ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

མཐར་ཐུག་ཡོན་ཏན་རྒྱས། །དམ་ཚིག་འདི་དང་མ་བྲལ་ན། །ལྟ་སྒོམ་སྤྱོད་འབྲས་རྒྱུད་ལས་སྐྱེ། །ཟབ་མོའི་ཕྲིན་ལས་རྣམ་པ་གསུམ། །བདག་དོན་གཞན་དོན་གཉིས་དོན་ལ། །ལུང་དོན་གཞུང་དང་མཐའ་བསྒྱུར་མཆོང༌། །འགྲོ་དོན་རྟགས་ཀྱི་ཕྲིན་ལས་དབྱེ། །ལུང་དོན་གཞུང་གི་ཕྲིན་ལས་གསུམ། །དབང་པོ་རབ་འབྲིང་ཐ་མ་ལ། །རྒྱས་འབྲིང་བསྡུས་པ་གསུམ་དུ་དབྱེ། །ཞི་བའི་དོན་ལ་མ་བསྙེན་ན། །རི་དྭགས་སྨྲིག་རྒྱུ་སྙོགས་པ་འདྲ། །ཁྲོ་རྟགས་དྲག་པོར་མ་བསྒྲུབ་ན། །ས་མཚམས་འཕྲང་རོང་བགྲོད་འདྲར་གསུངས། །དེས་ན་ཞི་ཁྲོ་གཉིས་གཉིས་སོ། །བསྡུས་པ་གསང་ཐུས་ལ་སོགས་བསྟན། །རང་གཞན་དོན་དུ་བྱང་ཆུབ་ཕྱིར། །སྐུ་དང་ཡེ་ཤེས་ཕྲིན་ལས་བསྒྲུབ། །མཐའ་བསྒྱུར་མཆོང་གི་ཕྲིན་ལས་དགུ། །ཐེག་དགུ་དག་ལ་རྣམ་པར་དབྱེ། །གང་ལ་གང་འདུལ་རྣམ་པར་བསྒྲུབ། །འགྲོ་དོན་རྟགས་ཀྱི་ཕྲིན་ལས་གསུམ། །བསྙེན་བསྒྲུབ་ལས་ཀྱི་རིམ་པ་དང༌། །རང་རང་བློ་ལ་གང་འཚམས་བྱ། །གཉིས་དོན་བསྒྲུབ་པའི་ལས་མཐའ་ལ། །བསྙེན་བསྒྲུབ་རྒྱས་པ་གང་མོས་དང༌། །ལས་ཀ་མཐའ་བསྒྱུར་གསུམ་དུ་དབྱེ། །བསྙེན་བསྒྲུབ་རྒྱས་པར་རྣམ་པ་གཉིས། །གཞུང་སྐབས་དབྱེ་དང་ནོར་བུ་ལུགས། །དབྱེ་བ་སྐོར་ཚོམ་ལ་ཡང་གཉིས། །སྒྲུབ་པ་ཕྲིན་ལས་སྐོར་ཚོམ་དང༌། །སྒྲུབ་བྱ་ལྷ་ཡི་སྐོར་ཚོམ་མོ། །སོ་སོ་གང་མོས་ལ་ཡང་གཉིས། །རྒྱས་འབྲིང་བསྡུས་དང་སྒང་སྒྲིལ་ལོ། །བསྡུས་དོན་སྒང་སྒྲིལ་ལ་ཡང་གསུམ། །སྡེ་ཚན་སྒང་དུ་སྒྲིལ་བ་དང༌། །སྐུ་རྫོགས་ལ་སོགས་གང་མོས་སོ། །སྡེ་ཚན་སྒང་དུ་སྒྲིལ་བ་ལ། །ཆེན་པོ་དུག་ལྔ་རང་གྲོལ་དང༌། །རིག་པ་ཚོགས་བརྒྱད་འཛིན་མེད་དང༌། །སྤྲུལ་པ་དུས་རྟགས་ཞེན་མེད་ལ། །དབལ་མོ་དགྲ་བགེགས་ཚར་གཅོད་དང༌། །གྱད་དང་དམག་དཔོན་རྒྱལ་ཆེན་རྣམས། །བར་ཆོད་རྐྱེན་བཟློག་ཉིད་དུ་བསྒྲུབ། ལས་ཁ་དགུ་ནི་མཆོང་དགུ་སྟེ། །ཐེག་པ་དགུ་ཡི་མཆོང་དུ་གསུངས། །ཐམས་ཅད་མ་ལུས་སེམས་ཀྱི་རྩལ། །སྐྱེ་མེད་སྤྲོས