ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ལས་གསལ་བའི་མཁས་པ་མི་འདྲ་བ་དག་གི་སྐོར་གླེང་བ།།

རྩོམ་པ་པོ། ཚུལ་ཁྲིམས་རབ་བརྟན། ཁྲི་བརྟན་ནོར་བུ་རྩེའི་སློབ་གཉེར་བ།

       དེང་སྐབས་བོད་ཀྱི་མཁས་དབང་མི་ཉུང་བ་ཞིག་གིས་བོད་ལ་ཞིབ་འཇུག་བྱ་བ་ལ། བོན་ལ་ཞིབ་འཇུག་བྱེད་དགོས་ཅེས་བཤད་པ་ནི། ཐུགས་སེམས་ལྷོད་པོའི་ངང་ནས་ཅུང་ཟད་རྒྱང་གཟིགས་གནང་བའི་གསུང་གླེང་ཞིག་རེད། དེ་ཡིན་དུས་བོན་ལ་ཞིབ་འཇུག་གཏིང་ཟབ་པོ་ཞིག་དགོས་ན་བོན་གྱི་བླ་མ་དང་མཁས་པ་དག་གི་རྣམ་ཐར་དང་ལོ་རྒྱུས་ལ་ཞིབ་ཕྲའི་ཤེས་རྟོགས་དགོས་རྒྱུ་གལ་ཆེན་ཡིན། གང་ཡིན་ཞེ་ན་ལོ་རྒྱུས་ནི་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་འགྲོ་དགོས་ཤིང་། བོན་གྱི་ཆོས་རིག་ནི་བོན་གྱི་མཁས་པས་སྲོལ་བཏོད་པ་ཞིག་ཡིན་སྟབས་དོན་གྱི་ཐུག་ས་གཙོ་བོ་ནི་བོན་གྱི་མཁས་པ་ཆགས་ཡོད། དེ་ཕྱིར་བོན་ལ་ཞིབ་འཇུག་བྱེད་པའི་མི་སྣ་ཞིག་ཡིན་ན་ངེས་པར་དུ་རྩ་བའི་བོན་བསྟན་བརྒྱུད་རིམ་གྱི་བླ་མ་དག་གིས་ལོ་རྒྱུས་ལ་གོ་བ་ཅུང་ཟད་ཞིག་སྐྱེ་

དགོས་རྒྱུ་ཧ་ཅང་གལ་ཆེན་མཐོང་། དེ་ནི་ཟུར་བཤད་ཙམ་མོ། །བོན་བསྟན་ཕྱི་དར་སྐབས་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པའི་མེ་ཆེན་དགུང་ལ་སྤོར་བའི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་གདན་རབས་བརྒྱད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(༡༡༩༨ ༡༢༦༣)མཆོག་གིས་བརྩམས་པའི་<<ས་དང་ལམ་གྱི་རིམ་པ་རིན་པོ་ཆེའི་འཕྲུལ་གྱི་ལྡེ་མིག>>ཅེས་བྱ་བའི་འདི་ནི་དུས་རབས་བཅུ་གསུམ་པའི་ནང་དུ་བྱུང་བ་ཞིག་ཡིན་ཞིང་། འདི་ཡི་གོང་དུ་ཕྱི་དར་མཁས་པ་ཁག་གིས་བརྩམས་པའི་ས་ལམ་གྱི་གཞུང་ལུགས་མང་པོ་བྱུང་བ་ཤོད་སྲོལ་ཡོད་པ་དག་ལ་གཞུང་འདི་ཉིད་ཀྱིས་རྒྱབ་ལྗོངས་བརྟན་པོ་བྱས་ཡོད། གཞུང་འདི་ཉིད་ནང་དུ་རྩོད་སྤང་དང་དགག་སྒྲུབ་ཤུགས་ཆེན་མཛད་ཡོད་པས། ནམ་རྒྱུན་རྣམ་ཐར་དང་ལོ་རྒྱུས་ཉུང་བའི་བོན་གྱི་གཞུང་ལུགས་རྩོམ་པ་པོ་མཁས་པ་མང་པོའི་དཔེ་ཆའི་མགོ་རྔ་ཙམ་མཐོང་རྒྱུ་ཡོད། དེ་ཡིན་དུས་དཔེ་ཆ་འདི་ཉིད་ཀྱི་མགོ་མཇུག་བར་གསུམ་ལ་ཞིབ་འཇུག་གཏིང་ཟབ་པོ་ཞིག་བྱེད་ཐུབ་ན་མཁས་པ་དེ་དག་གི་རྣམ་ཐར་ལ་གོ་རྟོགས་ཅུང་ཙམ་འཕེལ་ངེས་ཡིན། གཞན་ལུགས་དགག་པའི་ཁྲོད་ནས་ཁ་ཅིག་ཅེས་པའི་ཚིག་ཕལ་ཆེར་བརྒྱ་ཙམ་ཐོན་འདུག། དེ་ཡི་ནང་ནས་མཚན་ཚབ་དང་ཆེ་མིང་ཅི་རིགས་སྨོས་པའི་མཁས་པ་བཅུ་དྲུག་ཙམ་གྱི་མཚན་ཐོན་འདུག་པ་འདི་ལྟར། ་བདག་ཉིད་ཆེན་པོ་དང་། བློ་གྲོས་ཀྱི་བདག་ཉིད་ཆེན་པོ། རྨེའུ་དཔལ། དོ་པ། བླ་མ་དྲི་མེད་སྤྱན་ལྡན། ལུང་རིག་མངའ་བདག། ཞུ་སྟོན།ཞུ་བཙུན། ཞུ་ཆེན་པོ་། སྤ་སྟོན། ཡང་འབྲེ། རོང་སྟོན། ཞང་། བྲུ་ལ་སྟོད་པ་ཆེན་པོ། བྲུ་ནམ་མཁའ་འོད། ལུང་རིག་དབང་ཕྱུག། དེ་དག་ཕལ་ཆེར་འགྲོ་མགོན་བློ་གྲོས་ལས་སྔ་བའི་མངོན་རྟོགས་ལམ་རིམ་དང་ས་ལམ་གྱི་རྣམ་གཞག་སོགས་བརྩམས་གནང་བའི་མཁས་པ་ཤ་སྟག་ཡིན་ཚོད་འདུག། མཁས་པ་དེ་དག་གིས་བརྩམས་པའི་གཞུང་ལུགས་མང་ཆེ་བ་ད་ཆ་ནུབ་ཟིན་པས་ཚུལ་འདི་ཡི་ཐད་ལ་དཔྱད་གཞི་ཤིན་ཏུ་ཉུང་བ་མ་ཟད། ཁོང་རྣམ་པའི་རྣམ་ཐར་གྱི་སྐོར་ལ་ཁ་གསལ་དང་རྒྱས་པོ་དེ་བས་ཀྱང་མི་འདུག གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱིས་བརྩམས་པའི་ས་ལམ་བཅོ་བརྒྱད་ཡོད་པར་གྲགས་ཀྱང་། ད་ལྟ་ང་ཚོའི་མཇལ་ཡུལ་དུ་གྱུར་པ་འགྲོ་མགོན་བློ་གྲོས་ཀྱི་ས་ལམ་འདི་གཅིག་པུ་ལས་གཞན་ད་ཕན་མཇལ་ཡུལ་དུ་མ་གྱུར།

(སྤྱིའི་གཟིགས་གྲངས། 209 དེ་རིང་། 1)
Pages: 1 2 3 4 5

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
རྩོམ་པ་པོ།…
error: རྩོམ་འདི་བདག་དབང་ཅན་ཡིན།