ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རབ་གནས་ལྕགས་གླང་ལོ་གསར་འཚམ་འཕྲིན།

༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་གསུང་ཕྲིན་སྒྲ་ཕབ།

ངས་དེ་རིང་ལྕགས་གླང་གནམ་ལོ་གསར་ཚེས་ཀྱི་ལོ་གསར་ཡིན་དུས་བོད་རིགས་སྤུན་ཟླ་ཐམས་ཅད་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱད་པར་དུ་གཡུང་དྲུང་བོན་དང་འབྲེལ་བ་ཡོད་པའི་དམ་ཚིག་མཐུན་པའི་མི་རིགས་སུ་དང་གང་ཡིན་པ་ཐམས་ཅད་ལ་ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞུ་དགོས་རེད། ཡིན་ན་ལོ་ཡི་དབང་དུ་བྱས་ན་འདྲ་མི་འདྲ་ཤ་ཚ་ཡོད་རེད། མདོ་རྒྱུད་དང་མཐུན་པ་བྱས་པ་ལོ་སྔ་མ་རྫོགས་ཚར་རེད། སྤྱིར་བཏང་རྒྱལ་ཁབ་ཀྱི་འགྲོ་ལུགས་འགྲོ་སྟངས་བྱས་ན་ད་ལྟ་ཡིན་རྒྱུ་རེད། སྤྱིར་བཏང་ཡོངས་གྲགས་རེད། བོད་རིགས་ཐམས་ཅད་ཚང་མས་དེ་འདྲ་བྱེད་ཀྱི་རེད་ལབ་དགོས་རེད། ཡིན་ན་བོད་རིགས་ནང་ལ་སྟོད་དང་སྨད་རེད། དབུས་གཙང་ཐམས་ཅད་ལས་གཙང་པའི་རིགས་ཀྱིས་ཁ་ཉིན་ཟླ་བ་སྔོན་མ་དེའི་ནང་ལ་ལོ་གསར་བྱས་ཚར་བ་རེད། ད་ལྟ་འདྲ་མོ་ཞིག་ཡིན་ན། སྤྱིར་བཏང་ཟླ་བ་དང་པོ་ཟེར་ནས་ཚང་མས་དགའ་དགའ་སྐྱིད་སྐྱིད་བྱེད་པའི་དུས་ཚོད་རེད། ཡིན་ན་ད་ལོའི་ལོ་འདི་ལ་རྐྱེན་ཆགས་ཆེན་པོ་ཞིག་བྱུང་སོང་བ་རེད། སྤྱིར་བཏང་རྒྱལ་ཁབ་ཐམས་ཅད་ལ་དཔལ་འབྱོར་གྱི་སྟེང་ནས་རེད། ལྷག་པར་དུ་ནད་ཡམས་དེས་མི་རིགས་ཤ་ཚ་ཞིག་གྲོན་ཟགས་སོང་། ནད་ཡམས་དེའི་སེམས་ཁྲེལ་ཁུར། དཔལ་འབྱོར་ལ་ཉམས་གུད་སོང་། གང་དང་གང་ཡིན་པ་ཐམས་ཅད་ལ་ཉམས་ཆགས་ཆེན་པོ་ཞིག་བྱུང་སོང་དུས་ཚང་མ་ལ་སེམས་ཕམ་ཡིད་ཕམ་ཡོད་ཀྱང་། ངེད་ཚོ་ཆོས་དགེ་བ་ལ་སྤྱོད་འདུག་མཁན་ཚང་མས་དཀོན་མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་ནས་ཅི་དྲག་གང་དྲག་བྱེད་དང་བྱེད་ཀྱིན་ཡོད་རེད་ཀྱང་། ཏོག་ཙམ་ནུས་པ་ཆེ་ཆུང་ཤོར་སོང་དུས་འདི་རེད་སོང་། དེ་རེད་སོང་ལབ་ཀྱི་མི་འདུག