ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་བཀའ་དབང་ཟབ་མོ་བསྩལ་གནང་བ།

སྐྱབས་མཆོག་བད་ེབར་གཤེགས་པའི་གདུང་མཆོད་ཁག་མཇུག་ཡོངས་སུ་གྲུབ་པའི་མཚམས་འདིར། ས་གནས་འདིར་གནས་བསྡོད་མཁན་རྣམ་པ་དང་ད་ལན་ས་ཐག་ཉེ་རིང་གང་ས་ནས་རང་དགོན་དུ་ཕེབས་པའི་བོན་གྱི་དད་ལྡན་དུ་མ་ཞིག་འདུ་འཛོམས་བྱུང་ཡོད་པ་འདི་དང་སྟབས་བསྟུན། དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་གྲྭ་ཚང་ནས་གོ་སྒྲིག་ཞུས་ཏེ། ཕྱི་ལོ་༢༠༢༥ལོའི་ཟླ་བ་༨པའི་ཚེས་༡༠དང་བོད་ཟླ་༦པའི་ཚེས་༡༦ཉིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་ནས་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་བཀའ་དབང་ཟབ་མོ་བསྩལ་གནང་མཛད།

ད་ེཡང་ཞོགས་པ་ཕྱག་ཚོད་༩པའི་ཐོག་རྒྱལ་བསྟན་གཟི་བརྗིད་འོད་འབར་གཙུག་ལག་ཁང་དུ་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་མཁན་ཆེན་ལུང་རྟོགས་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གི་གཙོས་གདན་ས་གཉིས་ཀྱི་མཁན་སློབ་རྣམ་པ་དབུས་པའི་གྲྭ་བཙུན་རྣམ་པ་དང་། དེ་བཞིན་ཕྱོགས་མཐའ་ཁག་གི་སེར་སྐྱ་མི་མང་ཡོངས་སུ་འཛོམས་ཐོག་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་ནས་དབང་དོན་འགྲེལ་བཤད་མདོར་བསྡུས་རེ་གསུངས་གནང་བ་རྣམས་༧སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་ནས་དབྱིན་སྐད་ཐོག་གསུང་བསྒྱུར་གནང་མཛད་བཞིན་མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་བཀའ་དབང་ཟབ་མོ་དེ་ཉིད་ཟབ་རྒྱས་ཀྱི་ངང་ནས་བསྩལ་གནང་མཛད།

བཀའ་དབང་ཟབ་མོ་འདི་དང་འབྲེལ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་མཆོག་ནས་བོན་འབངས་ཡོངས་ལ་དམིགས་བསལ་གྱི་བཀའ་སློབ་ཟབ་རྒྱས་དང་། ལྷག་དོན་དུ་གྲྭ་ཚང་ནས་འདུས་མང་ལ་ཟུར་དུ་བཀའ་སློབ་གསུང་གནང་རྒྱུའི་གསོལ་འདེབས་ཞུས་པ་ལྟར་ད་ལན་དབང་དང་ལྷན་འདུས་མང་ལ་དམིགས་བསལ་གྱི་བཀའ་སློབ་བསྩལ་གནང་མཛད་པ་བཅས་གནས་ཚུལ་མདོར་བསྡུས་སུ་ཚུལ་ཁྲིམས་དྲི་མེད་ནས།

པར་པ་ཁྱུང་ཐོག་རྒོད།

(སྤྱིའི་གཟིགས་གྲངས། 262 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།