ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དབྱིན་ལན་ལོན་ཌོན་གྱི་དཔེ་མཛོད་ཁང་དུ་<<གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་>>གདན་འདྲེན་ཞུས་པ།

༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོའི་ཕྱག་ཏུ་བཞུགས་པའི་<<གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་>>ཞེས་གསུང་པོད་དེབ་གཟུགས་ ༡༥༠ ཅན་རྣམས་མཆོག་གི་དགོངས་བཞེད་ལམ་སྟོན་ལྟར་འབྲེལ་ཡོད་སློབ་མ་རྣམས་ཀྱིས་འཛམ་གླིང་དཔེ་མཛོད་ཁང་མི་འདྲ་བ་རྣམས་ཀྱི་བོད་ཡིག་སྡེ་ཚན་ཡོད་ས་རྣམས་སུ་གཅེས་བཞག་ཕུལ་དང་འབུལ་བཞིན་པ་ལས། ཁ་སང་རྒྱལ་སྤྱིའི་དངོས་མིན་རིག་དངོས་ཤུལ་བཞག་གཅེས་སྲུང་གི་ཉིན་མོ་འདིར་དབྱིན་ལེན་རྒྱལ་ས་ལོན་ཌོན་དུ་ཡོད་པའི་དཔེ་མཛོད་ཁང་སྟེ། ཨེ་ཤ་ཡ་དང་། ཨ་ཕྷི་རི་ཀ་རྟོག་ཞིབ་ཐོ་འགོད་གནང་སའི་སྡེ་ཚན་གྱི་ཁོངས་སུ་དངོས་སུ་ཉར་ཚགས་དང་ཐོ་འགོད་གནང་ཡོད།

སྐྱེས་བུ་ཁྱད་པར་ཅན་རྣམས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་གསུང་རབ་རྣམས་ནི། མི་རབས་རྗེས་མ་རྣམས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཞིག་དང་མི་ཚེའི་བློ་གྲོས་འཚོལ་སའི་སློབ་གླིང་དང་དགེ་རྒན་ལྟ་བུ་ཞིག་ཀྱང་རེད། དེས་ན་དཔེ་མཛོད་ཁང་ནི་སྣ་མང་ཤེས་རིག་འདུས་པའི་ཡིད་འོང་གི་སྐྱེ་ཚལ་ཞིག་དང་། འགྲོ་བ་མི་ཡི་རིགས་ཀྱི་བློ་གྲོས་ཀྱི་རིན་ཐང་ཉར་ཚགས་གནང་སའི་འཕྲུལ་མཛོད་དང་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན། འདི་ལྟར་ཞང་བོད་རིག་གནས་ལ་ཁ་ཕྱོགས་ཏེ། ཞིབ་འཇུག་དང་ཉམས་ལེན་གནང་མཁན་རྣམས་ལ་ད་ཕྱིས་ཆ་རྐྱེན་གསར་པ་ཞིག་བསྐྲུན་པ་ཡིན་ནོ། །

ཕྱི་ལོ་ ༢༠༡༩ ཟླ་ ༠༦ ཚེས་ ༠༨ ཉིན།

(སྤྱིའི་གཟིགས་གྲངས། 195 དེ་རིང་། 1)

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
བདག་ཅག་གི་…
error: རྩོམ་འདི་བདག་དབང་ཅན་ཡིན།