མ་འོངས་ལ་ད་དུང་ཡིན་ན་འཇིག་རྟེན་འདི་ལ་གཏན་གཏན་ཅི་ཡང་མེད་རེད། ཆགས་པའི་དུས་དང་། གནས་པའི་དུས་དང་། འཇིག་པའི་དུས་སོགས་ཆགས་གནས་འཇིག་གསུམ་གྱི་དུས་རིམ་པ་བཞིན་དུ་འབྱུང་རྒྱུ་ཡོད་དུས་འདི་དང་འདི་འདྲ་མོ་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་རྒྱུ་ཡོད་རྒྱུ་རེད། བྱུང་བསྡད་པའི་རྟགས་དང་མཚན་མ་ཐམས་ཅད་ནི་ཚང་མས་མཐོང་རྒྱུ་ཡོད་པ་དེ་རང་རེད། དེ་ལབ་དང་མ་ལབ་ཡོད་མ་རེད། གཡོལ་ས་ཡོད་མ་རེད། འགེབ་རྒྱུ་ཡོད་མ་རེད། ཁག་གཡས་དཀྲི་གཡོན་དཀྲི་བྱེད་ས་མི་འདུག དེ་ནི་ལས་རྒྱུ་འབྲས་ཁོ་རང་གིས་འདེད་འགྲོ་གི་ཡོད་རེད། དེ་འདྲ་ཡིན་དུས་གཡུང་དྲུང་བོན་དང་འབྲེལ་བ་ཡོད་པའི་དམ་ཚིག་མཐུན་པའི་སྤུན་ཟླ་ཐམས་ཅད་ཚང་མ་ལ་དེ་སྔ་སྔོན་ཆད་ལ་གཡུང་དྲུང་བོན་དང་འབྲེལ་བའི་དམ་ཚིག་གི་བཤད་གཞུང་རེད། མདོ་རྒྱུད་ཐམས་ཅད་ཀྱི་དགོངས་པ་རེད། གང་དང་གང་ཡིན་པ་ཐམས་ཅད་ནས་རྒྱ་ཆེ་རྒྱུན་རིང་བཤད་ཚར་བ་རེད། ཉན་ཚར་བ་རེད་ཀྱང་བཤད་ཚར། ཉན་ཚར་ཟེར་ནས་གཡུག་མ་འཇོག་རོགས་གྱིས། ངས་ཚང་མ་ལ་ཞུ་བ་འདྲ་མོ་འབུལ་རྒྱུ་ཡིན། ད་རུང་རྐྱེན་ཆག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་ཡོང་རྒྱུ་ཡོད་པ་ནི་མི་རང་རང་སོ་སོར་ལྟོས་ན་སྐྱེ་རྒ་ན་འཆི་བཞིའི་སྡུག་བསྔལ་མྱོང་རྒྱུ་ཡོད་རེད། དེ་ལ་གབ་རྒྱུ་ཡོད་མ་རེད། གཡོལ་རྒྱུ་ཡོད་མ་རེད། ཚང་མ་ལ་ཡོང་རྒྱུ་དེ་རང་རེད། དེ་ལ་ཕན་ཕྱིར་ལས་དཀའ་ཅི་ཡོད་རེད་ཟེར་ན། རྫོགས་པའི་སངས་རྒྱས་ཀྱིས་གསུངས་བཞག་པ་དེ་གཅིག་པུ་རེད་མ་གཏོགས་བཤད་མ་བཤད་ཡོད་མ་རེད། རྒྱུ་དཔལ་འབྱོར་གྱི་ལས་དཀའ་ལས་རྒྱུ་མི་འདུག འགྲོ་ལུགས་འདུག་སྟངས་གང་ས་ཅི་ཐད་ནས་ཅི་མི་དགོས་ཅི་མཁས་མཁས་བྱས་ན་ཡང་འཆི་རྒྱུ་ལ་གཡོལ་རྒྱུ་ཡོད་མ་རེད། ཤི་ཚར་དུས་ག་རེ་ཡོང་གི་རེད་ཟེར་ན། ལས་རྒྱུ་འབྲས་ཁོ་རང་གི་རྗེས་སུ་འགྲོ་རྒྱུ་རེད་མ་གཏོགས་རང་རང་གི་དཔལ་འབྱོར་དང་། སྙན་གྲགས་དང་། སྟོབས་ཤུགས་གང་ལ་ཡང་བྱེད་གཏང་རྒྱུ་ཡོད་མཁན་ཞིག་ཡིན་རྒྱུ་མ་རེད། དེ་འདྲ་ཡིན་དུས་དེ་སྔོན་གོ་བསྡད་པ་ཐམས་ཅད་དེ། ད་རུང