ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་མཁན་རིན་པོ་ཆེ་རྣམ་གཉིས་རང་དགོན་དུ་ཞབས་སོར་བདེ་བར་འཁོད་པ།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་རང་དགོན་དུ་ཞབས་སོར་འཁོད་པ།

  རང་དགོན་དུ་ཞབས་སོར་བཀོད་པ།༢ གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་ཡོངས་འཛིན་སློབ་དཔོན་རིན་པོ་ཆེ་མཆོག་དང་། དགོན་དུ་ཕེབས་འབྱོར་བྱུང་བ།༤མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཧྥ་རན་སི་གཤེན་བསྟན་དར་རྒྱས་གླིང་གཙོས་པའི་ནུབ་གླིང་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས་རླབས་ཆེན་བསྟན་འགྲོའི་དོན་མཛད་དེ། སླར་ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ དགོང་མོར་རྒྱལ་ས་(Paris)པ་རིས་སུ་གནམ་ཐང་ནས་(doha airport)དྷོ་ཧ་གནམ་ཐང་བརྒྱུད་དེ། ཕྱི་ཚེས་ ༡༩ ཉིན་བལ་ཡུལ་རྒྱལ་ས་(Kathmandu)ཀ་ཐ་མན་གྲུའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད།

དགོན་དུ་ཕེབས་འབྱོར་བྱུང་བ།༣རང་དགོན་དུ་ཞབས་སོར་བཀོད་པ།༡ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་ ༤ ཐོག་རང་དགོན་དུ་ཞབས་སོར་འཁོད་པ་དང་བསྟུན། གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་དང་ལྷ་སྡེ་མང་ཚོགས་ཡོངས་ཀྱིས་སྤྲོ་སེམས་འཁོར་བའི་ངང་ནས་ཕེབས་བསུ་དང་མཇལ་ཁ་ཞུས་ཏེ་བླ་སློབ་མཉམ་འཛོམ་གྱི་སྐལ་བཟང་བྱུང་བ་ནི་མི་ཚེའི་འོད་སྣང་ཞིག་གོ།

ཏི་སེའི་བུ་ནས་ ༢༠༡༥། ༡༡། ༡༩ ཉིན་སྤེལ།

 

(སྤྱིའི་གཟིགས་གྲངས། 74 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།