ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དཔྱད་རྩོམ་སྣང་བ་གསར་པ།

བོད་རྒྱལ་ཁྲི་རལ་པའི་དུས་སུ། དགོན་སྡེ་ཁག་ལ་གྲྭ་པའི་ཚུལ་འཛིན་མཁན་མང་དུ་སོང་ནས་འབངས་མི་རྣམས་ལ་ཁྲལ་གྱི་དཀའ་སྡུག་ཇེ་ཆེར་གྱུར། གནས་ཚུལ་དེ་རྒྱལ་པོ་གླང་དར་མས་མ་བཟོད་ནས། བོད་ཀྱི་རྒྱལ་སྲིད་སྲ་བརྟན་ཡོང་བའི་ཆེད་དུ། ན་གཞོན་ཚོ་རབ་ཏུ་བྱུང་བ་བཀག་སྟེ། དགོན་པ་ཁག་ལ་སྐྱ་མིན་སེར་མིན་དུ་མ་ཡོད་པ་དེ་ཚོ་བོད་ཀྱི་དམག་ཁྲལ་དུ་དེད་པ་དང་། རབ་བྱུང་པ་དེ་ཚོ་ལ། རྒྱལ་ཁྲིམས་དང་ཆོས་ཁྲིམས་གང་ལ་མི་མཐུན་པའི། མི་ཚང་བདུན་རེའི་ལྟོ་གོས་ཀྱི་ཆ་ཆེན་སྦྱར་དགོས་པའི་སྔར་སྲོལ་དེ་ཚོ་མེད་པ་བྱས་ནས། རང་ཁ་རང་གསོ་དགོས་པའི་བཀའ་ཕབ་དུས། དེ་ནས་དགེ་སློང་ལྷ་ལུང་དཔལ་རྡོར་གྱིས་རང་ཁ་ཕོར་གྱི་གྱོང་གུད་དེ་ཁུར་མ་བཟོད་ནས་། ཆོས་གོས་འོག་ནས་མདའ་གཞུ་ལག་ལ་འཆང་། གཡོ་སྒྱུའི་འཁོར་ལོ་བསྐོར། རྟ་དཀར་སོལ་ནག་བྱུག་སྟེ། བརྩན་པོས་རྡོ་རིང་གི་ཡི་གེ་གཟིགས་སྐབས། ངན་ཐབས་ཀྱི་གཡོ་སྒྱུ་སྣ་དགུ་བྱས་ནས། བོད་སྤྱི་ལ་དབང་བའི་རྒྱལ་པོ་དེ་ཉིད་ཀྱི། ཚེ་སྲོག་གི་རྣམ་ཤེས་ཕྲལ། བོད་ཁམས་སྡུག་ལ་སྦྱར། བོད་རང་དབང་ཤོར་བའི་སྟ་གོན་གྱི་འགོ་བཙུགས། དགེ་སློང་གིས་མི་གསོད་པའི་མིང་ཅན་ཞིག་ཕོག དེ་ནས་བཟུང་ང་ཚོ་བོད་པ་ལ་བདེ་བའི་ཉི་མ་ཤར་མ་མྱོང་བ་རེད། དེར་བསམ་མནོ་ཞིག་བཏངས་ན། ང་ཚོ་བོད་དབུ་ནག་ཁ་དམར་གྱི་དྭ་ཕྲུག་ལྟ་བུ་ལུས་དགོས་པ་འདི། བསིལ་ལྡན་ཁ་བ་རིག་པའི་ཕ་མྱེས་ཀྱི་ཚེ་སྲོག་དེ་འཕྲོགས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དེ་བཅགབོད་ཁྲིམས་དར་གྱི་མདུད་པ་དེ་བཀྲོལ་ནས། གངས་ཅན་པའི་ཕ་གསོད་ཀྱི་ཤན་པ་ལག་དམར་དེ་དངོས་གནས་ལྷ་ལུང་དཔལ་རྡོར་ལ་ཐུག་ཡོད། དེ་དུས་དགེ་སློང་དཔལ་རྡོར་གྱིས་བཙན་པོ་ལྷ་སྲས་དར་མའི་ཚེ་སྲོག་དེ་འཕྲོག་མེད་ན། ང་རང་བོད་པ་ཚོ། ད་ལྟ་ཡང་འཛམ་གླིང་གི་མི་རིགས་གཞན་དང་ལྷན་དུ་དཔུང་པ་མཉམ་གཤིབ་དང་། ཐོབ་ཐང་མཉམ་ལེན། སྟོབས་འབྱོར་འདྲ་མཉམ་བྱེད་ནས། ཅི་འདྲའི་སྟོབས་ཅན་གྱི་རྒྱལ་ཁབ་ཞིག་ཡོད་པ་གོར་མ་ཆགས།  དེ་ལྟར་བཙན་པོ་འདས་ཁའི་ཞལ་ཆེམ་གཟིགས་ན་རྟོགས་ཐུབ་པ་ཡིན། ཡང་ན་ང་ལོ་གསུམ་ལ་གསོད་སྔ། ཡང་ན་ང་ལོ་གསུམ་ལ་གསོད་འཕྱི་ཞེས་པའི་ཚིག་དེ་ཡིས་གསལ་པོ་ཧ་གོ་ཐུབ་བོ།། སྤུ་རྒྱལ་བཙན་པོའི་གདུང་འཛིན་ལྷ་ཡི་སྲས། །སྐུ་མཆོག་ཁྲི་གདུགས་ནུབ་རི་བཞུད་དང་ལྷན། །ས་ཡ་དྲུག་པོ་སྡུག་གི་མུན་སྨག་གིས། །མནར་བའི་མགོ་ནག་ང་ཚོའི་སྐྱོ་བ་ལ།།

                                                                                     ༼དཔལ་གྱི་དབང་ཕྱུག་ནས་མཐུན་སྦྱོར་ཞུས།༽

(སྤྱིའི་གཟིགས་གྲངས། 107 དེ་རིང་། 1)
Pages: 1 2 3 4

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  &nb…
error: རྩོམ་འདི་བདག་དབང་ཅན་ཡིན།