ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཤིས་སྨོན་མེ་ལོང་མདངས་འབྱིན།

ཁྱུང་ཁྲི་ལྡེ།

གནའ་དེ་སྲིད་པ་དང་པོ་དུས།།
ལྷུན་པོ་གངས་ཀྱི་ཀློང་རུམ་ནས།།
རིག་པའི་གཤོག་དྲུག་རྒྱས་པ་ཡི།།
ལྷོ་ཕྱོགས་འཛམ་བུའི་ཁྱུང་ཆེན་ཞིག།

གངས་ཀྱི་ལྕགས་རི་དཀར་པོའི་ནང་།།
མཁའ་ལ་འཕུར་བའི་གཤོགས་རླབས་དང་།།
དོག་ལ་བསྐྱོད་པའི་སྤར་མོ་ཡིས།།
སྲིད་པའི་ས་ཆེན་བཟུང་དེ་མཚར།།

གནའ་དེང་རིག་པའི་དབལ་སོ་དེ།།
དུས་རབས་འགྲོས་ཀྱི་བརྡར་རྡོ་ཡིས།།
དབུ་འཕང་གྱེན་དུ་བསྒྱུར་བའི་དུས།།
འདི་རུ་གོང་གི་ངོ་མཚར་འབར།།

ཡ་ཐོག་གཤེན་གྱི་ཞབས་རྗེས་དེ།།
མེ་ལོང་བདུན་གྱི་འོད་གུར་ནང་།།
ཇི་ལྟར་བཀྲ་བའི་ངོ་མཚར་གཟུགས།།
ཆུ་བུར་མིག་གི་ལོངས་སྤྱོད་བལྟམས།།

ཁ་བའི་རྣམ་ཤེས་ཕྲ་མོ་དེ།།
སྲིད་འདིར་འགུག་པའི་ལྕགས་ཀྱུ་སྟེ།།
མིག་ལ་སྟོན་ཞིང་རྣ་ལ་བླུག།
ཡིད་ལ་བསྒོ་བའི་ཚུལ་འདི་རྨད།།

ལྟོ་རྒྱབ་དྲོས་པའི་སྐད་ཆ་དང་།།
བག་ཁྲི་ཐོག་གི་གྲོས་ཆོས་ལ།།
ཕན་ནུས་མེད་པ་ཤེས་ཐོག་ནས།།
མདུན་བསྐྱོད་སེན་གང་བྱས་པ་རྨད།།

ཕྲག་དོག་རླུང་མཁྲིས་འཁྲུག་རྐྱེན་གྱིས།།
ཚོགས་དྲུག་འཁྲུལ་པའི་སྐྱེ་བོ་དག།
བདེན་གཏམ་ཞི་བྱེད་དྲུག་པོ་འདི།།
བཞེས་དང་འབྱུང་བཞི་ཁོད་སྙོམ་ནུས།།

འདི་ལྟའི་མཛད་ཕྲིན་ཟླ་བའི་གཟུགས།།
དྭངས་བའི་མཁའ་ལ་རྒྱུ་བའི་ཚེ།།
གཤེན་བསྟན་ཀུན་ད་དཀར་པོའི་ཚལ།།
མངོན་པར་བཞད་པའི་རྒྱུ་གྱུར་ཅིག།

14030cookie-checkཤིས་སྨོན་མེ་ལོང་མདངས་འབྱིན།
(སྤྱིའི་གཟིགས་གྲངས། 30 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།