་བརྗེད་མ་བཏང་རོགས་གྱིས། ཚང་མས་སེམས་ལ་བཞག་ནས་ཡིད་ལ་ངེས་ཐག་ཆོད་བྱེད་རོགས་གྱིས། ད་གསར་དུ་འཕྲུལ་ཆ་ཐམས་ཅད་འདྲ་མི་འདྲའི་སྟེང་ནས་བཤད་རྒྱུ་ཡོད་དུས་གསར་དུ་ཉན་རོགས་གྱིས། སེམས་ལ་འཇོག་རོགས་གྱིས། ཉན་བཞག་ཡོད་ཟེར་ནས་བཞག་མ་བཏང་རོགས་གྱིས། ཚང་མས་སེམས་ལ་འཇོག་རོགས་གྱིས། དེ་ཅི་རེད་ཟེར་ན། ངས་ཞུ་བ་འདྲ་མོ་དེ་འབུལ་རྒྱུ་ཅི་ཡིན་ཟེར་ན། ཚང་མ་ལ་ཕན་ཕྱིར་རེད། སྙིང་རྗེ་རེད། སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་མི་དགོས་པ་མེད་དུས་དེ་ལ་ཕན་ཕྱིར་སངས་རྒྱས་ཀྱིས་གསུངས་བཞག་པ་རེད་མ་གཏོགས་ང་ཚོ་ལ་དཔལ་འབྱོར་གྱི་སྟེང་ནས་དང་། སྙན་གྲགས་ཀྱི་སྟེང་ནས་དང་། འཇིག་རྟེན་ལོངས་སྤྱོད་ཀྱི་སྟེང་ནས་གང་ཡང་ཕན་ཐོགས་བྱེད་ཆེད་ཞིག་གསུང་བཞག་པ་ཞིག་མ་རེད། དེ་འདྲ་ཡིན་དུས་ད་ལྟ་ཕན་པ་འདུག གནོད་པ་འདུག དེ་འདྲ་མ་ལབ་རོགས་གྱིས། སེམས་ཅན་སུ་དང་གང་ཡིན་ན་ཅི་ཡང་བཤད་དང་བཤད་ཀྱི་རེད། ང་མཁས་ཁོ་མཁས་ལབ་དང་མ་ལབ། ལབ་རྒྱུའི་ལས་འབྲས་དེ་ལ་སུ་དང་གང་གིས་བཅོས་བསྒྱུར་བྱེད་ཐུབ་ཀྱི་མ་རེད། དེ་ཡིན་དུས་ཚང་མས་གཟབ་གཟབ་བྱེད་ནས་གཡུང་དྲུང་བོན་གྱི་དམ་ཚིག་དང་། ལས་སྦྱོར། བསམ་སྦྱོར། ལྟ་སྒོམ་གང་གོ་བ་ཐམས་ཅད་ཉམས་ཆག་གཏོང་མ་བཏང་། གཡུག་མ་བཏང་། དེ་བོར་མ་ཤོར། སེམས་ལ་བཞག་ནས་ཡིད་ལ་ངེས་པར་གྱིས། ལག་ལེན་ཅི་ཐུབ་གང་ཐུབ་ཅིག་བྱེད་རོགས་གྱིས་དང་། རང་རང་སོ་སོའི་ཕན་ཐོགས་རེད། ངས་ཞུ་བ་འབུལ་རྒྱུ་དེ་རེད། ལོ་ནམ་ཚ་བྱེད་དུས་ངས་ཞེ་དྲག་གསར་དུ་བཤད་གཏོང་རྒྱུ་ཅི་མི་འདུག ལོ་ཆུང་བ་ཁོང་རྣམ་པ་ཚང་མས་ཅི་དྲག་གང་དྲག་བྱེད་ཀྱི་རེད། དེ་འདྲ་བྱེད་དུས་ཚང་མས་ཐུགས་ལ་དེ་འཇོག་རོགས་གྱིས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། 

༢༠༢༡ ༢ ༡༣ ཉིན་དགེ་བཤེས་བསྟན་འཛིན་སྦྱིན་པས་སྒྲ་ཕབ་ཞུས།

(སྤྱིའི་གཟིགས་གྲངས། 327 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
སྔོན་གླེང་…
error: རྩོམ་འདི་བདག་དབང་ཅན་ཡིན།