ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔལ་ལྡན་ག་ཤེལ་དགོན་གྱི་ཕྱོགས་བཞིའི་དབེན་གནས་བཞི་ཡི་ལོ་རྒྱུས་རགས་བསྡུས།

ཁྲིམས་ཀྱིས་བསྐྱར་བཞེངས་གནང་ཡོད་། དམ་པ་ཁོང་ནི་ཆུང་ནས་དགེ་སྦྱོར་ལ་བརྩོན་པ་མ་ཟད་བྱ་བྲལ་འགྲུ་སྒོམ་ཚུལ་ཁྲིམས་རྒྱལ་མཚན་གྱི་མཉམ་དུ་གནམ་མཚོའོ་དོ་རུ་མཁའ་འགྲོ་གསང་གཅོད་ཀྱི་སྒྲུབ་པ་བཞུགས་ཏེ་སྙན་ཚད་རྫོགས་ཤིང་སྒྲུབ་པའི་རྟགས་ཐོན་པར་མཛད། གཡན་ཡང་ཞང་ཞུང་སྒོ་པའི་གནས་ཆེན་རྩེ་དྲུག་རིག་འཛིན་འདུ་གནས་སུ་སྐོར་བ་སྟོང་ཕྲག་བརྒྱབ་པ་དང་། དེ་རྗེས་རི་ཁྲོད་འདིར་མཚམས་བཞུགས་རྒྱུན་སྐྱོང་གནང་ཞིང་སླར་ཡང་གསང་གཅོད་སྒྲུབ་པ་མཛད་ནས་སྙན་ཚད་ཐེངས་གཉིས་པ་དེ་རྫོགས། མཐར་དམ་པ་དེ་ནི་དབེན་གནས་འདིར་དགོངས་པ་ཞི་དབྱིངས་སུ་གཤེགས། ད་ལྟའི་ཆར་རི་ཁྲོད་འདིར་བཞུགས་མཁན་མཚམས་པ་རིག་ཚ་གཙུད་མཆོག་ཡིན། ཁོང་ནི་ཤར་རྫ་ལུང་རིག་རྣམ་དག་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་ཕྱི་ནང་གསང་གསུམ་དབང་ཁྲིད་སོགས་བསམ་གྱི་མི་ཁྱབ་པ་གསན་པ་མ་ཟད། དུས་རྟག་ཏུ་ཐུན་བཞི་ཉམས་ལེན་དང་། ཁ་ཐོན་དགེ་སྦྱོར་མ་ཆད་པར་བརྩོན་གནང་བའི་ངེས་པ་དོན་གྱི་རྟོགས་ལྟན་ཞིག་ཞིག་ཡིན་ལ། ད་ལྟ་ཡང་གནས་འདིར་དགེ་ལ་ཐང་སློད་མེད་པར་བཞུགས་མུས་སུ་མཆིས། གཞན་ཡང་ཡུལ་སྡེ་འདིའི་བཙུན་མ་མི་ཉུང་བ་ཞིག་གིས་ཨ་དཀར་སྒྲིབ་སྦྱོང་དང་། རྩ་རླུང་རྣལ་དབབ་སྦྱིན་པ་རྣམ་བཞི་བཅས་སྒོ་གང་ཐད་ནས་དགེ་སྦྱོར་ཁོ་ནར་འབད་འབུང་གནང་བཞིན་ལགས་སོ།།