་བྲལ་རྒྱ་ཡིས་ཐོབས། །གསང་བའི་ཕྲིན་ལས་རྣམ་བཞི་ལ། །རིག་པ་གཅིག་རྫོགས་ཕྲིན་ལས་ནི། །རང་རིག་ཡེ་ཤེས་ངོ་སྤྲོད་ནས། །དེ་དོན་ཕྲིན་ལས་ཀྱི་བསྒྲུབ་པས། །རྟོག་ཤར་དོན་གཉིས་མཐར་ཕྱིན་པའོ། །སྣ་ཚོགས་ལམ་སློང་ཕྲིན་ལས་ནི། །ཅི་བྱེད་ཕྲིན་ལས་ཉིད་དུ་བསྒྲུབ། །སྣོད་བཅུད་ལྷ་དང་གཞལ་ཡས་ལྟ། །སྒོ་གསུམ་ཕྱག་རྒྱ་སྔགས་འཛབ་དང༌། །ཏིང་འཛིན་ཡེ་ཤེས་རོལ་པའོ། །སྣང་གྲགས་མཆོད་རྒྱན་ལོངས་སྤྱོད་ལ། །རྣམ་རྟོག་ཡེ་ཤེས་སོགས་སུ་བསྒྲུབ། །ཐབས་ཤེས་ཟུང་འབྲེལ་ཕྲིན་ལས་ནི། །སྦྱོར་སྒྲོལ་ཟབ་མོ་ལ་སོགས་པ། །མཚན་བཅས་འགག་མེད་རོལ་རྒྱན་དུ། །མ་བཀག་ཐབས་ཀྱི་སྒོ་ནས་སྤྱོད། །དེ་དག་དམིགས་མེད་ཤེས་རབ་ཀྱིས། །སེམས་ཉིད་སྐྱེ་མེད་རྒྱས་གདབ་ལ། །དབྱེར་མེད་ཟུང་འཇུག་ཉམས་སུ་བླང༌། །འགྲོ་དོན་མཐར་ཕྱིན་ཕྲིན་ལས་ནི། །ཐེག་དགུ་ལས་བཞི་ལ་སོགས་པས། །གཞན་དོན་ཅི་འགྱུར་བསྒྲུབ་པར་བྱ། །རྟོགས་པའི་སྲོག་འཛིན་འགྲོ་དོན་གྲུབ། །དོན་གཉིས་འཕེལ་འགྲིབ་མེད་བསྒྲུབ་ཕྱིར། །ཁུ་བྱུག་གསུང་སྙན་སྒྲོག་པས་མཚོན། །ཕྱག་རྒྱ་སྙིང་པོ་ཏིང་འཛིན་རྫས། །ཚིག་བཤད་སོགས་ཀྱིས་གཡེལ་མེད་བསྒྲུབ། །བསྒྲུབ་བྱ་སྒྲུབ་བྱེད་བསྒྲུབ་ཚུལ་སོགས། །སེམས་ཉིད་སྐྱེ་མེད་རྒྱ་ཡིས་ཐོབ། །བསྐྱེད་རྫོགས་དབྱེར་མེད་བྱང་ཆུབ་སེམས། །རྫོགས་ཆེན་བློ་འདས་རྒྱུད་ལ་བརྟེན། །ཕྱི་རྟགས་འགྲོ་དོན་ཕྱོགས་མེད་འགྲུབ། །ནང་རྟགས་སྣ་ཚོགས་ལྷ་སྐུར་གྲོལ། །གསང་རྟགས་གནས་ལུགས་སྐྱེ་མེད་འཆར། །དངོས་དང་འབད་རྩོལ་ཞེན་པ་གོལ། །བདག་འཛིན་དངོས་འཛིན་མཚན་མ་མེད། །རྩོལ་བྲལ་གཉུག་མ་བསྒྲུབས་པས་ཆོད། །མཆོག་ཐུན་དངོས་གྲུབ་མྱུར་འཐོབ་སྟེ། །དོན་གཉིས་མཐར་ཕྱིན་དགོས་པ་ཡོད། །འབྲས་བུ་ཡལ་བར་མི་འདོར་ཞིང༌། །རང་གཞན་དོན་རྣམས་མཐར་ཕྱིན་བྱེད། །དམིགས་ཡུལ་དབྱིངས་ཤེས་དབྱེར་མེད་ལ། །ལྷ་ཡི་སྐུ་སོགས་དོན་གནས་ན། །གནས་ལུགས་སྤྲོས་བཅས་ཉིད་དུ་འགྱུར། །མི་གནས་དེ་བསྒོམ་ཡུལ་མེད་ཕྱིར། །དེ་སྒོམ་ཏིང་འཛིན་འཁྲུལ་པར་འགྱུར། ཅེ་ན། །གཤིས་ཀྱི་འདུག་ཚུལ་ལ། །ལྷ་སྐུ་ལ་སོགས་མ་གྲུབ་ཀྱང༌།། ཀུན་རྫོབ་རོལ་བའི་རྩལ་ཤར་བ། །རྩོད་རྐྱེན་རྣམ་གཉིས་འདིར་མི་གནོད། །ལྷ་དང་གཞལ་ཡས་ལ་སོགས་པ། །ཐམས་ཅད་སེམས་ཀྱི་རོལ་པ་ཡིན། །སེམས་ཉིད་སྐྱེ་མེད་སྤྲོས་བྲལ་ཕྱིར། །སེམས་རིག་བདེན་འདོད་འདིར་མི་མཚུངས། །ཀུན་རྫོབ་ལྷ་དང་ལྷ་མོར་རྣམས། །སྣང་ལ་རང་བཞིན་མེད་པ་ཡི། །དཀྱིལ་འཁོར་འགག་མེད་རོལ་པའི་རྩལ། །དོན་དམ་སེམས་ཉིད་ཉག་གཅིག་ལ། །སྐྱེ་མེད་སྤྲོས་དང་བྲལ་བའི་ཕྱིར། །སྒྱུ་མ་ཀུན་རྫོབ་སྤྲོས་བྲལ་ལ། །དོན་དམ་འདོད་དང་འདིར་མི་མཚུངས། །རང་སེམས་ལྷ་རུ་གནས་པའི་དོན། །གཉིས་མེད་བདག་ཉིད་ཆེན་པོ་ཡི། །དཀྱིལ་འཁོར་ཉིད་དུ་འདོད་པའི་ཕྱིར།། ཡེ་ཤེས་པ་དང་དམ་ཚིག་པ། །རང་ལས་གཞན་འདོད་འདིར་མི་མཚུངས། །བསྐྱེད་རྫོགས་གོམ་བྱེད་ཤེས་པ་དེ། །རྟོག་བཅས་ཡིན་ནམ་རྟོག་མེད་ཡིན། །ཡེ་ཤེས་ཐོབ་པ་ཇི་ལྟར་འགྱུར། །རྟོག་མེད་ཡིན་ན་ལྷ་སྐུ་ཡི། །རང་མཚན་མངོན་དུ་ཅིས་མི་འགྲུབ། །འབད་མེད་ཉིད་དུ་འགྱུར་ཞེ་ན། །ཐོས་བསམ་རྟོག་པ་དོན་མཐུན་གྱིས། །རྟོག་མེད་ཡེ་ཤེས་བསྐྱེད་ནུས་ཕྱིར། །དེ་ཡི་རྩོད་པས་འདིར་མི་གནོད། །བློ་དང་དབང་པོའི་ཁྱད་པར་གྱིས། །ལ་ལར་རྟོག་མེད་ཉིད་ཀྱང་སྲིད། །རྒྱུད་ལས་སྐྱེ་ཚུལ་གཉིས་ཀྱིས་བསྟན། །ཟབ་མོ་དབང་གིས་བགྲོད་ལམ་དང༌། །རིག་འཛིན་ཐར་པའི་ལམ་མཆོག་གོ། །ཕྱི་དབང་ཐོབ་པས་བདེན་ཞེན་གྲོལ། །ནང་དབང་ཕུང་པོའི་མཚན་འཛིན་གྲོལ། །གསང་དབང་ཟག་མེད་རྒྱུད་ལས་འཆར། །ཡང་གསང་རང་གྲོལ་རྟོགས་པ་འཆར། །དེ་བཞིན་མོས་སྤྱོད་ས་དང་པོ། །ས་བཅུ་བོན་ཉིད་བདེ་ཆེན་ནོན། །ཡུལ་དང་དྲན་རྟོག་མ་རིག་དང༌། །གནས་ངན་ལེན་པའི་འཛིན་པ་གྲོལ། །རིག་འཛིན་ཐར་པའི་ལམ་བརྒྱད་ཀྱིས། །ས་རྫོགས་སྐུ་གསུམ་མངོན་དུ་གྱུར། །ཟབ་མོའི་འབྲས་བུ་རྣམ་པ་གཉིས། །གནས་སྐབས་མཐར་ཐུག་དགོས་པའོ། །མཆོག་དང་

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ༄༅། …
error: རྩོམ་འདི་བདག་དབང་ཅན་ཡིན།