ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

གསུངས་པ་ཡང༌། །ལུས་ངག་ཡིད་སྤྱོད་གསུམ་ལ་འདུས། །འཁོར་བར་འཁྱམས་ཤིང་ཐར་མེད་སྦྱང༌། །དག་པའི་སྤྱོད་པ་རྣམ་པ་གསུམ། །རྟོག་ཚད་འཇུག་གོ་ཐ་དད་དང༌། །བྱེ་བྲག་གསང་སྔགས་སྤྱོད་ཡུལ་དང༌། །དེ་ལ་སྤྱད་ཚུལ་ཐ་དད་དུ། །སྟོན་པ་ལས་ནི་གསས་མཁར་དང༌། །སྒྱུ་འཕྲུལ་གསང་དང་བྱེ་བྲག་དམིགས། །གསས་མཁར་དོན་སྤྱོད་རྣམ་པ་གསུམ། །སེམས་ལ་རྫོགས་དང་ཡིད་ལས་སྤྲུལ། །དངོས་སུ་གྲུབ་པ་རྣམ་གསུམ་ལས། །ཡེ་ཤེས་སེམས་དང་ཏིང་འཛིན་རིག །མཚན་མ་སྤྲུལ་པའི་གསས་མཁར་དབྱེ། །ཡེ་ཤེས་གསས་མཁར་བརྒྱ་ཉི་ཤུ། །ཐིག་ལེར་གྱེས་པ་དྲུག་ཅུ་ནི། །ཐིག་ལེའི་ཡོན་ཏན་འཆར་ཚུལ་ལ། །མཐའ་བྲལ་ཡན་ལག་དྲུག་ཅུ་ནི། །སྤྲོས་པས་སྟོང་པའི་ཁྱད་པར་གསུངས། །སེམས་ཉིད་སྤྲོས་བྲལ་རྒྱུད་ལ་བརྟེན། །མཚན་མ་ཡོངས་ཀྱིས་སྟོང་པར་སྤྱོད། །ཏིང་འཛིན་གསས་མཁར་བརྒྱ་ཉི་ཤུ། །ཏིང་འཛིན་རྣམ་པ་ལྔ་ལ་འདུས། །སྐྱེ་མེད་སྟོང་དང་མ་བཅོས་མཉམ། །ཚད་མེད་བཞི་དང་འོད་ཡིག་འབྲུ། །སྐུ་དང་ཡེ་ཤེས་ཡོངས་རྫོགས་ལས། །ཅི་ཡང་མ་ཡིན་དེ་བཞིན་ཉིད། །ཀུན་སྣང་རྒྱུ་དང་ཡོངས་རྫོགས་དབྱེ། །མ་ཡེངས་རྩེ་གཅིག་གནས་པ་ལ། །རྟོག་པས་བསྐྱེད་དུ་མེད་པར་སྤྱོད། །མཚན་མའི་གསས་མཁར་བརྒྱ་ཉི་ཤུ། །སྐུ་གསུང་ཐུགས་དང་རྩ་ལ་འདུས། །སྐུ་ནི་ཉེར་གཅིག་གསུང་ཞེ་བརྒྱད། །ཐུགས་ལ་སོ་གསུམ་རྩ་གནས་ལ། །བཅོ་བརྒྱད་དག་ཏུ་གསུངས་པའོ། །ཟབ་མོ་ཉམས་སུ་བླངས་པ་ལ། །མི་མཐུན་ལོག་པས་བསྐྱེད་མེད་སྤྱོད། །སྒྱུ་འཕྲུལ་གསང་སྤྱོད་པ་གསུམ། །སྤྱད་བྱའི་ཡུལ་དང་སྤྱོད་བྱེད་རྐྱེན། །སྤྱོད་ཚུལ་ཐབས་ལ་དམིགས་པ་ལ། །གནས་དང་རྫས་དང་ཡི་གེར་དབྱེ། །གྲོགས་གནས་དམིགས་པ་ཡི་གེར་འདུས། །གནས་ལ་དོན་དམ་ཀུན་རྫོབ་གཉིས། །ཐབས་ཤེས་ཟུང་འབྲེལ་སྒོ་ནས་སྤྱོད། །རྫས་ནི་ཆས་དང་ཕྱག་མཚན་དང༌། །དངོས་གྲུབ་བརྟེན་དང་མཆོད་རྫས་སོ། །དགོས་འདོད་འབྱུང་བར་བྱིན་གྱིས་རློབས། །དཔེ་དོན་རྟགས་དང་མཚན་མའི་རྫས། །ཕུང་པོ་ལྷ་ཡི་ཡི་གེ་གསུམ། །ཡིག་འབྲུ་ལྷ་སྐུ་སོགས་ལ་སྤྱོད། །བྱེ་བྲག་དམིགས་ཀྱི་སྤྱོད་པ་གསུམ། །ལུས་ངག་ཡིད་གསུམ་དག་པའི་ཕྱིར། །ཕྱག་རྒྱ་སྙིང་པོ་ཏིང་འཛིན་གསུམ། །ཕྱག་རྒྱ་རྣམ་པ་གསུམ་པོ་ནི། །སྐུ་གསུམ་ཐུགས་རྗེའི་འཆར་ཚུལ་དང༌། །ལམ་གྱི་འགྲོ་བ་འདུལ་བ་དང༌། །ལྷ་ཡི་བརྡ་སྤྲོད་གསལ་བྱེད་ལ། །བོན་ཉིད་དབྱིངས་དང་གཤེན་རབ་སྟོབས། །བཅའ་བསྒྱུར་སྐུ་སྟོན་ཕྱག་རྒྱ་གསུམ། །བོན་ཉིད་ཤར་དང་དོན་མཐར་ཕྱིན། །སྣང་གྲགས་ལྷར་བསྒྱུར་ཚུལ་དུ་སྤྱོད། །སྙིང་པོ་རྣམ་གསུམ་ཁྱད་པར་ནི། །སྙིང་པོ་དོན་གྱི་རྩ་བ་ལ། །འཛབ་ནི་བྱེ་བྲག་འཕྲོ་འདུ་དང༌། །སྔགས་ནི་ཡེ་ཤེས་སྐོས་འདེབས་སོ། །འཕྲོ་འདུ་བཟླས་བརྗོད་མཉམ་བཞག་ན། །སྐུ་དང་ཡེ་ཤེས་འོད་འབྱུང་འགྱུར། །ཏིང་འཛིན་རྣམ་པ་གསུམ་པོ་ནི། །མ་བཅོས་ཐུགས་རྗེ་ཚད་མེད་དང༌། །འོད་དང་ཡིག་འབྲུས་བསྐྱེད་པ་ལ། །དེ་བཞིན་ཀུན་སྣང་རྒྱུ་དང་གསུམ། །བཅོས་བསླད་བྲལ་དང་འགྲོ་བ་འདྲེན། །དག་སྣང་གོམ་པར་བྱ་ཞིང་བསྒོམ། །སྤྱོད་པའི་དོན་ལ་རྣམ་པ་གཉིས། །ལམ་འཇུག་ཐབས་ཀྱི་སྤྱོད་པ་ནི། །དགེ་བཅུས་ལུས་ངག་ཡིད་གསུམ་སྦྱངས། །དོན་སྒྲུབ་ཤེས་རབ་སྤྱོད་པ་གསུམ། །གསང་དང་གསང་བའི་རྟུལ་ཤུགས་དང༌། །ཕྱོགས་མེད་རྣལ་འབྱོར་སྤྱོད་པའོ། །དགོངས་རྟོགས་ཡེ་ཤེས་རྩལ་རྫོགས་པས། །སེང་གེ་མཆོང་འདྲའི་དཔེ་ཡིས་མཚོན། །ཐབས་ཤེས་ཟུང་འབྲེལ་ཚུལ་དུ་སྤྱོད། །དགག་སྒྲུབ་གཟུང་འཛིན་ཞེན་པ་བྲལ། །དྲན་རྟོག་བདག་འཛིན་སྟོང་པར་གྲོལ། །སྤྱོད་པ་མ་འབྱོང་རྟུལ་ཤུགས་ནི། །བབ་ཆོལ་ཐོ་ཅོས་ངན་འགྲོར་གོལ། །ཐབས་ཤེས་གནད་དུ་བསྣུན་པས་ཆོད། །རྩལ་འབྱོང་སྐུ་གསུམ་མངོན་དུ་འགྱུར། །སྐྱོན་ཡོན་སྤང་བླང་བྱེ་བྲག་འབྱེད། །ལྟ་སྒོམ་ཡོངས་རྫོགས་འབྲས་བུ་འཐོབ། །ཟབ་མོའི་སྒོམ་པ་རྣམ་པ་གསུམ། །སེམས་ཟིན་པ་དང་གནས་པ་དང༌། །གནས་པ་མངོན་གྱུར་རིམ་པ་ལ། །མཚན་བཅས་དང་ནི་མཚན་མེད་དང༌། །གནས་ལུགས་དོན་གྱི་