ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དུས་ཆེན་བཞི་ཡི་ངོ་སྤྲོད།

བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ནང་གི་མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་འོད་ཀྱི་རྒྱན་༡༩༡ལས།

དུས་ཁྱད་པར་ཅན་ལ་གསུམ་སྟེ།  ཐུན་མོང་གིས་འགྱུར་དང་།  ཁྱད་པར་ཀྱིས་འགྱུར་དང་།  ཡང་ཁྱད་ཀྱི་འགྱུར་རོ།  ། ཐུན་མོངས་གི་འགྱུར་ལ་བརྒྱད་སྟེ།  དང་པོའི་ཚེས་གཅིག་ལ་དགེ་བ་ཅི་བྱས་པ།  སྟོང་འགྱུར་གསུམ་དུ་འགྲོ།  བཅུ་དྲུག་ལ་སྟོང་འགྱུར་བཞི། ཉི་ཤུ་གཉིས་དང་བཅུ་བཞི་ལ་སྟོང་འགྱུར་དྲུག  ཉི་ཤུ་དགུ་ལ་སྟོང་འགྱུར་བདུན།  གནམ་གང་བཅོ་ལྔའི་ཚེས་བརྒྱད་ལ་བརྒྱད་འགྱུར་དུ་འགྲོ།  ཁྱད་པར་ནི།  ལོ་གཅིག་ལ་སངས་རྒྱས་ཀྱི་དུས་ཚོད་བཞི་སྟེ།  སྔགས་པས་དཔྱིད་ཟླ་ར་བ་རྒྱ་རྩིས་བས་འབྲིང་པོ།  ཝ་ཉ་ཆོ་འཕྲུལ་ཆེན་པོ་རྟ་ཟླ།  མེ་ཏོག་ཨུ་དུ་འབར་འདྲ་སྐྱེས་དུས།  ཆེས་གཅིག་ནས་ཉ་ཡི་བར་ལ།  བསྟན་པའི་རྒྱང་འབྲེ་བྱེད་པ་སྟེ།  ཞང་ཞུང་སྟོང་རྒྱུང་གྲོང་པའི་དུས་ཡིན་པས་འགྱུར་ཆེ།  སྔགས་པས་དཔྱིད་ཐ་ཆུང་རྒྱ་རྩིས་ཀྱིས་དབྱར་ར་བ།  མེ་ཏོག་སེང་མ་སྐྱེ་བའི་ཟླ་བ་ལ་ལྷ་དང་བདུད་བརྒྱ་འབྲེལ་བའི་དུས།  དེའི་ཚེས་བརྒྱད་ལ་སྟོན་པ་གསང་འདུས་ལྷུམ་དུ་ཞུགས་པའི་དུས་ཡིན།  ཉ་ལ་སྐུ་བལྟམ་པ་དང་།  ཉི་ཤུ་གཉིས་ལ་བཀའ་བསྒྲག་པ་དང་།  ཕྱིར་ལོ་དེ་ཡི་ཉ་ལ་སངས་རྒྱས་པ་དང་།  གནམ་སྟོང་ལ་མྱ་ངན་འདས་པ་ལྔ་ཚང་བའི་དུས་གཉན།  སྔགས་པས་དབྱར་འབྲིང་པོ།  རྒྱ་རྩིས་བས་དབྱར་ཐ་ཆུང་།  མེ་ཏོག་ཁུག་ཆོས་སྐྱེས་པའི་ཟླ་བ་ལ།  ཚེས་གཅིག་དང་བརྒྱད་ཀྱི་བཅུ་གཅིག་ལ།  འཁོར་ཕྱི་ནང་དང་འབྲེལ་པ་ལ།  གཡུང་དྲུང་བོན་གྱི་བསྒྲག་པའི་པེའུ་ཙེ་གསུམ་འཁོར་ལོ་བསྐོར་བའི་དུས་ཡིན་པས་གཉན།  སྔགས་པས་སྟོན་ཟླ་ར་བ།  རྒྱ་རྩིས་པས་འབྲིང་པོ།  རྩི་སྣོམ་མེ་ཏོག་རྒྱས་པའི་དུས་ལ།  ཉི་ཤུ་གཉིས་ཀྱིས་ཉིན་ཞག་འཕྲུག་གཅིག་ལ། སྟོན་པས་ལོག་ལྟ་བདུད་རིག་འདུལ་བའི་ཡིན་པས།  གཉན་སྟེ་།  ཡང་དག་པའི་རྫོགས་པའི་སངས་རྒྱས་ཀྱིས། དུ་ཀྱིས་ཆེན་པོ་བཞི་དེའི་ཚད་དེ་ལ། དགེ་བ་ཅི་བྱས་ཁྲི་འགྱུར་དུ་འགྲོའོ། །ཡང་ཁྱད་ནི།  སྟོན་པ་གཤེན་རབ་སྐུ་འཁྲུངས་པའི་དུས་སྟེ།  ལོ་ཤིང་པོ་བྱི་བ། ཟླ་བ་སྔགས་པའི་དགུན་ཟླ་ཐ་ཆུང་།  རྒྱ་རྩིས་པའི་དཔྱིད་ར་བ།  ཚེས་བཅོ་ལྔའོ།  སྐར་མ་རྒྱལ།  དུས་ཚོད་ནམ་ལངས་པའོ།  །སྔགས་པས་སྟོན་འབྲིང་པོ།  རྒྱས་པ་ཐ་ཆུང་གི་ཚེས་བརྒྱད་ལ།  བསྟན་པ་བཞགས་པ་དང་།  གདུང་ཚོབ་མུ་ཆོ་བྱོན་པའི་དུས་སོ། །སྔགས་པས་སྟོན་ཐ་ཆུང་རྒྱ་རྩིས་ཀྱི་རྒུན་ཟླ་ར་བའི་གནམ་སྟོང་ལ།  མྱ་ངན་འདས་པའི་དུས་སྟེ། དེ་རྣམས་ལ་དགེ་བ་ཅི་བྱས་འབུམ་དུ་འགྲོའོ། །

ཁྱུང་ཁྲི་ལྡེས་སྟེང་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་མན་ངག་གནད་ཀྱི་རྫོང་འཕྲང་ཇི་བཞིན་ཟུར་དུ་ཕྱུང་སྟེ་བརྡ་དག་གང་ཡང་བཅོས་མེད་པས་མཁྱེན་འཇག་འཚལ།།

 

36080cookie-checkདུས་ཆེན་བཞི་ཡི་ངོ་སྤྲོད།
(སྤྱིའི་གཟིགས་གྲངས། 10 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
དཔལ་ལྡན་ཁྲ…
error: རྩོམ་འདི་བདག་དབང་ཅན་ཡིན།