ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེའི་གསུང་འབུམ་དངོས་སུ་འགྲེམ་སྤེལ་ཞུས་པ།

སྔོན་གླེང་གཏམ་ཐུང་།

དེབ་འདི་རྣམས་ཀྱི་ནང་གི་རྩོམ་མང་པོ་ཞིག་རང་གི་ལྟ་བདེའི་ཆེད་བརྗེད་ཟིན་དུ་བཀོད་པ་ཡིན་པ་དང་། ཁ་ཤས་དཔེ་ཁྲིད་འཁྲིད་སྤྱད་ཀྱི་ཟིན་ཐོའི་ཚུལ་དུ་བཀོད་པ་ལས་དང་པོ་ནས་རྩོམ་ཡིག་པར་སྐྲུན་གྱི་དམིགས་ཡུལ་དུ་བཟུང་ནས་བྲིས་པ་དེ་འདྲ་མིན་པས་དཔྱད་རྩོམ་གྱི་སྤུས་ཚད་ལྡན་མེད་པ་ཤེས་མོད་ཀྱང༌། འདི་རྣམས་ཀྱི་ནང་དུ་རང་གི་རྩ་ཆེའི་དུས་ཚོད་མང་པོ་ཐིམས་ཡོད་པ་དང་། དཀའ་ལས་བརྒྱབས་པའི་རྔུལ་ཆུ་ཡང་གང་འཚམས་འདྲེས་ཡོད་སྟབས་བཙོག་སྣོད་དུ་གཡུག་མ་བྲ་བ་དང༌།རྣམ་ཀུན་ནས་བདག་དང་གློ་བ་ཉེ་ཞིང་དམ་ཚིག་མཐུན་པའི་མཆེད་གྲོགས་མང་པོའི་དགོངས་འཆར་ལྟར་ཕྱོགས་བསྒྲིགས་ཞུས་ནས་དཔར་སྐྲུན་ཞུ་རྒྱུའི་སྟ་གོན་བྱས་ཏེ། འགོ་རྔ་ཚང་བའི་རྩོམ་ཡིག་ཁག་བསྡུས་ནས་དེབ་གསུམ་གྱི་ནང་བཀོད་ཡོད་ཀྱང༌། ད་དུང་ཆ་མ་ཚང་བ་དང་ཞུ་དག་བྱེད་མ་ཐུབ་པའི་རྩོམ་ཡིག་མང་པོ་འདིར་བཀོད་ཐུབ་མེད་པ་དང༌། དེབ་ཀྱི་གླེང་བརྗོད་དང་། ཤིས་ཚིག་སོགས་ཆེད་དུ་བྲིས་པ་ཁག་ཀྱང་ད་ལན་འདིར་བཀོད་མེད། འདིར་བསྡུས་པའི་རྩོམ་ཚང་མ་དུས་ཚོད་གཅིག་ལ་བྲིས་པ་མིན་ཞིང་། ཁ་ཤས་བྲིས་ནས་ལོ་བཅུ་ཕྲག་གཉིས་ལ་ཉེ་བར་ཕྱིན་ཙང་ད་ལྟའི་རང་གི་ཞེ་འདོད་དང་ལྟ་ཚུལ་མི་མཐུན་པ་འགའ་འདུག་ཀྱང་། ཕལ་ཆེ་བར་བཅོས་བསྒྱུར་མ་བྱས་པར་རང་སར་བཞག་ཡོད། གནས་ཆེན་ཉེར་བཞིའི་བརྗེད་བྱང་ལྟ་བུའི་རྩོམ་ཡིག་མང་པོ་ཞིག་ལ་ད་དུང་ཞིབ་ཆ་དགོས་ས་དུ་མ་འདུག་ཀྱང་དུས་ཐུང་ནང་བསྐྱར་ཞིབ་བྱེད་མ་ཐུབ་པས་གོང་དུ་གླེང་བ་ལྟར་ཟིན་ཐོར་གང་འཁོད་པ་ལྟར་བཀོད་ཡོད་པས་ཞིབ་ཆ་མ་ཐོན་པ་དང༌། ལུང་ཁུངས་དང་འཛོལ་བ། ལུང་འདྲེན་ལ་ཆད་ལྷག་ཤོར་བ་སོགས་ཀྱི་ནོར་འཁྲུལ་གང་མང་ཡོད་པར་ཁས་ལེན་བྱེད་བཞིན་ཡོད། དངོས་གནས་བསྟན་བཅོས་བཟང་པོ་ཞིག་ཡིན་ན། མཁས་གྲུབ་ལུང་རྟོགས་རྒྱ་མཚོའི་ཞལ་ནས། གོ་སླ་འཇུག་བདེའི་མན་ངག་མ་བཀྲལ་ན། །གསར་དུ་བསྟན་བཅོས་བརྩམས་པས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར་གོ་སླ་འཇུག་བདེའི་མན་ངག་གིས་ཕྱུག་པ་ཞིག་དགོས་མོད་ཀྱང་། སོ་སྐྱེ་ཐ་མལ་པའི་ཁྲོད་ན་སྐྱོན་དང་བྲལ་བའི་བསྟན་བཅོས་རྩོམ་ཐུབ་མཁན་མི་སྲིད་པ་དང་། སོ་སྐྱེའི་བསྟན་བཅོས་ལ་དགེ་མཚན་ཅུང་ཟད་རེ་མེད་མཁན་ཀྱང་དཀོན་པའི་ཚུལ་ལ་བསམ་ན། བདག་གིས་བྲིས་པ་ཁག་གི་ནང་སྐྱོན་དང་དགེ་མཚན་གཉིས་ཀ་ཡོད་སྟབས་སྐྱོན་གྱི་ཚོགས་རྣམས་བཟོད་གསོལ་ཞུ་བ་དང༌། དགེ་མཚན་གང་མཆིས་ད་རེས་དཔར་སྐྲུན་ཞུས་པའི་དགོས་པ་དང་། བདག་གིས་དཀའ་ལས་ཅུང་ཟད་བྱས་པའི་འབྲས་བུ་ཡིན་པས་རང་འདྲ་དང་རང་བས་དམན་པ་རྣམས་ལ་ཕན་ཐོགས་ཅུང་ཟད་རེ་བྱུང་ན། རྩོམ་པ་པོའི་རེ་བ་དང༌། རྩོམ་དེབ་ཀྱི་དགོས་པའང་དེ་ག་རང་ལ་གྲུབ་ཟིན་པ་ཡིན། ཞང་ཞུང་རྫོགས་ཆེན་གླིང་གི་དབུ་འཛིན་ཨ་དཀར་བ་བླ་མ་འཆི་མེད་བློ་གསལ་མཆོག་གིས་དཔར་སྐྲུན་གྱི་སྦྱིན་བདག་ཆ་ཚང་གནང་བས་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་བ་དང༌། ཞུས་སྒྲིག་གནང་མཁན་ཁྲི་གཙུག་བསྟན་པ་དང༌། ཚུལ་ཁྲིམས་དྲི་མེད་གཉིས་དང༌། དཔར་སྐྲུན་གྱི་ཆེད་རོགས་རམ་གནང་མཁན་སོགས་འདིའི་ཆེད་དུ་ཕྱར་བ་གྲུ་འདེགས་མཛད་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྩོམ་པ་དང་སྤེལ་བའི་དགེ་ཚོགས་གང་མཆིས་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྩ་བའི་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་སྐུ་ཚེ་ཡུན་ཏུ་བརྟན་ཅིང་། དགོངས་བཞེད་གེགས་མེད་འགྲུབ་པའི་རྒྱུ་རུ་བསྔོའོ།། །།

