ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཆེད་སྦྱོང་འཆད་རྒྱུགས་བགྲོ་གླེང་ཐེངས་བརྒྱད་པའི་གནས་བསྡུས།

གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སྐབས་ཉེར་དགུ་བའི་བཤད་སྒྲུབ་འདུས་སྡེས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༤ ༠༡ ༠༩ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༠༨ སྐར་མ་ ༣༠ ཐོག་ཚོགས་ཁང་དུ་གྲྭ་ཚང་ཚང་འཛོམས་ཐོག ༧ སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དབུ་བཞུགས་ཐོག  ༧སྐྱབས་རྗེ་སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་དང༌། བཤད་སྒྲུབ་མཁན་སློབ་གནམ་པ་གཉིས་གཙོས། རྩ་འཛིན་སློབ་དཔོན་གནམ་པ། དགེ་བཤེས་གནམ་པ་རྒྱུགས་དཔང་དུ་ཕེབས། ཐོག་མར་བཤད་རྒྱུགས་གཙོ་སྐྱོང་བ་རྩ་འཛིན་སློབ་དཔོན་དགེ་བཤེས་བློ་གྲོས་འོད་གསལ་ལགས་ཀྱིས་བཤད་རྒྱུགས་ཀྱི་འགྲོ་ལུགས་དང་།  ཆེད་སྦྱོང་གི་གལ་ཆེའི་དགོས་དམིགས་དང་། ཆེད་སྦྱོང་རིགས་པ་འདི་དེང་དུས་གསར་བྱུང་ཞིག་མིན་པར་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་དུས་ནས་ལམ་སྲོལ་ཡོད་པ་ཞིག་ཡིན་པ་ལུང་གི་རྒྱབ་རྟེན་དང་བཅས་ཏེ་གཏམ་བཤད་གནང༌། དེ་རྗེས་གསང་སྔགས་ཁྲོ་བོ་རྒྱུད་དྲུག་ཆེད་སྦྱོང་ལོ་རིམ་གསུམ་པའི་སློབ་གཉེར་བ་ཚུལ་ཁྲིམས་དྲི་མེད་ལགས་ཀྱིས་གསང་སྔགས་ཁྲོ་བོ་རྒྱུད་དྲུག་བཤད་རྒྱུགས་ཀྱི་བརྗོད་གཞི་དྲུག་ལས་རྒྱན་བླངས་ཏེ། བརྗོད་གཞི་ལྔ་པ་༼ཐབས་ཞགས་ལེའུ་བཅུ་བ་སོགས་ལས་གསལ་བའི་ཕྱག་ཆེན་སེམས་དཔའི་སྐོར།༽ ནས་ཆུ་ཚོད་ཕྱེད་ཀའི་རིང་གཏམ་བཤད་དང་། སྐར་མ་བཅོ་ལྔའི་རིང་དྲི་བ་དྲིས་ལན་གནང་མཐར་གཙོ་སྐྱོང་བས་འཆད་རྒྱུགས་ཀྱི་གལ་གནད་ཕྱོགས་བསྡོམས་དང་། མཐའ་དོན་དགེ་བའི་བྱ་བ་རླབས་པོ་ཆེ་འདིས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོས་གཙོས་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་པ་དག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཡངས་པའི་འཇིག་རྟེན་གྱི་ཁམས་འདིར་ནད་མུག་འཁྲུགས་རྩོད་ཐམས་ཅད་མིང་མེད་དུ་ཞི་སྟེ་ཁམས་གསུམ་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྨོན་ལམ་གྱིས་མཇུག་བསྡུས་པའི་གནས་བསྡུས་སུ།

རིག་པའི་མེ་ལྕེ་ནས་ ༢༠༢༤ ༠༡ ༠༩ ཉིན།

པར་པ་ཁྱུང་ཐོག་རྒོད།

 

(སྤྱིའི་གཟིགས་གྲངས། 253 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཡུང་དྲུང་…
error: རྩོམ་འདི་བདག་དབང་ཅན་ཡིན།