ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བལ་ཡུལ་དོན་གཅོད་ལས་ཁུངས་ནས་ཐུགས་གསོའི་འཕྲིན།

ཡིག་ཨང་།༢༦ དགོན་སྡེ། ༢༠༢༥་་་༢༠༢༦། ༦༡

༄༅། །དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་དགེ་བཤེས་འདུས་མང་ལྷན་རྒྱས་ལ། ཆེད་ཞུ།

     བོད་ཀྱི་ཆོས་རིག་བསྟན་སྲིད་སྤྱི་དང་། བྱེ་བྲག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་མཛད་རྗེས་རྨད་དུ་བྱུང་བའི་བཀའ་དྲིན་མཉམ་མེད་༧སྐྱབས་རྗེ་ཡོངས་འཛིན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱ་ཐམ་པ་བཞེས་པ་ཕྱི་ལོ་༢༠༢༥ཟླ་༦ཚེས་༡༢སྟེ་ས་ག་ཟླ་བའི་བོད་ཚེས་༡༦རེས་གཟའ་ཕུར་བུའི་སྔ་དྲོར་བལ་ཡུལ་དུ་༧སྐྱབས་རྗེ་གང་ཉིད་ཀྱིས་ཕྱག་བཏབ་པའི་དབེན་གནས་བྱེ་མ་རི་ཁྲོད་དུ་དགོངས་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པར་རང་རེ་གཞིས་བྱེས་བོད་མི་ཡོངས་ལ་གྱོང་གུན་སོགས་བློ་ཕམ་ཆེན་པོ་ཞིག་གི་གནས་སུ་ལྷུང་། དེས་ན་བོད་ཀྱི་བསྟན་སྲིད་ཆོས་རིག་དང་བཅས་པར་གུས་བརྩི་ལར་ཞེན་ཅན་རྣམས་ནས་དམ་པ་གང་གི་ཐུགས་ཀྱི་བཞེས་དགོངས་མཐའ་དག་འབད་མེད་ལྷུན་འགྲུབ་ཏུ་རྫོགས་ཤིང་། ཆོས་མཐུན་ལེགས་མཛད་བཟང་པོའི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མཆོད་འབུལ་སྨོན་ལམ་གང་ནུས་ཞུ་རྒྱུ་དང་། འདི་ག་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་ཀྱང་དགོངས་རྫོགས་མཆོད་འབུལ་གྱི་མཆོད་དོད་འབུལ་བ་དང་སྦྲགས་གཡུང་དྲུང་བོན་གྱི་རྗེས་འབྲངས་སྐྱབས་འོས་པ་སྤྱི་དང་། ལྷག་པར་དཔལ་ཁྲི་བརྟན་ནོར་བུ་རྩེའི་གཙོས་པའི་གདན་ས་ཁག་གི་མཁན་སློབ་དགེ་བཤེས་གྲྭ་བཙུན་དད་ལྡན་སློབ་ཚོགས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས།

བལ་ཡུལ་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཕྱི་ལོ་༢༠༢༥ཟླ་༦ཚེས་༡༤ལ་ཕུལ།།

(སྤྱིའི་གཟིགས་གྲངས། 82 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།