ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་རིན་པོ་ཆེ་གསེར་དངུལ་གྱིས་འབྲི་བཞེངས་གནང་རྒྱུ་ཡིན་པ།

9.pic_hd༄༅། །དེ་ཡང་སྟོན་པ་གཤེན་རབ་མི་བོ་ཆེའི་ཞལ་ནས། སེམས་ཅན་བསོད་ནམས་བྲི་བས་ཚོགས་རྫོགས་སྒྲིབ་པ་སྦྱོང་བ་ཉུང་བས། ཚིག་དང་ཡི་གེ་བསྟན་གྱིན་བཀྲི་དགོས་པས། པོ་ཏི་དང་གླེགས་བམ་བཅའ་དགོས་པའི་དུས་ལ་བབ་པ་ཡིན། ཞེས་དང་། རིན་ཆེན་སྣ་ལྔའི་པོ་ཏི་གླེགས་བམ་བཅས། ཞེས་པའི་བར་གྱི་བཀའ་ལུང་ལས་ཇི་ལྟར་གསུངས་པ་ལྟར་མེས་པོ་གོང་མ་རྣམས་ཀྱིས་ཚོགས་རྫོགས་སྒྲིབ་སྦྱོང་གི་རྟེན་དུ་རྒྱལ་བའི་བཀའ་རིན་པོ་ཆེ་གསེར་དངུལ་གྱིས་དག་བཞེངས་གནང་བའི་སྲོལ་བཟང་ཡོད་ལ། དེ་མུས་དུས་ཀྱི་གཉན་འཕྲང་གི་འགལ་རྐྱེན་འོག་ནས་སྲུང་སྐྱོབ་ཐུབ་པའི་དཔེ་རྙིང་རིན་ཐང་ཆེ་བ་གསེར་དངུལ་གྱི་བྲིས་པ་རེ་གཉིས་ཀྱང་དཔེ་མཚོན་གྱི་ཚུལ་དུ་ད་ལྟ་ད་དུང་ཡང་ང་ཚོའི་མཇལ་ཕྱག་གི་ཡུལ་དུ་བཞུགས་ཡོད། དེ་ལྟར་རྫོགས་པའི་སངས་རྒྱས་ཀྱི་གཅེས་གདམས་རྣམས་ཉམས་ལེན་གྱི་གནད་དུ་མཛད་པའི་བླ་སྤྲུལ་མཁན་པོ་དང་། དད་སྦྱིན་རྣམས་ཀྱིས་ཀྱང་རྒྱལ་བའི་གསུང་རབ་རྣམས་དངོས་ཀྱི་འབྱོར་བ་དང་བསྟུན་ནས་ཚོགས་རྫོགས་སྒྲིབ་སྦྱོང་གི་རྟེན་དུ་དག་བཞེངས་གནང་སྟེ་ཕྱི་རབས་རྣམས་ལ་ཤུལ་བཞག་གི་མཛད་བཟང་སྐྱོང་བ་འདི་ནི་གདམས་ངག་གི་རིན་ཐང་ལ་བཀུར་བསྟི་ཞུ་བའི་ཚུལ་ཞིག་ཀྱང་ཡིན།

གསེར་དངུལ་གྱི་བྲིས་མ།ཉེ་ཆར་གསར་དུ་གནས་ཚུལ་སྤེལ་བར་གཞིགས་ན་རྒྱལ་བ་གཤེན་རིན་པོ་ཆེའི་དགོངས་གཞི་དང་ལམ་སྟོན་འོག་རྩེ་དྲུག་དཔོན་སློབ་བསྟན་པའི་རྒྱལ་མཚན་གྱིས་འགན་ཁུར་ནས་གཡུང་དྲུང་བོན་གྱི་བཀའ་རིན་པོ་ཆེ་གསེར་དངུལ་སོགས་རིན་ཆེན་སྣ་ལྔས་འབྲི་བཞེངས་གནང་རྒྱུ་ཡིན་འདུག་པ་འདི་ནི་དགའ་འོས་པའི་གཏམ་བཟང་དུ་ལགས། ཡི་གེའི་འབྲི་ཚུགས་ནི་གཙོ་བོ་ཁྱུང་བྲིས་སམ་སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོས་ཞལ་ཕྱེས་ཤིང་བྱིན་རླབས་ཞུགས་པའི་འབྲུ་མ་ཡིན་འདུག བྲིས་མཁན་ལ་ས་ཁུལ་ནས་ཆེས་དགའ་བསུ་ཐོབ་པའི་ཁྱུང་ཡུལ་གྱི་བྲིས་པ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གཙོ་འཁོར་གྱིས་གཙོ་འགན་བཞེས་ཏེ་འབྲི་རྒྱུ་ཡིན་པའི་གནས་ཚུལ་དང་། དེ་བཞིན་དག་བཞེངས་ཚར་བར་ཕ་ཆེར་ལོ་ངོ་བཅུ་ཕྲག་ལྷག་འགོར་བ་དང་འགྲོ་སོང་མ་དངུལ་ཡང་ཧ་ཅང་ཕོན་ཆེན་པོ་ཡིན་འདུག་པའི་གནས་བསྡུས་སུ།

སྲིད་པའི་མིག་གིས་བསྡུས།

(སྤྱིའི་གཟིགས་གྲངས། 36 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།