ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲི་མེད་གཤེན་གྱི་དཀའ་ཐུབ།

རྩོམ་པ་པོ་ཁྱུང་ཐོག་རྒོད།

རྨད་བྱུང་དྲི་མེད་རྒྱལ་བའི་བསྟན།།
ལུང་རྟོགས་རིན་ཆེན་གཏེར་གྱི་མཛོད།།
སྐྱེ་དགུའི་ཡིད་ཀྱི་དང་ག་རུ།།
འཕོས་པས་བདག་སོགས་སྐལ་པ་བཟང་།།

གང་ཞིག་བདེ་བར་གཤེགས་པ་ཡི།།
ཡང་དག་མཛད་པ་རྡུལ་གྱི་གྲངས།།
དེ་སྙེད་གཤེན་གྱིས་བསྐྱངས་པ་ལ།།
ཇི་བཞིན་བརྗོད་པའི་གྲངས་ལས་འགོང་།།

གདུལ་བྱའི་མོས་སྣང་སྣ་ཚོགས་པར།།
ཇི་ལྟར་གདམས་པ་བོན་གྱི་གཞུང་།།
གཤེན་རབ་ཐབས་ཐུགས་མ་འགགས་པས།།
འགྲོ་བློའི་དཔལ་དུ་སྤྲོས་ཤིང་བཀྱེས།།

རྣམ་དག་གཤེན་གྱི་དཀའ་ཐུབ་ཀྱི།།
མཛད་པ་དལ་བབ་རིང་མོའི་རྒྱུན།།
རྗེས་སུ་དྲན་པའི་རླབས་དཀར་གཉེར།།
དད་པའི་ཆར་གྱིས་འདི་རུ་བསྙིལ།།
དཀའ་ཐུབ་རྡུལ་ཚོནདཀྱིལ་འཁོར་ཐིག་དང་ཚོན་བཀྱེ་བ།།
བཅའ་དང་བཀོད་པའི་རིམ་པ་དག།
ཇི་ལྟར་གཞུང་ལས་གསལ་བ་བཞིན།།
སྔོན་འགྲོའི་སྟ་གོན་ཡོངས་སུ་ཚང་།།
དཀའ་ཐུབ།༢སྐྱ་རེངས་སྣང་བའི་རུ་གོང་དུ།།
ངང་མོའི་ཁྱུ་ལ་རྩེན་པ་ཡི།།
རྨད་བྱུང་སེམས་པ་རྒྱ་མཚོའི་ཚོགས།།
བདེར་གཤེགས་མཚན་ཕྱག་དབྱངས་ལ་ཕྱོགས།།

དཀའ་ཐུབ༤སྤྱོད་ལམ་གསལ་བའི་མེ་ལོང་ངོར།།
ལུས་ངག་སེམས་ཀྱི་སྣང་བརྙན་བཀོད།།
སྒོ་གསུམ་གཙང་མའི་གར་སྟབས་ཀྱི།།
རྒྱལ་བ་དགྱེས་པའི་ཚོགས་སུ་བྱས།།
དཀའ་ཐུབ་་༥དབྱིངས་ན་བཞུགས་དང་ཞལ་བསྟན་པའི།།
ཁྲི་གཙུག་གཤེན་དང་སྨྲ་བའི་སེང་།།
བརྒྱུད་པའི་དར་ཐག་མ་ཆད་པའི།།
བསླབ་བྱའི་ཞལ་གདམས་སེམས་སུ་ཕབས།།
དཀའ་ཐུབ༥དགེ་སྤྱོད་རྣམ་པར་དག་པ་ཡི།།
ཆོ་གའི་གོ་རིམས་སྒྲུབ་པ་སྟེ།།
ལྷང་ལྷང་གྲགས་པ་གཤེན་གྱི་གསུང་།།
འུར་འུར་ཀླུ་གྲུབ་རི་ནས་ལྡིར།།
དཀའ་ཐུབ།-༧༧དམར་སེར་འདུས་པ་རྒྱ་མཚོའི་ཁྱུ།།
དུ་ཏྲི་སུ་ཡི་དབྱངས་དང་ལྷན།།
གཡུང་དྲུང་གཡས་སུ་བསྐོར་བའི་ཚུལ།།
དལ་གྱིས་བསྐོར་བ་མིག་གི་དཔྱིད།།
དཀའ་ཐུབ་རསཙོད་པའོན་ཀྱང་དུས་ཀྱི་ཐུན་མཚམས་སུ།།
ཅི་སྟེ་གཡེང་བ་མ་བྱས་པར།།
དགག་སྒྲུབ་རིག་པའི་འཕྲུལ་འཁོར་ཉིད།།
རྣམ་དཔྱོད་བློ་ཡི་གྲོགས་སུ་བསྐོར།།
དཀའ་ཐུབ༩སྲོད་ལ་ཁྲུས་ཀྱིས་གཙང་བྱས་ཏེ།།
བགེག་ལ་གླུད་ཀྱི་དགའ་སྟོན་བཤམས།།
གཤེན་ལ་རྗེས་དྲན་སྨོན་ཚིག་གིས།།
ལུས་ངག་དགེ་བའི་ཕྱོགས་སུ་བཀལ།།དཀའ་ཐུབ་མར་མེའདི་ལྟའི་ལེགས་བྱས་རྨད་པོ་ཆེ།།
འཁྲུལ་མེད་གཤེན་གྱི་དཀའ་ཐུབ་ཀྱིས།།
ཡོངས་སུ་དགེ་བ་ནོར་བུ་རྩེའི།།
གནས་བསྡུས་ཚིག་གི་ཚོགས་སུ་བསྟར།།

ཇི་སྙེད་བསོད་ནམས་ཕུང་པོའི་ཚོགས།།
རི་བོའི་གཏོས་དང་ནམ་མཁའི་མཐའ།།
ཡོངས་སུ་ཟད་པ་མེད་པ་ལྟར།།
དམིགས་མེད་བློ་འདས་རྒྱ་ཡིས་བཏབས།།

གདན་ས་ཁྲི་བརྟན་ནོར་རྩེའི་གཤེན་གྱི་དཀའ་ཐུབ་ཆེན་མོའི་སྐབས་ཀྱི་གསར་གནས་དོད་དུ་ཁྱུང་ཐོག་རྒོད་ནས་༢༠༡༦། ༡༠། ༣།ཉིན་བྲིས།

(སྤྱིའི་གཟིགས་གྲངས། 41 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བསླབ་གསུམ་…
error: རྩོམ་འདི་བདག་དབང་ཅན་ཡིན།