ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གདན་ས་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་མཛད་རིམ་འགའ་ཡི་སྔོན་བརྡ།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་

གལ་ཆེའི་མཛད་རིམ་འགའ་ཡི་སྔོན་བརྡ།


༢༠༡༩།༡།༡། བོད་ས་ཁྱི་ལོའི་ཧོར་ཟླ་ ༡༡།༢༦་ ནས་བཟུང་ཉིན་གསུམ་རིང་ལ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེའི་ལོ་འཁོར་རྩོད་རྒྱུགས་ཆེན་མོ་གཏོང་རྒྱུ།
༢༠༡༩།༡།༦། ཧོར་ཟླ་ ༡༢།༡་ལ་ཞང་བོད་ལུགས་རྙིང་ལོ་གསར་ལ་བོན་སྡེ་ལྷན་འཛོམས་སྤྲོ་ཚོགས་ཐེངས་གཉིས་པ་འཚོགས་རྒྱུ།
༢༠༡༩།༡།༢༡། ཧོར་ཟླ་ ༡༢།༡༥་ ལ་སྟོན་པ་སངས་རྒྱས་གཤེན་རབ་མི་བོའི་འཁྲུངས་མཆོད་དང་འབྲེལ་བཀའ་རམས་པ་རྣམས་ལ་བརྡ་སྤྲོད་ཀུན་བཤད་ཀྱི་མཚན་བཏགས་གནང་རྒྱུ།
༢༠༡༩།༡།༢༥། ཧོར་ཟླ་ ༡༢།༢༠་ལ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤད་སྒྲུབ་འདུས་སྡེ་དང་གསོ་རིག་འབུམ་བཞིའི་སློབ་གྲྭ་སྔོན་འགྲོའི་སློབ་གྲྭ་བཅས་ཀྱི་་ལོ་འཁོར་མཇུག་བསྡོམས་མཛད་སྒོ།
༢༠༡༩།༢།། ཧོར་ཟླ་ ༡༢།༧་ ནས་བཟུང་ཉིན་གསུམ་རིང་ལ་ཁྲོ་ཕུར་དགུ་གཏོར་ཆེན་མོ་འཚོགས་རྒྱུ།
༢༠༡༩།༢།༥།བོད་ས་ཕག་ལོའི་ཧོར་ཟླ་ ༡་ སྔ་མའི་ཚེས་ ༡་ནས་བཟུང་ཉིན་གསུམ་རིང་ལ་ལོ་གསར་དགྱེས་སྟོན།

 ༢༠༡༩།༢།༩། ཧོར་ཟླ་སྔ་མའི་ཚེས་ ༤་ དང་ ༥་ ལ་རྒྱལ་བ་མཉམ་མེད་ཆེན་པོའི་དུས་ཆེན།
༢༠༡༩།༢།༡༠། ཧོར་ཟླ་ ་ སྔ་མའི་ཚེས་ ་ ནས་ཉིན་བཅུ་ཡི་རིང་སྐབས་བཅུ་པའི་དགེ་བཤེས་མཛད་སྒོ་འཚོགས་རྒྱུ།༢༠༡༩།༢།༡༣། ཧོར་ཟླ་ ༡་ སྔ་མའི་ཚེས་ ༨་ ལ་གཤེན་གྱི་གར་འཆམ་ཆེན་མོ་གཟིགས་འབུལ་ཞུ་རྒྱུ།
༢༠༡༩།༢།༢༠།ཧོར་ཟླ་ ་ སྔ་མའི་ཚེས་ ༡༦་ ཉིན་དགེ་བའི་བཤེས་གཉེན་རྣམ་པའི་ཁྲི་བཞེངས་མཛད་སྒོ།
༢༠༡༩།༢།༢༥། ཧོར་ཟླ་ ་ སྔ་མའི་ཚེས་ ༢༡་ ནས་ཧོར་ཟླ་དང་པོ་ཕྱི་མའི་ཚེས་ ༡༥་བར་བཀའ་དབང་གནང་རྒྱུ།
༢༠༡༩།༣།༢༨། ཧོར་ཟླ་དང་པོ་ཕྱི་མའི་ཚེས་ ༢༣་ ནས་བཟུང་བདུན་ཕྲག་གཅིག་རིང་ལ་བཤད་གྲྭ་བ་རྣམས་ཤེས་རབ་སྨྲ་བའི་སེང་གེའི་བསྙེན་སྒྲུབ་དང་། སྒྲུབ་གྲྭ་བ་རྣམས་བླ་ཆེན་དྲན་པའི་བསྙེན་སྒྲུབ་ལ་བཞུགས་རྒྱུ།

༢༠༡༩།༤།༥།ཧོར་ཟླ་ ༡་ཕྱི་མའི་ཚེས་ ༣༠་ ལ་བཀའ་དབང་གནང་རྒྱུ་དང། ཧོར་ཟླ་ ༡་དང་ ༢་ གང་རུང་ཁོངས་སུ་སྐབས་བརྒྱད་པའི་གསོ་རིག་འབུམ་བཞིའི་སློབ་ཐོན་གྱི་མཛད་སྒོ་འཚོགས་འཆར་ཡོད་པ་བཅས་ཀྱི་གསལ་བརྡ་རུ། 

གདན་ས་ཁྲི་བརྟན་ནོར་བུའི་རྩེའི་ཡིག་ཚང་ནས་ ༢༠༡༨ ༡༢ ༡༨ ཉིན་སྤེལ།། །།

83450cookie-checkགདན་ས་ཁྲི་བརྟན་ནོར་བུ་རྩེའི་གལ་ཆེའི་མཛད་རིམ་འགའ་ཡི་སྔོན་བརྡ།
(སྤྱིའི་གཟིགས་གྲངས། 53 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བསྐལ་བ་ཡ་ཐ…
error: རྩོམ་འདི་བདག་དབང་ཅན་ཡིན།