ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལས་གསལ་བའི་མཁས་པ་མི་འདྲ་བ་དག་གི་སྐོར་གླེང་བ།།

དགུ་པ། བྲུ་ལ་སྟོད་པ་ཆེན་པོ་དང་བྲུ་ནམ་མཁའ་འོད་ལུང་རིག་དབང་ཕྱུག་གསུམ་གྱི་སྐོར།

   མཁས་པ་འདི་གསུམ་ངོས་འཛིན་ཧ་ཅང་བྱེད་དཀའ་བའི་གནས་སུ་གྱུར་ཏེ་འདི་དག་གི་རྣམ་ཐར་ཐུང་ངུ་ཞིག་ཀྱང་མེད་པ་མ་ཟད། ཁོང་རྣམས་ཀྱིས་བརྩམས་པའི་དཔེ་ཆ་ཡང་མཇལ་ཡུལ་དུ་མ་གྱུར །ཚོད་དཔག་བྱས་ན་བྲུ་ལ་སྟོད་པ་ཆེན་པོ་ནི་གདུང་རུས་བྲུ་དང་བཞུགས་གནས་ལ་སྟོད་དུ་མཛད་པའི་བླ་མ་ཞིག་ཏུ་གོ་བ་ལེན་ཐུབ་པ་ཡིན། བྲུ་ནམ་མཁའ་འོད་ནི་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་དུས་མཉམ་ཡིན་པའི་བྲུ་ནམ་མཁའ་འོད་ཟེར་བ་ཞིག་འདུག་དེ་ཨེ་ཡིན་ན་སྙམ། གཞན་མཚན་ལ་དེ་ལྟར་ཞུ་བའི་འགྲོ་མགོན་གཡས་གཡོན་ཙམ་གྱི་གཡས་རུའི་ཁྲི་འཛིན་ཁག་གི་ནང་དུ་ཡང་མེད་ལ། དབེན་ས་ཁའི་ཁྲི་འཛིན་མ་ཡིན་པའི་བྲུ་ཚང་གི་སྔགས་འཆང་མང་པོ་ཡོད་པའི་གསེང་དུ་ཡང་མཐོང་རྒྱུ་མི་འདུག། ལུང་རིག་དབང་ཕྱུག་ཞུ་བའི་བླ་མ་དེ་ནི་གཡས་རུའི་ཁྲི་འཛིན་གཉིས་པ་བྲུ་ཆེན་ཡབ་སྲས་གཉིས་ཀྱི་ནས་ནས་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་ཡིན་པར་སེམས། གོང་གསལ་རྗེ་ཡི་གབ་འགྲེལ་ཤོག་ངོས་༢་ལས་”ལུང་རིག་དབང་ཕྱུག་ཁྱུང་གི་རྒྱལ་མཚན་དང་”ཞེས་གསལ་བས་འགྲོ་མགོན་ས་ལམ་ནང་དུ་གསལ་བའི་ལུང་རིག་དབང་ཕྱུག་ནི་བྲུ་ཤ་ཁྱུ་གི་རྒྱལ་མཚན་ཡིན་པ་ལུང་ཚིག་དེས་རྒྱབ་ལྗོངས་བརྟན་པོ་ཞིག་བྱེད་ཐུབ་ཡོད། འདིར་མཐའ་སྡོམ་གྱི་ཚུལ་དུ་ཞུ་རྒྱུར་ས་ལམ་འཕྲུལ་གྱི་ལྡེ་མིག་འདི་ཡི་ནང་དུ་གསལ་བའི་མཁས་པ་བཅུ་དྲུག་པོ་དེ་དག་ནང་ནས། བདག་ཉིད་ཆེན་པོ་དང། ་བློ་གྲོས་ཀྱི་བདག་ཉིད་ཆེན་པོ། རྨེའུ་དཔལ། དོ་པ། ལུང་རིག་མངའ་བདག་བཅས་ནི་ལམ་རིམ་གྱི་རྣམ་གཞག་ཆ་ཚང་རྩོམ་པ་པོ་ཡིན་པ་གཞུང་འདི་ཉིད་གསལ་བཤད་བྱས་ཡོད། དཔེར་ན་ཚོགས་ལམ་དང་སྦྱོར་ལམ་མཐོང་ལམ་སྒོམ་ལམ་ཚང་མའི་སྐབས་ཁོང་རྣམས་ཁ་ཅིག་དང་རང་ལུགས་ཅི་རིགས་བཞག་ཡོད་པས་སོ།

དཔྱད་གཞིའི་ཡིག་ཆ་ཁག

<<འ་ཞའི་ས་ལམ་འཕྲུལ་གྱི་ལྡེ་མིག>>རྩོམ་པ་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་པར་དུ་བསྐྲུན། <<གཞི་ལམ་རྣམ་འབྱེད>>ཀྱི་འགྲེལ་བ་རྩོམ་པ་པོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། ཝ་ཎ་དགེ་སློབ་ཁང་ནས་པར་དུ་བསྐྲུན། <<ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ>>རྩོམ་པ་པོ་དཔོན་སློབ་ཀུན་བཟང་བློ་གྲོས། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། <<གབ་པའི་འགྲེལ་བ་ཀུན་བཟང་དགོངས་པ་གསལ་བྱེད་ཉི་མའི་དཀྱིལ་འཁོར>>། རྩོམ་པ་པོ་མཉམ་མེད་ཤེས་རབ་རྒྱལ་མཚན། གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་ནས་པར་དུ་བསྐྲུན། <<ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པ>>མཛད་པ་པོ་བྲུ་ཆེན་རྒྱལ་བ་གཡུང་དྲུང་། བོད་ལྗོངས་མི་མང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། <<ལེགས་བཤད་མཛོད>>རྩོམ་པ་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། <<འགྲེལ་ཡི་བཞིན་རྣམ་པར་བཀོད་པའི་རྒྱན>>མཛད་པ་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་ནས་པར་དུ་བསྐྲུན། <<རྒྱ་རིགས་བྲུ་ཡི་གདུང་རབས་རྒྱས་པ>>ལྟར། བྲུ་ཆེན་ནམ་མཁའ་གཡུང་དྲུང་གི་རྣམ་ཐར། རྩོམ་པ་པོ་མི་གསལ། དབུ་མེད་དེབ་གཟུགས།

(སྤྱིའི་གཟིགས་གྲངས། 211 དེ་རིང་། 1)
Pages: 1 2 3 4 5

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།