ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

མཛོད་དཔེ་ལ་དཔྱད་པའི་གཏམ།

གི་བཤད་ཚུལ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་ཕུགས་རིང་བ་རྒྱ་ཆེ་བ། གཏིང་ཟབ་པ། ཁོད་ཡངས་པ།   ངོ་མཚར་འབུམ་གྱིས་ཕྱུག་པའི་གཟི་བརྗིད་ཅིག་རེད་མི་འདུག་གམ། ངེས་པར་དུ་ཞུ་དགོས་པ་དང་ཤེས་དགོས་པ་ཞིག་ལ།   ང་ཚོ་བོད་མི་རིགས་ཀྱི་རང་ས་ནས་བྱུང་བའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་འདི་དག་དུས་རབས་ཀྱི་གཉན་འཕྲང་དུ་མའི་བརྒྱུད་རིམ་ནང་བོད་ཀྱི་བླ་ཆེན་དང་མཁས་ཆེན། གྲུབ་ཆེན་དང་མི་ཆེན་སྟོང་ཕྲག་མང་པོས་ཚེ་སྲོག་དང་ཤ་ཁྲག་གི་འགྲོ་གྲོན་བཏང་ནས་སྲུང་སྐྱོབ་བྱས་ཏེ་ང་ཚོའི་ལག་ཏུ་སྤྲད་པའི་རླབས་ཆེན་གྱི་བྱས་རྗེས་ཤིག་ཡིན་སྟབས། ང་ཚོས་བུ་ངན་པས་རང་གི་ཕ་ཁུ་སྨད་ཟེར་བའི་དཔེ་ལྟར། ཕ་ཆུ་ཤིང་སྐམ་པོ་ལས་སྐྱེས་པའི་བུ་ཙན་དན་སྡོང་པོ་ཡིན་རབས་ཀྱི་ངོ་ཚའི་གཏམ་ངན་སྦྱར་ཟློས་མི་བྱེད་པར། མི་རིགས་ཀྱི་ཟུངས་ཁྲག་དྲོན་མོ་མ་ཉམས་པའི་སྒོ་ནས། ཕ་མེས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་རྡོ་རིང་སླར་ཡང་བསྒྲེངས་ཏེ་ད་ལྟ་ལས་ལྷག་པ་ཞིག་མ་བྱུང་ནའང་། ད་ལྟ་གང་ཡོད་པ་འདི་ཉིད་གྲ་མ་ཉམས་གྲུ་མ་ཞིག་པར་མ་འོངས་པའི་བུ་རབས་ཚ་རྒྱུད་ཚོ་ལ་རྩིས་སྤྲོད་ཐུབ་པ་ཞིག་བྱེད་དགོས་པའི་འགན་འཁྲི་ནི་ལས་ལ་བརྩོན་ཞིང་དཔའ་མཛངས་ལྡན་པའི་སྤྱི་བོ་གནམ་གཏད་ཀྱི་བོད་རིགས་ཡོངས་རྫོགས་ལ་ཡོད་པས་ཚང་མས་ཐུགས་ལ་འཇོག་རོགས་ཞེས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། ཕྱག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་སྒོ་གསུམ་གུས་པ་ཆེན་པོས་ག

སོལ་བ་འདེབས་པ་ལགས།།

བཙུན་པའི་སྙིང་སྡུག་དཔེ་དེབ་ཡིད་འོངས་མར། །འདྲེན་བྱེད་ཡོན་པོས་དགའ་སྟོན་རོལ་བའི་འབྲས། །
ལེགས་བཤད་ལྷ་སྲས་ཁྱེའུ་འཁྲུངས་པ་འདི། །བཙུན་ཆུང་ཐོས་བསམ་བྱས་པའི་ལག་རྗེས་ཡིན། །

 རྒྱུ་དང་བུད་མེད་ཐོབ་དང་རྩམ་ཁུག་དོན། །མི་རིགས་ནང་ཆ་སྟོན་པ་མ་ཡིན་པར། །
རིག་པའི་གཞུང་ལུགས་བསྲེགས་བཅད་བརྡར་བ་ཡི། །རྩོད་པ་འདི་ནི་དོན་གྱི་རྩོད་པ་ཡིན། །

རྔ་གོག་བརྡུངས་ཤིང་གཏོར་གོག་བཅའ་བའི་གར། །ཆེ་རློམ་གྲོང་ཆོག་པ་རུ་མི་སྐྱེ་ཞིང༌། །
རྒྱལ་བསྟན་བླ་སྲོག་བཤད་སྒྲུབ་སྒོམ་པའི་སྡེ། །སྐྱོང་བའི་ཨ་མའི་བུ་རུ་སྐྱེ་བར་སྨོན། །

དཔྱད་གཞིའི་ཡིག་སྣ།

༡) སྲིད་པའི་མཛོད་ཕུགས་དེབ་གཟུགས། ༢) མཛོད་སྒྲ་འགྲེལ་དེབ་གཟུགས།
༣) མཁས་པ་མི་བཞིས་མཛད་པ་ཞེས་པའི་མཛོད་དཔེ་གཟུགས།
༤) གཤེན་ཆེན་ཀླུ་དགའི་རྣམ་ཐར་ལྷོ་གཏེར་བོན་གྱི་ལོ་རྒྱུས་དཔེ་གཟུགས།
༥) རྨེའུ་ལྷ་རི་གཉེན་པོའི་རྣམ་ཐར་དཔེ་གཟུགས།
༦) རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་དེབ་གཟུགས།
༧) འགྲོ་མགོན་མཛོད་འགྲེལ་དེབ་གཟུགས།
༨) མཁས་གྲུབ་རིན་བློའི་རྣམ་ཐར་དཔེ་གཟུགས།
༩) སྒ་སྟོན་མཛོད་འགྲེལ་དེབ་གཟུགས།
༡༠) རྗེ་ཡི་མཛོད་འགྲེལ་དེབ་གཟུགས།
༡༡) སྒ་སྟོན་གྱི་ཐེག་འགྲེལ་དེབ་གཟུགས།
༡༢) སྒ་སྟོན་གྱི་གཏེར་གྱི་ཁ་བྱང་དེབ་གཟུགས།
༡༣) སྤ་བསྟན་རྒྱལ་བཟང་པོའི་དར་རྒྱས་གསལ་སྒྲོན་དེབ་གཟུགས།
༡༤) ཀུན་མཁྱེན་ཉི་མའི་བཀའ་བརྟེན་འགྱུར་དཀར་ཆག་དེབ་གཟུགས།
༡༥) བདུད་འདུལ་གྱི་བཀའ་བརྟེན་འགྱུར་དཀར་ཆག་དཔེ་གཟུགས།
༡༦) ཡོངས་འཛིན་རྣམ་དག་འོད་ཟེར་གྱི་ཤེར་ཕྱིན་སྐབས་བཞི་པ་དེབ་གཟུགས།
༡༧) ཡོངས་འཛིན་བསྟན་འཛིན་རྣམ་དག་གི་བཀའ་བརྟེན་འགྱུར་དཀར་ཆག་དེབ་གཟུགས།
༡༨) ཀུན་གྲོལ་གྱི་བཀའ་འགྱུར་དཀར་ཆག་དེབ་གཟུགས།
༡༩) ཤར་རྫའི་ལེགས་བཤད་མཛོད་དེབ་གཟུགས།
༢༠) སུ་ལ་སྐལ་བཟང་གི་བཀའ་འགྱུར་བརྒྱུད་རིམ་དཔེ་གཟུགས།
༢༡) ཀུན་གྲོལ་གསང་བ་རྩལ་གྱི་བཀའ་འབུམ་ཆེན་མོའི་དཀར་ཆག་དཔེ་གཟུགས།

                                   ༼རྩོམ་ཡིག་འདི་བགྲེས་པོའི་འབེལ་གཏམ་དེབ་ཕྲེང་༡༡པ་ནས་ཟུར་དུ་ཕྱུང་།༽

(སྤྱིའི་གཟིགས་གྲངས། 203 དེ་རིང་། 2)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།