉམ་གཤིབ་བྱེད་དེ་མདུན་སྐྱོད་ཀྱི་གོམ་འགྲོས་འདི་འདྲ་བྱས་པ་དེར་སེམས་གཏིང་ནས་དགའ་བསུ་ཞུ་འོས་པ་ཞིག་རེད་ལ་ཞུ་དགོས་པ་ཞིག་ཀྱང་རེད། དེང་སང་མཐོ་དམན་གང་བཤད་ཀྱང་འཛམ་གླིང་འདིའི་ཐོག་བོན་པོ་རྣམས་ཀྱིས་སྤྱི་གཙུག་གི་ནོར་བུ་ལྟ་བུ་ཞིག་གཞན་ལ་ངོམ་འོས་པ་ཞིག་ཡོད་པ་དེ་ནི་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་སེང་གེ་རེད། ཕྲན་ཆུང་བདག་གི་རེ་བ་ཞིག་ལ་མེ་ལོང་ཡེ་ཤེས་ཀྱི་དྲ་ཚིགས་འདིའི་བརྒྱུད་ནས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་གི་བདུད་རྩི་ལ་སྐོམ་པ་ཆུས་གདུང་ལྟར་ལོངས་སུ་སྤྱོད་འདོད་ཡོད་པའི་སློབ་མ་རྣམས་ཀྱི་ཆེད་དུ་རིན་པོ་ཆེའི་ཞལ་གསུང་གི་བདུད་རྩི་རྣམས་དྲ་ཚིགས་འདིར་འགོད་ཐུབ་པའི་རེ་བ་ཡོད། དེ་ནས་དྲ་ཚིགས་འདིའི་ཚེ་སྲོག་སྲ་བརྟན་བྲག་ལྟར་བརྟན་ཅིང་དྲ་ཚིགས་འདིའི་མདུན་སྐྱོད་ཀྱི་གོམ་པ་ནི་ཇི་སྲིད་བསྐལ་པ་མ་སྟོང་གི་བར་དུ་གནས་པར་སྨོན།

ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་བསྟན་པ་དར་རྒྱས་ནས། སྤྱི་ལོ།༢༠༡༥།༩།༡༠། ཉིན།

(སྤྱིའི་གཟིགས་གྲངས། 165 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།