སྒོམ་པ་གསུམ། །མཚན་བཅས་ཏིང་འཛིན་རྣམ་པ་གསུམ། །བསྐྱེད་རིམ་མཚན་མའི་དམིགས་པ་དང༌། །རྩ་རླུང་ཐིག་ལེར་བརྟེན་པ་ལས། །འཕྲིན་ལས་གཞུང་དང་གནས་པ་ལམ། །ཐིག་ལེ་ཐབས་ཀྱི་སྒོམ་པ་གསུམ། །འཕྲིན་ལས་གཞུང་སྐབས་སྒོམ་པ་དགུ། །དཔོན་གྲོགས་ལྷ་དང་གཞལ་ཡས་དང༌། །མཆོད་པའི་རྫས་ལ་དམིགས་ལ་བསྒོམ། །གནས་དང་ལམ་གྱི་སྒོམ་པ་དགུ། །ཚོགས་བརྒྱད་ཞེན་པ་གཞོམ་པ་དང༌། །ཕུང་པོའི་ཞེན་པ་གཞོམ་པའི་ཕྱིར། །མཚན་མ་བཞི་དང་ཡིག་འབྲུ་ལྔ༌། །སེམས་འཛིན་རྣམ་པ་གཉིས་སུ་དབྱེ། །ཐིག་ལེ་ཐབས་ཀྱི་བསྒོམ་པ་གསུམ། །རང་ལུས་ཐབས་ལ་བརྟེན་པ་དང༌། །གཞན་ལུས་ཤེས་རབ་ལ་བརྟེན་དང༌། །བདེ་སྟོང་ཟུང་འཇུག་ཉམས་སུ་བླངས། །སྣང་དང་ཕུང་པོ་གཡེམས་དད་ཀྱི། །ཞེན་པ་ལྡོག་ཅིང་དག་སྣང་དང༌། །རྟོག་མེད་ཡེ་ཤེས་བདེ་སྟོང་འཆར། །མཚན་མེད་ཏིང་འཛིན་རྣམ་པ་གསུམ། །དོན་ལ་མཉམ་པར་བཞག་པ་དང༌། །དེ་ལ་མ་ཡེངས་གནས་པ་དང༌། །མི་མཐུན་མཐར་འཛིན་བསལ་བ་ལ། །ཐིག་ལེ་མཉམ་བཞག་མ་བཅོས་རྒྱུན། །གཉིས་འཕྲང་མུན་སེལ་གསུམ་དུ་དབྱེ། །ཐིག་ལེ་མཉམ་བཞག་བསྒོམ་པ་དགུ། །བདེན་མེད་རྩོལ་མེད་གཉིས་མེད་པར། །བྱང་ཆུབ་སེམས་སུ་དབྱེར་མེད་བསྒོམ། །མ་བཅོས་རྒྱུན་གྱི་སྒོམ་པ་དགུ། །མཚན་མེད་དོན་ལ་འབྲལ་མེད་བསྒོམ། །གཉིས་འཕྲང་མུན་སེལ་བསྒོམ་པ་དགུ། །མཐའ་བྲལ་གཉིས་མེད་རྒྱ་ཡན་བསྒོམ། །མཚན་མ་རྣམ་གཡེངས་གཉིས་འཛིན་གྲོལ། །དབྱེར་མེད་རྒྱུན་ཆགས་རྒྱ་ཡན་འཆར། །གནས་ལུགས་དོན་གྱི་བསྒོམ་པ་གསུམ། །རང་འབྱུང་ཡེ་ཤེས་ངོ་སྤྲོད་དང༌། །ཉམས་ཀྱི་དྲི་མ་བྲལ་བ་དང༌། །ཉམས་རྟོགས་དབྱེར་མེད་གྱུར་པ་ལས། །མ་འགག་དམིགས་མེད་ཡེ་ཤེས་རྫོགས། །མ་ཡིན་ངང་གི་སྒོམ་པ་གསུམ། །མ་འགག་དམིགས་མེད་སྒོམ་པ་དགུ། །ཡེ་ཤེས་ལྔ་སོགས་མི་དམིགས་བསྒོམ། །ཡེ་ཤེས་ཡོངས་རྫོགས་སྒོམ་པ་དགུ། །བཅིང་དཀྲོལ་མེད་པའི་བྱང་ཆུབ་

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ༄༅། …
error: རྩོམ་འདི་བདག་དབང་ཅན་ཡིན།