སྔར་སྲོལ་གསོ་རིག་འབུམ་བཞི་སློབ་གྲྭའི་རྒྱུགས་སྤྲོད་གནས་བསྡུས།
སྤྱི་ལོ་ ༢༠༡༩ ཟླ་ ༡ ཚེས་ ༡༧ ཉིན་སྔ་དྲོར་བརྡ་སྤྲོད་དང་སྙན་ངག ཕྱི་དྲོར་ཡ་ཐོག་བོད་སྨན་གྱི་ལོ་རྒྱུས་བཅས་བྲིས་རྒྱུགས་དང་། ཚེས་ ༡༨ ཉིན་སྔ་དྲོར་བལ་སྐད་དང་ཕྱི་དྲོར་དབྱིན་སྐད་བྲིས་རྒྱུགས་བྱས། ཚེས་ ༢༠ ཉིན་གཞོགས་འདེགས་སློབ་སྦྱོང་ངམ་ཚན་རིག་བྲིས་རྒྱུགས་དང་། ཚེས་ ༢༡ ཉིན་གསོ་བ་རིག་པའི་བྲིས་རྒྱུགས་བཏང་། ཚེས་ ༢༢ ཉིན་སངས་རྒྱས་སྨན་གྱི་ལྷ་རྣམ་འདྲེན་བརྒྱད་པ་གཤེན་རབ་མྱི་བོ་འཁྲུངས་ནས་མི་ལོ་ ༡༨༠༣༦ འཁོར་བའི་དུས་ཆེན་བསྲུང་བརྩི་ཞུས། ཚེས་ ༢༢ དང་ ༢༣ གཉིས་རིང་ལ་གསོ་རིག་སྨན་གྱི་ངག་རྒྱུགས་བཅས་ཕུལ་བ་ལགས་ན་སློབ་མ་རྣམས་ཀྱི་ཤེས་ཡོན་གོང་དུ་འཕེལ་ཞིང་འགྲོ་བ་ནད་པ་རྣམས་ལ་ཕན་ཐོགས་པའི་གསོ་རིག་གི་བསྟན་པ་འདི་ཉིད་ཡུན་དུ་རྒྱས་པའི་སྨོན་ལམ་དང་བཅས་ཕྱི་ལོ་ ༢༠༡༩ ཟླ་ ༠༡ ཚེས་ ༢༤ ཉིན།
གནས་ཚུལ་དང་པར་རིས་མཁོ་འདོན་གནང་མཁན། དགེ་བཤེས་བདེན་གཉིས་བཤད་སྒྲུབ་དང་ཁྱུང་ཐོག་རྒོད།