ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཁྱེན་གསོལ་རྣམ་དག

བསྐང་། ཚ་གྲང་སྡུག་བསྔལ་ཞི་བར་ཤོག།  དེ་དག་མྱུར་དུ་ཞི་ནས་ཀྱང་།  དལ་འབྱོར་ཕུན་ཚོགས་ཀུན་ལྡན་ནས།  མཐོ་རིས་ཐར་པའི་ལམ་ཕྱེད་ཅིང་།  བདེ་ཆེན་བྱང་ཆུབ་མྱུར་ཐོབ་ཤོག། བསྭོ་བསྐང་ངོ་ལྷ་ཚོགས་ཐུགས་དམ་བསྐང་།  བསླབ་གསུམ་དག་པས་ཐུགས་དམ་བསྐང་། སྤྱི་ཡི་ཆག་ཉམས་བསྐང་གྱུར་ཅིག།  ཐོས་བསམ་སྒོམ་པས་ཐུགས་དམ་བསྐང་།  ལྷག་པའི་ཆག་ཉམས་བསྐང་གྱུར་ཅིག།  འཆད་རྩོད་རྩོམ་པས་ཐུགས་དམ་བསྐང་།  ཁྱད་པར་ཆག་ཉམས་བསྐང་གྱུར་ཅིག།  བསྐྱེད་རྫོགས་ཟུང་འཇུག་ཐུགས་དམ་བསྐང་།  རྩ་བའི་ཆག་ཉམས་བསྐང་གྱུར་ཅིག།  བསྙེན་སྒྲུབ་ལས་སྦྱོར་ཐུགས་དམ་བསྐང་།  ཡན་ལག་ཆག་ཉམས་བསྐང་གྱུར་ཅིག།  རྣམ་བརྒྱད་འདོད་ཡོན་ཐུགས་དམ་བསྐང་།  ཉིང་ལག་ཆག་ཉམས་བསྐང་གྱུར་ཅིག།  འབན་བཤོས་གཏོར་མས་ཐུགས་དམ་བསྐང་།  ལོ་མའི་ཆག་ཉམས་བསྐང་གྱུར་ཅིག།  ཤ་ཁྲག་རུས་པས་ཐུགས་དམ་བསྐང་།  གསང་བའི་ཆག་ཉམས་བསྐང་གྱུར་ཅིག།  བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་།  བསྒྱུར་བའི་ཆག་ཉམས་བསྐང་གྱུར་ཅིག།  འཕྲོ་འདུ་འཛབ་ཀྱིས་ཐུགས་དམ་བསྐང་།  སྤྱོད་པའི་ཆག་ཉམས་བསྐང་གྱུར་ཅིག།  ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་།  མི་འདའི་ཆག་ཉམས་བསྐང་གྱུར་ཅིག།  སྦྱོར་སྒྲོལ་ཟབ་མོས་ཐུགས་དམ་བསྐང་།  སྤངས་པའི་ཆག་ཉམས་བསྐང་གྱུར་ཅིག། ཕྱག་རྒྱ་བརྡའ་ཡིས་ཐུགས་དམ་བསྐང་།  ལུས་ཀྱི་ཆག་ཉམས་བསྐང་གྱུར་ཅིག།  སྙིང་པོ་དབྱངས་ཀྱིས་ཐུགས་དམ་བསྐང་།  ངག་གི་ཆག་ཉམས་བསྐང་གྱུར་ཅིག།  ཏིང་འཛིན་དགོངས་པས་ཐུགས་དམ་བསྐང་།  ཡིད་ཀྱི་ཆག་ཉམས་བསྐང་གྱུར་ཅིག།  ཉམས་པ་ཐམས་ཅད་གནོང་བས་མཐོལ།  ཆག་པ་ཐམས་ཅད་འགྱོད་པས་བཤགས།  འགལ་འཁྲུལ་ཐམས་ཅད་མཆོད་པས་བསྐངས།  བྱང་དག་མཆོག་གི་དངོས་གྲུབ་སྩོལ།  བསྭོ་བསྐང་ངོ་ལྷ་སྲུང་ཐུགས་དམ་བསྐང་།  བཤགས་སོ་བདག་གི་སྡིག་སྒྲིབ་བཤགས།  ལྟ་བ་ལོག་པ་བསྐང་ངོ་བཤགས།  སྒོམ་པ་གོལ་བ་བསྐང་ངོ་བཤགས།  སྤྱོད་པ་རྩིང་བ་བསྐང་ངོ་བཤགས།  དམ་ཚིག་ཆག་ཉམས་བསྐང་ངོ་བཤགས།  ཕྲིན་ལས་ནོར་འཁྲུལ་བསྐང་ངོ་བཤགས།  གསང་སྒོམ་འཆལ་བ་བསྐང་ངོ་བཤགས།  ཟབ་དོན་ཁྲོམ་བཤད་བསྐང་ངོ་བཤགས།  བཏང་བཞག་ཚད་ནོར་བསྐང་ངོ་བཤགས།  བཟླས་བརྗོད་དུས་ཆག་བསྐང་ངོ་བཤགས།  བསྙེན་སྒྲུབ་དུས་ཡོལ་བསྐང་ངོ་བཤགས།  མཆོད་པ་དུས་འདས་བསྐང་ངོ་བཤགས།  ཉམས་དང་ཚོགས་འདྲེས་བསྐང་ངོ་བཤགས།  ཉམས་ཀྱི་ཟས་ཟོས་བསྐང་ངོ་བཤགས།  ཉམས་ཀྱི་ཆུ་འཐུང་བསྐང་ངོ་བཤགས།  རྒྱུ་ཆུང་ཕུད་ཉམས་བསྐང་ངོ་བཤགས།  ལེ་ལོའི་དབང་གྱུར་བསྐང་ངོ་བཤགས།  