ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཡོལ་མོ་བོན་ཚོགས་ནས་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཚེའི་ཞབས་བརྟན་བསྒྲུབས་པ།

དེ་རིང་སྤྱི་ལོ་༢༠༡༧།༠༩།༡༢།ཉིན་སྐྱབས༧རྗེ་རྒྱལ་བ་སྨན་རི་བའི་སྐུ་ཡི་བླ་གཟའ་འབྲེལ་གདན་ས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ཆེན་མོ་ཏྲེ་སྟོན་བློ་གྲོས་མཆོག་ལེགས་མཆོག་གིས་གཙོ་འགན་བཞེས་ཏེ།  ཡོལ་མོ་བོན་ཚོགས་<<གྱེར་སྤུངས་འདུས་སྡེ་>>རུ་ཡོལ་མོ་བོན་འབངས་ཡོངས་ཀྱིས་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་གི་བསྙུང་ཁམས་མྱུར་དུ་དྭངས་ཏེ། སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་ཚེ་སྒྲུབ་ཚོགས་འཁོར་དང་བར་ཆད་ལམ་སེལ། བྱམས་མའི་སྔགས་བསྟོད་སོགས་ཀྱི་ཞབས་བརྟན་གང་ཟབ་གནང་དང་གནང་བཞིན་པའི་གནས་ཚུལ་དུ་ཁྱུང་ཁྲི་ལྡེ་ནས།

གནས་ཚུལ་ཞང་ཞུང་ཉི་མའི་དྲྭ་ལམ་ནས་བླངས།

50420cookie-checkཡོལ་མོ་བོན་ཚོགས་ནས་རྒྱལ་བ་སྨན་རི་བ་མཆོག་གི་སྐུ་ཚེའི་ཞབས་བརྟན་བསྒྲུབས་པ།
(སྤྱིའི་གཟིགས་གྲངས། 3 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
ཞྭ་དཀར་གཡུ…
error: རྩོམ་འདི་བདག་དབང་ཅན་ཡིན།