ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྒྲ་རྒྱན་ལས་འཕྲོས་པའི་དཔྱད་གླེང་། ༼སྨད་ཆ།༽

༤སྲོལ་རྒྱུན་དང་མེ་ལུགས་ཀྱི་སྒྲ་རྒྱན་བར་གྱི་ཁྱད་པར་གླེང་བ།

    མེ་ལུགས་ཀྱི་སྒྲ་རྒྱན་ལ་གོང་དུ་ཞུས་པ་ལྟར་ཟུང་ལྡན་དང་བྱ་དཀའ་བ་གཉིས་སུ་ཡོད་ཀྱང་གནའ་བོའི་གཏོ་དང་མདོས་དེ་དག་གི་ནང་ནས་ཟུང་ལྡན་གྱི་རྒྱན་ལས་བྱ་དཀའ་བའི་རྒྱན་ཡོད་པ་ཁོ་བོས་མ་མཐོང་།འོན་ཀྱང་ཁོ་བོས་མ་མཐོང་པ་ཙམ་ལས་མེད་ཅེས་ཐག་གཅོད་ག་ལ་ཐུབ།

   ཟུང་ལྡན་གྱི་རྒྱན་དེ་རྣམས་ལ་ཞིབ་ཏུ་དཔྱད་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་སྙན་ངག་གི་ཉམས་དང་ལྡན་ཞིང་མེ་ལུགས་ཀྱི་སྒྲ་རྒྱན་དང་མི་མཚུངས་པའི་ཁྱད་བོན་དུ་མ་ཞིག་ལྷག་ལྷག་ཏུ་མངོན་བཞིན་འདུགདཔེར་ན། <<ཉེ་ལམ་སྡེ་བཞིའི་ས་བདག་བཅོས་པའི་མདོ་>>ལས། ཡིད་འོང་བཀྲ་གསལ་གཞལ་ཡས་དམ་པ་འདིར། །ས་བདག་སྡེ་ཚོགས་མ་ལུས་བཞུགས་པ་ལ། །མཆོད་པ་རྒྱ་ཆེན་ཡོངས་སུ་འབུལ་བ་ནི། །ཡིད་འོང་མཛེས་སྡུག་དཀྱིལ་འཁོར་བཀྲ་ལམ་ལམ། །དར་གྱི་གདུགས་གུར་འོད་ལམ་ལམ། །མདའ་དར་རྒྱལ་མཚན་ལྷུབས་སེ་ལྷུབ། །མེ་ལོང་སྣ་ཚོགས་འོད་དང་ལྷགས་སེ་ལྷག །ཤོག་ཤོག་དོང་རྩེ་བཀྲ་དང་ལྷང་ངེ་ལྷང་། །རྩི་ཤིང་ངད་བསུང་སང་ངེ་སང་། །དར་མཚོན་བལ་ཚོན་ལྷུབས་སེ་ལྷུབ། །རྨ་བྱ་མདང་གསལ་མ་ལ་ལ། །མར་མེ་འོད་གསལ་ཡ་ལ་ལ། །དྲི་བསུང་སྤོས་མེ་ས་ལ་ལ། །གཙང་མའི་ཚན་ཆབ་འུ་རུ་རུ། །ཞལ་ཟས་རོ་མཆོག་མེ་རེ་རེ། །མེ་ཏོག་བཀྲ་གསལ་ལྷངས་སེ་ལྷང་། །འོ་མའི་རྒྱ་མཚོ་མེ་རེ་རེ། །འདབ་ཆགས་སྐད་སྙན་སངས་སེ་སང་། །རི་དྭགས་སྤུ་སྡུག་ཧྲངས་སེ་ཧྲང་། །གཅན་གཟན་རིས་བཀྲ་ཁྱུགས་སེ་ཁྱུག །གཡུང་དྭགས་འགྲོ་སྡུག་ཕྱུ་རུ་རུ། །ལྟོ་འགྲོས་རྐྱལ་དང་ཤ་ར་ར། །རང་རྟགས་ཕྱག་རྒྱ་ཀྲགས་སེ་ཀྲག །སྒྲ་སྙན་སྣ་ཚོགས་ལྷངས་སེ་ལྷང་། །རིན་ཆེན་སྣ་ལྔའི་གཏེར་དང་བོང་ངེ་བོང་། །དཀར་གསུམ་མངར་གསུམ་དྲི་བདའ་ཐིབས་སེ་ཐིབ། །སྨན་ཚོགས་མཆོད་པ་ཏུ་ལུ་ལུ། །རྒྱན་ལྡན་མཆོད་པ་ལྷུབས་སེ་ལྷུབ། །འབྲུ་སྣ་བཅུད་ལྡན་བོང་ངེ་བོང་། །འདི་ལྟར་མཆོད་པའི་ཡོན་ཏན་སྣ་ཚོགས་ནི། །འཛམ་གླིང་གཞལ་ཡས་ལྷ་ཡི་ཕོ་བྲང་ཀུན། །རིན་ཆེན་གཏེར་གྱི་གང་བར་འབུལ་ལགས་ཀྱིས། །དགྱེས་པའི་ཚུལ་གྱིས་ཞལ་ནས་འཛུམ་ཕྱུང་ལ། །ཐུགས་རྗེས་བྱིན་གྱིས་བརླབས་ལ་བཞེས་སུ་གསོལ། །ཞེས་པ་འདི་ནི་ཟུང་ལྡན་གྱི་རྒྱན་ཡིན་པ་སྨོས་ཅི་དགོས། འདི་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་སྒྲ་རྒྱན་ཞིག་ཡིན་པས། འདིའི་ནང་གི་ཚིག་གི་སྦྱོར་སྟངས་དང་སྒྲ་རྒྱན་གྱི་རྣམ་པ་མཚོན་སྟངས་སོགས་ལ་དཔྱད་ན་མེ་ལུགས་ཀྱི་སྒྲ་རྒྱན་དང་ཁྱོན་ནས་མི་འདྲ་བ་ཞིག་ཡོད་པ་ང་ཚོས་གསལ་པོར་མཐོང་ཐུབ་པ་ཡིན་ལ། འདི་དང་འདི་ལྟ་བུའི་སྲོལ་རྒྱུན་གྱི་སྒྲ་རྒྱན་དུ་མ་ཞིག་བཀླགས་པ་ཙམ་གྱིས་ཀྱང་ཕལ་ཆེར་མེ་ལུགས་ཀྱི་སྒྲ་རྒྱན་དང་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ཤེས་ཐུབ་པས། དེ་ནི་ནང་གི་ཚིག་སྦྱོར་སྤེལ་སྟངས་སམ་ཡང་ན་སྒྲ་རྒྱན་གྱི་འགྲོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་ལོས་ཡིན་སྙམ།

(སྤྱིའི་གཟིགས་གྲངས། 250 དེ་རིང་། 1)
Pages: 1 2 3 4 5 6

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།