ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཁྱེན་གསོལ་རྣམ་དག

མཁའ་འགྱིང་ལ་སོགས་ཏེ།  དབང་གི་ལྷ་ཚོགས་ཐུགས་དམ་བསྐང་།  དབལ་གསས་རྔམ་པ་ལ་སོགས་ཏེ།  དྲག་པོའི་ལྷ་ཚོགས་ཐུགས་དམ་བསྐང་།  འབྲུག་གསས་ཆེམ་པ་ལ་སོགས་ཏེ།  དབལ་ཕུར་ལྷ་ཚོགས་ཐུགས་དམ་བསྐང་།  མགོན་པོ་རྣམ་གསུམ་ལ་སོགས་ཏེ།  གེ་ཁོད་ལྷ་ཚོགས་ཐུགས་དམ་བསྐང་།  གསང་མཆོག་མཐར་ཐུག་ལ་སོགས་ཏེ།  མ་རྒྱུད་ལྷ་ཚོགས་ཐུགས་དམ་བསྐང་།  ཆེ་མཆོག་མཁའ་འགྱིང་ལ་སོགས་ཏེ།  རོལ་པའི་ལྷ་ཚོགས་ཐུགས་དམ་བསྐང་། གཡུ་འབྲང་ཕྱུག་མོ་ལ་སོགས་ཏེ།  བདུད་རྩིའི་ལྷ་ཚོགས་ཐུགས་དམ་བསྐང་།  རགྴ་དབུ་འབུམ་ལ་སོགས་ཏེ།  སྤྱི་འདུལ་ལྷ་ཚོགས་ཐུགས་དམ་བསྐང་།  སྟག་ལ་མེ་འབར་ལ་སོགས་ཏེ།  སྤུ་གྲིའི་ལྷ་ཚོགས་ཐུགས་དམ་བསྐང་།  ཁོད་སྤུངས་དྲན་པ་ལ་སོགས་ཏེ།  དཔོན་གསས་རིག་འཛིན་ཐུགས་དམ་བསྐང་།  བསྐལ་པ་བཟང་མོ་ལ་སོགས་ཏེ།  མ་སྲིང་མཁའ་འགྲོའི་ཐུགས་དམ་བསྐང་།  ཚེ་དབང་རིག་འཛིན་ལ་སོགས་ཏེ།  དཔའ་བོ་གྲུབ་ཐོབ་ཐུགས་དམ་བསྐང་།  ཐུགས་རྗེ་ཀུན་གྲོལ་ལ་སོགས་ཏེ།  དཔའ་མོ་རྒོད་ལྕམ་ཐུགས་དམ་བསྐང་། ཕྱི་ནང་ལྷ་ཚོགས་བྱིན་རླབས་ཅན།  མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབས།  ཕྱི་ནང་གསང་བའི་བར་ཆད་སོལ།  ཞི་རྒྱས་དབང་དྲག་དངོས་གྲུབ་སྩོལ།  གཞན་ཡང་ཐུགས་དམ་བསྐང་པ་ནི།  བོན་སྐྱོང་སྲུང་མའི་ཐུགས་དམ་བསྐང་།  སྲིད་པའི་རྒྱལ་མོ་ལ་སོགས་ཏེ། བསྟན་སྲུང་གཏེར་བདག་ཐུགས་དམ་བསྐང་།  ལྷ་མོ་མདངས་ལྡན་ལ་སོགས་ཏེ།  དུས་དྲུག་མ་མོའི་ཐུགས་དམ་བསྐང་།  དཀར་མོ་སྲིད་རྒྱལ་ལ་སོགས་ཏེ།  བྱ་རའི་མ་ཚོགས་ཐུགས་དམ་བསྐང་།  གཉན་རྗེ་གོང་སྔོན་ལ་སོགས་ཏེ།  ཆེ་བ་གཉན་ཁམས་ཐུགས་དམ་བསྐང་།  འབྱམས་པ་ཁྲག་མགོ་ལ་སོགས་ཏེ།  དྲག་རྩལ་བདུད་ཁམས་ཐུགས་དམ་བསྐང་། ཆེ་བཙན་དམག་དཔོན་ལ་སོགས་ཏེ།  མགྱོགས་པ་བཙན་ཁམས་ཐུགས་དམ་བསྐང་།  མ་བདུད་སྲིད་རྒྱལ་ལ་སོགས་ཏེ།  ཡུམ་སྲས་སྡེ་ལྔའི་ཐུགས་དམ་བསྐང་།  སྒྲ་བླའི་རྒྱལ་མོ་ལ་སོགས་ཏེ།  སྦོད་སྟོང་མ་མོའི་ཐུགས་དམ་བསྐང་།  ཉི་པང་སད་ཝེར་ལ་སོགས་ཏེ།  རྒྱལ་པོའི་སྡེ་ཚོགས་ཐུགས་དམ་བསྐང་།  སྐྱེས་བུ་ཆེན་པོ་ལ་སོགས་ཏེ།  ཕོ་ཉ་ཚོང་དཔོན་ཐུགས་དམ་བསྐང་།  མ་ལྟར་བྱམས་པའི་ཐུགས་དམ་བསྐང་།  སྲིང་ལྟར་གདུང་བའི་ཐུགས་དམ་བསྐང་།  གྲོགས་ལྟར་བརྩེ་བའི་ཐུགས་དམ་བསྐང་།  བོན་སྐྱོང་སྲུང་མ་མཐུ་རྩལ་ཅན། བསྟན་པ་བོན་གྱི་རྒྱལ་མཚན་ཕྱོར།  སྡང་དགྲ་གནོད་བགེགས་བརླག་པར་མཛོད།  ཚེ་དབང་མཐུ་རྩལ་དངོས་གྲུབ་སྩོལ།  གཞན་ཡང་ཐུགས་དམ་བསྐང་བ་ནི།  འཇིག་རྟེན་དཔལ་མགོན་ཐུགས་དམ་བསྐང་།  ལྷ་དབང་བརྒྱ་བྱིན་ལ་སོགས་ཏེ།  ལྷ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་།  གཙུག་ན་རིན་ཆེན་ལ་སོགས་ཏེ། ཀླུ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་།  ཁྱབ་འཇུག་ཆེན་པོ་ལ་སོགས་ཏེ།  གཟའ་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་།  ལྷ་སྲས་ཉི་ཟླ་ལ་སོགས་ཏེ།  ཕྱོགས་སྐྱོང་བཅུ་ཡི་ཐུགས་དམ་བསྐང་།  ཤེལ་དཀར་ཐོད་རྡིང་ལ་སོགས་ཏེ།  རྒྱལ་ཆེན་བཞི་ཡི་ཐུགས་དམ་བསྐང་།  ནོར་བཟང་གང་བཟང་ལ་སོགས་ཏེ། གནོད་སྦྱིན་ནོར་བདག་ཐུགས་དམ་བསྐང་།  སྨིན་དྲུག་སྣར་མ་ལ་སོགས་ཏེ།  གཟའ་དང་རྒྱུ་སྐར་ཐུགས་དམ་བསྐང་།  འཇིག་རྟེན་དཔལ་མགོན་རྫུ་འཕྲུལ་ཅན།  དཀར་པོ་དགེ་བའི་སྡོང་གྲོགས་མཛོད་།  བསོད་ནམས་ལོངས་སྤྱོད་རྒྱས་པར་སྤེལ།  བཀྲ་ཤིས་བདེ་སྐྱིད་དངོས་གྲུབ་སྩོལ། གཞན་ཡང་ཐུགས་དམ་བསྐང་བ་ནི།  ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། ཚངས་པ་ཆེན་པོ་ལ་སོགས་ཏེ།  ལྷ་ཡི་སྡེ་ཚོགས་ཐུགས་དམ་བསྐང་།  ཐང་བཟང་རིང་སྐྱེས་ལ་སོགས་ཏེ།  ལྷ་མིན་སྡེ་ཚོགས་ཐུགས་དམ་བསྐང་།  རི་སྟེ་མགོ་ཉག་ལ་སོགས་ཏེ། བདུད་ཀྱི་སྡེ་ཚོགས་ཐུགས་དམ་བསྐང་།  གབ་པ་ལི་ཏོར་ལ་སོགས་ཏེ།  དམུ་ཡི་སྡེ་ཚོགས་ཐུགས་དམ་བསྐང་།  སྐྱ་ཏྲང་ཆེན་པོ་ལ་སོགས་ཏེ།  རྒྱལ་པོའི་སྡེ་ཚོགས་ཐུགས་དམ་བསྐང་། མཁའ་ལྡིང་རྒྱལ་པོ་ལ་སོགས་ཏེ།  དྲི་ཟའི་སྡེ་ཚོགས་ཐུགས་དམ་བསྐང་།  ཏྲང་རུམ་རྗེ་བོ་ལ་སོགས་ཏེ།  གནོད་སྦྱིན་སྡེ་ཚོགས་ཐུགས་དམ་བསྐང་།  