གཉིས་པ་བྱང་ཤར་འདྲ་རི་ཁྲོད་ཀྱི་ལོ་རྒྱུས།

     ཤར་འདྲ་རི་ཁྲོད་ནི་ག་ཤེལ་དགོན་གྱི་བྱང་ཕྱོགས་རྒྱབ་རི་ནོར་བུ་ལྷ་རྩེའི་རི་འདབ་སུ་ཆགས་ཡོད། རི་ཁྲོད་འདི་ནི་དགོན་པ་དང་ཧ་ཅང་ཐག་ཉེ་བོ་ཡོད། རི་ཁྲོད་འདི་ཐོག་མར་མཆོག་སྤྲུལ་དྲུང་མུ་མེར་ཞིའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་ཕྱག་བཏབ་དང་། ཁོང་གི་དངོས་སློབ་གྱེར་བ་སྨོན་ལམ་ཞུ་བ་དེ་ཉིད་འདིར་མཚམས་བཞུགས་གནང་ཡོད། དམ་པ་དེ་ཡིས་གནས་འདིར་ཡིད་དམ་སྙན་སྒྲུབ་ལས་གསུམ་གྱི་ཉམ་ལེན་དང་། སྦྱིན་པ་རྣམ་བཞིའི་དགེ་སྦྱོར་མ་ཆད་པར་བརྩོན་ཞིང་མཐར་མི་རྟག་མྱ་ངན་འདའ་ཚུལ་བསྟན། གཞན་ཡང་མཚམས་ཁང་འདི་དང་མཉམ་དུ་བརྒྱབ་པའི་ག་ཤེལ་དགོན་གྱི་དབུ་མཛད་བསོད་ནམས་ཚུལ་ཁྲིམས་ཀྱི་མཚམས་ཁང་དང་། མགོ་ལ་གྲྭ་ཆུང་ཚུལ་ཁྲིམས་ཉི་མའི་མཚམས་ཁང་དང་། ག་ཤེལ་རྣམ་ཚང་གི་བཙུན་མ་ལྷ་བུ་བཅས་ཀྱི་མཚམས་ཁང་མང་པོ་ཡོད། མཚམས་ཁང་དེ་དག་ནི་ག་ཤེལ་ཁྲི་ཆེན་གྱི་སྐུ་དུས་སུ་བརྒྱབ་པ་ཤ་རྟག་ཡིན་སྟབས་སྒྲུབ་གནས་གཞན་དང་འདྲ་བའི་ལོ་རྒྱུས་རིང་པོ་ཆེར་བཤད་རྒྱུ་མེད། འོན་ཀྱང་རི་ཁྲོད་འདི་ཐོག་ཕྱག་འདེབས་མཁན་ག་ཤེལ་ཁྲི་ཆེན་ནམ་ཚེ་དབང་བདེ་ཆེན་སྙིང་པོ་མཆོག་ཡིན་པས། དེ་ཕྱིར་སྒྲུབ་གནས་རྩ་ཆེན་ཞག་ཏུ་ངོས་འཛིན་པ་ཡིན། ཕྱིས་རྙིང་གང་གཏོར་འཛུག་སྐབས་མཚམས་ཁང་ཐབས་ཅད་འཐོར་ཞིག་ཏུ་ཕྱིན་ནས། ལོ་ངོ་བཅུ་ཕྲག་ལྷག་མཚམས་པ་གཅིག་ཀྱང་བཞུགས་བཁན་བྱུང་མེད། དམངས་གཙོ་བཅོས་བསྒྱུར་རྗེས་སྒོམ་རྒན་གཡུང་དུང་དབང་ལྡན་གྱིས་གྱེར་བ་སྨོན་ལམ་གྱི་མཚམས་ཁང་ཞིག་གསོ་མཛད་ནས་ཁོང་འདིར་མཚམས་བཞུགས་གནང་ཡོད།མཚམས་ཁང་གཞན་ནི་དུས་ད་ལྟའི་བར་ཉམ་གསོ་བྱས་མཁན་བྱུང་མེད། ད་ལྟ་རི་ཁྲོད་འདིར་བཞུགས་མཁན་ཁྱིམ་ཚང་ཤར་འདྲ་རང་ནས་ཡིན་པའི་གེ་སྐྱག་བཙུན་མ་ཚུལ་ཁྲིམས་བཟང་མོ་ཁོང་རེད་འདུག། བཙུན་མ་མཆོག་ནི་ཆུང་ནས་དགེ་སྦྱོར་ལ་བརྩོན་པ་མ་ཟད་གངས་རིན་པོ་ཆེ་སོགས་སྟོད་ཕྱོགས་གྲགས་ཅན་གནས་ཆེན་ཁག་ལ་གནས་མཇལ་དུ་ཕེབས་པ་དང་། དེ་རྗེས་རྐང་པོ་བོན་རི་ལ་སྟོང་སྐོར་ལྷག་བརྒྱབ་དང་། སླར་རང་ཡུལ་དུ་ཕྱིར་ཕེབས་གནང་ནས་ད་ལྟ་རི་ཁྲོད་འདིར་བཞུགས་བཞིན་ཡོད།

(སྤྱིའི་གཟིགས་གྲངས། 133 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
<མེ་ལུག…
error: རྩོམ་འདི་བདག་དབང་ཅན་ཡིན།