ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འཛིན་རིམ་འོག་མའི་གཏམ་བཤད་འགྲན་བསྡུར་ཐེངས་ལྔ་པ།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག སྐྱབས་རྗེ་སྒྲུབ་གྲྭའི་མཁན་རིན་པོ་ཆེ་མཆོག བཤད་སྒྲུབ་དཔོན་སློབ་དགེ་བཤེས་བློ་གྲོས་གཙུག་ཕུད་བཅས་མཁན་སློབ་རྣམ་པ་དང་། ཟུར་དཔང་དགེ་རྒན་དང་དགེ་བཤེས་རྣམ་པ། སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ལས་བྱེད་བཅས་ཚང་འཛོམས་ཐོག སྐབས་ཉེར་དྲུག་པའི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོས་གཙོ་སྐྱོང་གནང་སྟེ་འདི་ལོའི་འཛིན་རིམ་འོག་མར་བོད་ཀྱི་སྐད་ཡིག་ཡར་སྐུལ་གྱི་གཏམ་བཤད་འགྲན་བསྡུར་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༠ ༢༠ ཉིན་གྱི་ཞོགས་པའི་ཕྱག་ཚོད་༧ཐོག་དངོས་སུ་དབུ་བཙུགས་པ་དང་། དེ་ཡང་འཛིན་གྲྭ་གོ་རིམ་བཞིན་བཤད་སྒྲུབ་འདུས་སྡེ་ནས་འཛིན་གྲྭ་སོ་སོར་གཏན་འབེབས་བརྗོད་གཞི་བཏོན་པ་ལྟར། ཐེག་རིམ་འཛིན་གྲྭ་ནས་ཚོགས་དུས་མཆོད་སྐོར་དང་། རྣམ་ལྔའི་མཆོད་པ་སྐོར། གར་འཆམ་སྐོར། མཆོད་དཔོན་བྱེད་སྟངས། དབུ་མཛད་ལ་ཚང་དགོས་པའི་ཆ་རྐྱེན་སྐོར། རབ་ཏུ་བྱུང་བའི་ཁེ་ཕན་སྐོར་བཅས་གང་རུང་དང་། ཚད་མ་ལོ་རིམ་གསུམ་པའི་འཛིན་གྲྭ་ནས་དམིགས་བསལ་འདི་ལོར་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཐེམ་སྤང་བཀའ་རྒྱའི་དུས་བཀག་ནང་དུ་འཛིན་རིམ་འོག་མའི་སློབ་ཕྲུག་རྣམས་ལ་རི་མོའི་སློབ་ཚན་གོ་སྒྲིག་བྱས་ཡོད་པ་དང་། རི་མོའི་དགེ་རྒན་དགེ་བཤེས་སྨོན་ལམ་དབང་རྒྱལ་ལགས་ཀྱིས་ལམ་སྟོན་འོག་དུས་ཡུན་ཟླ་བ་གཉིས་ཙམ་གྱི་རིང་རི་མོ་སྦྱོང་བའི་སྐོར་ནས་ཉེར་མཁོའི་དཔེ་རིས་རིགས་རྟགས་ལྷ་སྐུའི་ཐིག་རྩ་དང༌། སྦྱིན་སྲེག་གི་ཤིང་རྟགས་རྣམས་སྦྱངས་པའི་མཐོང་ཐོས་མྱོང་གསུམ་གྱི་སྐོར། ཚད་མ་ལོ་རིམ་གཉིས་པ་རྟགས་རིགས་འཛིན་གྲྭ་ནས་ཀྱང་དེ་བཞིན་འདི་ལོར་ཉེར་མཁོའི་དཔེ་རིས་བཀྲ་ཤིས་རྟགས་བརྒྱད་དང༌། བཀྲ་ཤིས་རྫས་བརྒྱད་ཀྱི་རི་མོ་རྣམས་སྦྱངས་པའི་མཐོང་ཐོས་མྱོང་གསུམ་གྱི་སྐོར། ཚད་མ་ལོ་རིམ་དང་པོ་སྡུད་གྲྭ་འཛིན་གྲྭ་ནས་གཙང་སྦྲ་འཕྲོད་བསྟེན་དང་། ཡ་རབས་བཟང་སྤྱོད། ཞེ་ས་གུས་ལུགས་བཅས་ཀྱི་སྐོར། རིག་ལམ་སྔོན་འགྲོའི་འཛིན་གྲྭ་ནས་སོ་སོའི་ཕ་ཡུལ་གྱི་ལོ་རྒྱུས་དང༌། སྔོན་འགྲོའི་སློབ་གྲྭར་ཞུགས་སྐབས་ཀྱི་མཐོང་ཐོས་མྱོང་གསུམ་སྐོར་བཅས་སོ་སོས་གང་གདམ་པའི་བརྗོད་གཞིའི་ཐོག་ནས་ཉིན་དང་པོར་ཐེག་རིམ་འཛིན་གྲྭ་ནས་རྟགས་རིགས་འཛིན་གྲྭ་ཡན་ཆོད་དང་།  ཉིན་གཉིས་པར་དེ་འཕྲོའི་འཛིན་གྲྭ་སོ་སོའི་སློབ་ཕྲུག་རྣམས་ནས་གཏམ་བཤད་སྤེལ་ཡོད་པ་རེད། ཟུར་དཔང་དགེ་རྒན་རྣམས་ཀྱིས་ཀྱང་གཏམ་བཤད་སྐབས་ཐ་སྙད་བཀོལ་སྤྱོད་བྱེད་སྟངས་ཀྱི་སྤུས་ཚད་དང་དོན་གྱི་འགག་རྩ་བཀྲོལ་ལུགས་སྐད་ཆའི་སྒྱུ་རྩལ་སོགས་ལ་གཞིག་སྟེ་ཨང་རིམ་སྤྲད་ཡོད་པ་དང་མཐར་བཤད་སྒྲུབ་དཔོན་སློབ་མཆོག་ནས་བཀའ་སློབ་བཀའ་དྲིན་བསྩལ་གནང་རྗེས་ཐེངས་འདིའི་གཏམ་བཤད་འགྲན་བསྡུར་གྱི་མཇུག་ཡོངས་སུ་གྲུབ་པའི་གནས་བསྡུས་སུ།

མེ་ལོང་ཡེ་ཤེས་དྲ་བའི་གཙོ་སྒྲུབ་པས་ཕྱི་ལོ་ ༢༠༢༠ ༢༡ ཉིན་སྤེལ།། །།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 1,006 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།