ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

བོན་དྲིས་ལན་དྲ་བའི་འཚམས་འཕྲིན།

༧མཁྱེན་དཔྱོད་ཀྱི་བློ་གྲོས་མཆོག་ཏུ་མངའ་བའི་༼མེ་ལོང་ཡེ་ཤེས་༽དྲ་བའི་རྩོམ་སྒྲིག་པ་གཙོས་འབྲེལ་ཡོད་ལྷན་རྒྱས་རྣམ་པར་གུས་གསོལ།

    དེ་ནས་རྣམ་པ་ཚོས་སྤྱིར་ཞང་བོད་ཁ་བ་རི་བའི་མེས་པོའི་ཤེས་རིག་དང་། སྒོས་སུ་བོད་གདོང་དམར་བའི་ཕ་ནོར་གཡུང་དྲུང་བོན་གྱི་གཞུང་ལུགས་དང་ལྟ་གྲུབ་རྣམས། རྒྱལ་སྤྱིའི་རིག་པའི་སྤྱི་སྟེགས་སུ་བརྗིད་པའི་མཁས་པའི་དབང་པོ་རྣམས་དང་། གཞུང་ལུགས་ཀྱི་མཚོ་མོར་འགྱིང་བའི་དམར་སེར་ངུར་སྨྲིག་གི་སྡེ་དང་། སློབ་གླིང་གི་ལྡུམ་རར་འཁྱུད་པའི་གསར་སྐྱེས་རིག་གསལ་གྱི་ཚོགས་རྣམས་ལ་དེང་རབས་ཆ་འཕྲིན་གྱི་དུས་རབས་དང་བསྟུན་ཏེ་ཁྱེད་རྣམ་པས་ངོ་སྤྲོད་གནང་སའི་དྲ་ཚིགས་ཆེན་མོ་༼མེ་ལོང་ཡེ་ཤེས་༽གསར་སྒྲུབ་གནང་བར་འདི་ག་༼བོན་གྱི་དྲིས་ལན་དྲ་མཛོད་༽ཀྱི་ཚོགས་མི་ཡོངས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་རྟེན་འབྲེལ་གྲངས་མེད་ཞུ་བཞིན་ཡོད།

     དེ་དང་ཆབས་ཅིག་ཁྱེད་རྣམ་པའི་ཐོག་མའི་དམིགས་ཡུལ་བཞིན་དྲ་ཚིགས་ཆེན་མོ་འདིས་ཞང་བོད་ཀྱི་བྱུང་བ་བརྗོད་པ་རྣམས་མ་ཤེས་པ་ལ་ངོ་སྤྲོད་དང་། བརྗེད་ངན་དུ་སོང་བ་རྣམས་ལ་གསལ་གདབ་སོགས་ཀྱི་ཕན་པ་རླབས་ཆེན་འབྱུང་བར་གདོན་མི་ཟ་བས་དེ་ལུགས་དུས་དང་བསྟུན་ཏེ་འཛིན་སྐྱོང་གང་འགབ་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས།

བཀྲ་གསལ་ཞང་བོད་སླས་ཞིའི་ངོས་སུ་དེང་རབས་གསར་པའི་ཤེས་ཡོན་ལེགས། །
ཤིས་བརྗོད་སྨར་ཚིག་དགུང་དུ་སྨྲང་བས་ཚེ་ཡི་རིན་ཐང་ཀུན་ཏུ་བདེ། །
བདེ་འབྱིན་གྱེར་བསྟན་མཐའ་ནས་དར་བའི་ལྟས་བཟང་ནུབ་ཕྱོགས་དབུས་ན་ཤིས། །
ལེགས་ཚོགས་ཏིང་ཞིའི་མེ་ལོང་འོད་ཀྱིས་དུས་རབས་ཤིག་གི་སྒྲོན་མེར་བཀྲ། །

ཞེས་ཤིས་བརྗོད་བཀྲིས་པའི་གཡས་སྐོར་ཚིག་གིས་མཐའ་བརྒྱན་ཏེ་༼  བོན་གྱི་དྲིས་ལན་དྲ་མཛོད་  ༽  ཀྱི་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༥ ཉིན་ཕུལ།

(སྤྱིའི་གཟིགས་གྲངས། 101 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
མེ་ལོང་ཡེ་…
error: རྩོམ་འདི་བདག་དབང་ཅན་ཡིན།