བྱིན་ན་ཡ་ག་ལ་སོགས་ཏེ། བགེགས་ཀྱི་སྡེ་ཚོགས་ཐུགས་དམ་བསྐང་།  སྤར་བ་དུང་མགོ་ལ་སོགས་ཏེ།  གཉན་གྱི་སྡེ་ཚོགས་ཐུགས་དམ་བསྐང་།  རྒྱལ་བ་བྱིན་ཆགས་ལ་སོགས་ཏེ།  ཀླུ་ཡི་སྡེ་ཚོགས་ཐུགས་དམ་བསྐང་།  ཙང་ཙང་འཁོར་བ་ལ་སོགས་ཏེ།  ས་བདག་སྡེ་ཚོགས་ཐུགས་དམ་བསྐང་།  ལྷ་སྲིན་སྡེ་བརྒྱད་ཐ་ཚིག་ཅན།  སྔོན་གྱི་ཐ་ཚིག་མ་འདའ་བར།  གནོད་པའི་ཡིད་དང་བྲལ་ནས་ཀྱང་།  སྐྱོབས་པའི་སེམས་དང་ལྡན་པར་མཛོད་།  གཞན་ཡང་ཐུགས་དམ་བསྐང་བ་ནི་།  ཡུལ་ས་གཞི་བདག་ཐུགས་དམ་བསྐང་།  རྨ་གཉན་པོམ་ར་ལ་སོགས་ཏེ།  ལྷ་འཁོར་འབུམ་གྱི་ཐུགས་དམ་བསྐང་།  ཐང་ལྷ་ཡར་ཞུགས་ལ་སོགས་ཏེ།  མགུར་ལྷ་བཅུ་གསུམ་ཐུགས་དམ་བསྐང་།  ཤ་མེད་གངས་དཀར་ལ་སོགས་ཏེ།  འཇིག་རྟེན་སྨན་བཙུན་ཐུགས་དམ་བསྐང་།  ནམ་མཁའི་དབྱིངས་ན་གནས་པ་ཡི།  ལྷ་ཡི་སྡེ་ཚོགས་ཐུགས་དམ་བསྐང་། བར་སྣང་ཁམས་ལ་གནས་པ་ཡི།  གཉན་གྱི་སྡེ་ཚོགས་ཐུགས་དམ་བསྐང་།  ས་གཞིའི་ཁམས་ལ་གནས་པ་ཡི།  ས་བདག་སྡེ་ཚོགས་ཐུགས་དམ་བསྐང་།  རྒྱ་མཚོའི་ཀློང་ལ་གནས་པ་ཡི།  ཀླུ་ཡི་སྡེ་ཚོགས་ཐུགས་དམ་བསྐང་།  ཡུལ་ཁམས་འདི་ལ་མངའ་མཛད་པའི།  ཡུལ་ས་ལྕམ་དྲལ་ཐུགས་དམ་བསྐང་།  ཡུལ་ས་གཞི་བདག་དྲག་རྩལ་ཅན།  གནས་མགྲོན་ཐ་ཚིག་གཉན་པོ་སྲུངས།  བསྙེན་སྒྲུབ་ལས་སྦྱོར་མྱུར་བར་མཛོད་།  བསམ་དོན་འགྲུབ་པའི་དངོས་གྲུབ་སྩོལ།  གཞན་ཡང་ཐུགས་དམ་བསྐང་བ་ནི།  རིགས་དྲུག་སེམས་ཅན་ཐུགས་དམ་བསྐང་།  ལྷ་ཡི་སྡེ་རིགས་ཐུགས་དམ་བསྐང་།  ཕམ་ལྟུང་སྡུག་བསྔལ་ཞི་བར་ཤོག།  ལྷ་མིན་སྡེ་ཚོགས་ཐུགས་དམ་བསྐང་།  འཐབ་རྩོད་སྡུག་བསྔལ་ཞི་བར་ཤོག།  མི་ཡི་སྡེ་རིགས་ཐུགས་དམ་བསྐང་།  འཕོ་འགྱུར་སྡུག་བསྔལ་ཞི་བར་ཤོག།  བྱོལ་སོང་སྡེ་རིགས་ཐུགས་དམ་བསྐང་།  གླེན་ལྐུགས་སྡུག་བསྔལ་ཞི་བར་ཤོག།  ཡི་དྭགས་སྡེ་རིགས་ཐུགས་དམ་བསྐང་།  བཀྲེས་སྐོམ་སྡུག་བསྔལ་ཞི་བར་ཤོག།  དམྱལ་བའི་སྡེ་རིགས་ཐུགས་དམ་

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)
Pages: 1 2 3

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བསང་གི་དག་…
error: རྩོམ་འདི་བདག་དབང་ཅན་ཡིན།