དུག་ལྔའི་དབང་གྱུར་བསྐང་ངོ་བཤགས།  ཐེ་ཚོམ་དབང་གྱུར་བསྐང་ངོ་བཤགས།  གྲོགས་ངན་དབང་གྱུར་བསྐང་ངོ་བཤགས།  ཟས་ངན་དབང་གྱུར་བསྐང་ངོ་བཤགས།  གནས་ངན་དབང་གྱུར་བསྐང་ངོ་བཤགས།  བསྐང་བས་བྱང་ལ་བཤགས་པས་དག།  བྱང་དག་ཚངས་པའི་དངོས་གྲུབ་སྩོལ།  མི་འགྱུར་སྐུ་དང་མི་འགག་གསུང་།  མི་འཁྲུལ་ཐུགས་ཀྱི་དངོས་གྲུབ་སྩོལ།  བཙན་ཕྱུག་འཕན་དར་ལོངས་སྤྱོད་ཚེ།  མཐུ་རྩལ་དབང་གི་དངོས་གྲུབ་སྩོལ།  བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་དང་།  ཐེག་ཆེན་མཆོག་གི་དངོས་གྲུབ་སྩོལ།  སྒྲུབ་གཤེན་བདག་ཅག་འཁོར་བཅས་ལ།  བདུད་གཡོས་ཆུད་ལངས་བཙན་འདྲོལ་དང་།  བོན་ཟོར་ཆོས་ཟོར་མུ་སྟེགས་བྱད།  ལོ་ཀེག་ཟླ་ཀེག་ཞག་ཀེག་དང་། རྨི་ལམ་མཚན་སྡིག་པྲ་ལྟས་རྩུབ།  ལྟས་ངན་དགྲ་ཐན་བཅས་པ་དང་།  དགྲ་རྐུན་དར་དང་ནད་ཡམས་གཡོས།  གཟའ་དང་རྒྱུ་སྐར་དལ་ཟེར་དང་།  སྡེ་བརྒྱད་གདུག་པའི་ཟ་རེས་སོགས།  མི་མཐུན་ལོག་པའི་བར་ཆད་རྣམས།  མཁའ་ལ་བཟློག་ཅིང་དབྱིངས་སུ་བསྒྱུར།  ཀློང་དུ་བསྟིམ་པའི་ཕྲིན་ལས་མཛོད།  བོན་གྱི་བསྟན་པ་བཤིགས་པའི་དགྲ། གཤེན་རབ་དབུ་འཕང་སྨད་པའི་གཤེད།  རྔ་ཐོགས་དཀོར་ལ་འབག་པའི་འདྲེ།  ཟབ་མོའི་དམ་ལ་ལྡོག་པའི་སྲི།  སྒྲུབ་གཤེན་བདག་ལ་སྡང་བ་དང་།  ཚེ་ནོར་དཀོར་ལ་གནོད་པ་ཡི། སྡང་དགྲ་གནོད་བགེགས་ཐམས་ཅད་ལ།  ཡེ་ཤེས་ལྷ་ཡིས་བཀའ་ཆད་ཕོབས།  དམ་ཅན་སྲུང་མས་དབུ་གཡོག་ཐོངས།  ལྷ་སྲིན་དྲེགས་པས་བྱོལ་ཟོར་ཕོབས།  དབང་དུ་བསྡུས་ལ་རྡུལ་དུ་རློགས།  རིངས་པར་ཁུག་ལ་མྱུར་དུ་སྒྲོལ།  ཕྲིན་ལས་ཅི་ལྟར་བཅོལ་བ་བཞིན། རིག་འཛིན་ཐུགས་རྗེ་མ་ཆུང་ལ།  རྒྱལ་བའི་བྱིན་རླབས་མ་ཞན་ཅིག།  མ་སྲིང་མཐུ་རྩལ་མ་ཆུང་ཞིག།  དམ་ཅན་དམ་ལ་མ་འདའ་བར།  བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། དེ་ལྟར་ཉམས་ཆག་སྐོང་བའི་མཁྱེན་གསོལ་ནི།  ལྷ་སྲུང་ཡོན་ཏན་དྲན་པའི་བློ་ཡིས་བསྐུལ།  སྐྱོན་སྒྲིབ་འགལ་རྐྱེན་སེལ་ཕྱིར་མཉེས་པར་བྱ།  འགལ་འཁྲུལ་མཆིས་ན་ལྷ་སྲུང་གཉན་ལ་བཤགས།  དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག།  ཅེས་པ་འདི་ནི་ལྷ་སྲུང་མཉེས་ཤིང་བར་ཆད་ཞི་བའི་ཆེད་དུ་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་སྦྱར་བ་དགེའོ།།

                                                                                                ༼ཁྱུང་ཁྲི་ལྡེ་ནས་མཐུན་སྦྱོར་ཞུས།༽

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)
Pages: 1 2 3

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བསང་གི་དག་…
error: རྩོམ་འདི་བདག་དབང་ཅན་ཡིན།