རྩོམ་པ་པོས་ ༢༠༡༨ ༣ ༣༡ ཉིན་བྲིས།

ལོ་གཉིས་ཙམ་གྱི་གོང་ནས་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེའི་གསུང་འབུམ་ཞུ་སྒྲིག་བྱས་ཏེ་དཔར་སྐྲུན་གྱི་འབད་བརྩོན་ཞུས་ཡོད་ཀྱང་ད་ལྟའི་བར་དུ་ནར་འགྱངས་སུ་ལུས་ཡོད་པ་དང་། ད་ལན་དགོས་དམིགས་དུ་མ་ལ་བརྟེན་ནས་འཕྲལ་དུ་དཔར་སྐྲུན་ཞུ་ཐུབ་པར་བྱུང་སོང་བར་ཕྱར་བ་གྲུ་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

གསུང་འབུམ་དཀར་ཆག

གསུམ་འབུམ་དེབ་དང་པོ།༽

སེམས་ཀྱི་སྒྲོམ་བུ་ཞེས་བྱ་བ།

སེམས་དང་སེམས་བྱུང་གི་རྣམ་བཤད་གཅེས་བཏུས།

གསུང་འབུམ་དེབ་གཉིས་པ།༽

ལྷ་བོན་སྒོ་བཞིའི་ནང་ཚན་བསང་གི་སྐོར་ཅུང་ཟད་གླེང་བ།

གཙང་མ་ལྷ་སེལ་དང་དེ་ལས་འཕྲོས་པའི་སེལ་གྱི་ཅུང་ཟད་བཤད་པ།

སྣོད་བཅུད་ཆགས་ཚུལ་ལས་འཕྲོས་པའི་བསམ་འཆར་ཉུང་ངུ།

ཡེ་རྗེ་སྨོན་པའི་རྨི་ལམ།

འཆི་བ་དང་བར་དོའི་རྣམ་པར་བཞག་པ།

འདུར་གྱི་རྣམ་བཤད་སྔགས་འཆང་མཛེས་པའི་རྒྱན།

འདུར་དང་འབྲེལ་བའི་དྲི་ལན་འགའ།

བྱང་ཤོག་འབྲི་སྟངས་སྐོར།

ཉམས་མྱོང་དང་མཐོང་ཐོས་ཕྱོགས་གཅིག་ཏུ་སྦམས་པའི་ཡན་ལག་བདུན་པ།

གཏེར་ཆེན་གསང་སྔགས་གླིང་པའི་ལོ་རྒྱུས་སྙིང་བསྡུས་སུ་བཀོད་པ།

རྗེ་བླ་མ་ཡོངས་འཛིན་སྨྲ་བའི་དབང་པོའི་རྣམ་ཐར་ཉུང་འདུས།

སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་གསུང་རྩོམ་ཐོ།

འབུམ་འགྱུར་ཟླ་བའམ་རྒྱལ་ཟླ་བའི་དུས་ཆེན་ངོ་སྤྲོད།

རང་གདམསལྔ་བཅུ་པ།

ས་མཐའི་མན་ངག

གསུང་འབུམ་དེབ་གསུམ་པ།༽

རྣམ་བཤད་སྐབས་དང་པོའི་འཁྲུགས་པ་གོ་རིམ་དུ་བསྡེབས་པའི་བཀའ་བརྟེན་ཞེས་པའི་སྐབས་ཀྱི་ཟུར་རྒྱན།

བམ་པོ་དང་ལེའུ་མཆོང་སོགས་ཀྱི་སྐོར་གླེང་བ།

བོན་དཔེ་སྲིད་པའི་མཛོད་ཕུགས་ཀྱི་མཚམས་སྦྱོར།

ཚད་མ་རིག་པའི་དགོངས་དོན།

ཐུགས་རྗེ་སེམས་དཔའི་ཐེག་པའི་སྐོར་གླེང་བ།

མཁས་དབང་སྒ་སྟོན་རིན་པོ་ཆེས་མཛད་པའི་གཞི་ལམ་རྣམ་འབྱེད་བཀླགས་པའི་ཟིན་ཐོ།

བརྗེད་ཟིན་ཐུང་ངུ།

ཆོ་ག་བཅུ་གཉིས་ཀྱི་སྤྱི་དོན།

དགོངས་སྤྱོད་རྣམ་གསུམ་གྱི་འགྲེལ་ཆུང་།

མ་རྒྱུད་ལྷ་ཚོགས་རྣམས་གཞི་ལམ་འབྲས་བུའི་ཐིག་ལེ་ཞེ་ལྔ་ལས་འཕྲོས་ཚུལ།

གསང་ཆེན་མ་རྒྱུད་ཐུགས་རྗེ་ཉི་མ་ལས་གནས་ཆེན་ཉེར་བཞིའི་སྐོར་གྱི་བརྗེད་བྱང་།

ཁྲིད་བརྒྱད་སྐོར་གྱི་ཟིན་ཐོ།

ཡེ་ཤེས་ཐིག་ལེའི་མཆན་ཡིག་ཉུང་ངུ།

འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་ཀྱི་འགྲེལ་ཆུང་ཉི་མའི་སྙིང་པོ།

གཏེར་སྟོན་འགུ་རུ་རྣོན་རྩེའི་རྣམ་ཐར་སྙིང་བསྡུས།

ཟབ་སྙིང་བསྭོ་ཡི་མཚོན་དོན་རྣམ་དག་ལུང་གི་དགོངས་རྒྱན།

རླུང་རོ་གུ་ཕྲུགས་ཀྱི་སྐབས་སུ་མི་མཚུངས་པ་འགའ།

ཡེ་ཁྲི་ལས་བྱུང་བའི་སེམས་གནས་ཀྱི་སྐོར།

རྫོགས་ཆེན་སྙན་རྒྱུད་བླ་མའི་བརྒྱུད་རིམ་མདོར་བསྡུས།

ནམ་མཁའ་འཕྲུལ་མཛོད་ངོ་སྤྲོད་སྐོར།

རྫོགས་པ་ཆེན་པོ་ནམ་མཁའ་འཕྲུལ་མཛོད་དྲང་ངེས་གཉིས་ཀྱི་ནང་གི་ལུང་ཁུངས་འཚོལ་བ།

ཟིན་ཐོ་མ་རིག་ངོས་འཛིན།

(སྤྱིའི་གཟིགས་གྲངས། 1,323 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།