ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

བཤད། །ཕྱི་ནང་གསང་བ་ཡང་གསང་ངོ༌། །ཕྱི་ནི་གཡུང་དྲུང་གནས་བཞི་ལ། །ནང་གི་དམིགས་པ་སྒོ་བཞི་དང༌། །གསང་བ་ཤེས་རབ་རྒྱུན་བཞི་དང༌། །ཡང་གསང་ཕྱག་རྒྱ་གཟེར་བཞིའོ། །སྐྱབས་སུ་འགྲོ་ཚུལ་རྣམ་པ་བཞི། །ཕྱི་ཡི་གཡུང་དྲུང་གནས་བཞི་ནི། །བླ་མ་བདེར་གཤེགས་རྟེན་གསུམ་དང༌། །ཕྱོགས་བཅུའི་གཤེན་རབ་རྣམ་བཞི་འོ། །ནང་གི་དམིགས་པ་སྒོ་བཞི་ནི། །བླ་མ་སྤྱི་བོར་ཡི་དམ་མཁར། །ཐུགས་ཕྲད་བླ་མ་ཡི་དམ་ལ། །མྱུར་དུ་སྐྱབས་གསོལ་ལ་སོགས་དམིགས། །འགྲོ་ཀུན་ཉེ་བར་སྐྱོབས་ལ་དམིགས། །གསང་བ་ཤེས་རབ་རྒྱུན་བཞི་ནི། །བློ་གསལ་རིག་པ་སོ་སོར་གསལ། །ཐབས་རྒྱ་མ་ཆད་ཤེས་རབ་ལ། །མི་དམིགས་ཤེས་རབ་རྒྱུན་བཞིའོ། །ཡང་གསང་ཕྱག་རྒྱ་གཟེར་བཞི་ནི། །སྣང་སྲིད་ནམ་མཁར་རྒྱས་གདབ་དང༌། །དེ་བཞིན་བོན་ཅན་བོན་ཉིད་དང༌། །རྣམ་རྟོག་མ་ལུས་སེམས་ཉིད་ལ། །དོན་དམ་ཐམས་ཅད་མ་ལུས་པ། །བདག་ཉིད་ཆེན་པོར་རྒྱས་གདབ་བོ། །ཐབས་ཀྱི་གོ་རིམ་ཚང་བ་ཡིས། །བླངས་ལ་ཚུལ་བཞིན་འཇུག་པར་བྱ། །མུ་སྟེགས་བྱེད་ལས་ཁྱད་པར་འཕགས། །མི་མིན་བདུད་ཀྱི་བར་མི་ཆོད། །སྡོམ་པའི་རྟེན་རུང་སྒྲིབ་གཉིས་འབྱང༌། །ངན་འགྲོར་མི་སྐྱེ་གཞན་སྐྱོབས་འགྱུར། །དངོས་གྲུབ་མྱུར་ཞིང་ནད་མི་ཚུགས། །དབྱངས་སྙན་ཀུན་གྱི་བཀའ་བཙན་འགྱུར། །གཞི་བཟུང་སྙིང་རྗེ་འདི་ལྟ་སྟེ། །མ་གྱུར་མ་རྟོགས་འགྲོ་བ་ཀུན། །སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །དེ་ལྟར་ཡང་ནས་ཡང་དུ་བསྒོམ། །བྱམས་དགའ་བཏང་སྙོམས་རིམ་པར་སྐྱེ། །དེ་ལས་སེམས་བསྐྱེད་དེ་ལས་ལམ། །འབྲས་བུ་སངས་རྒྱས་མྱུར་ཐོབ་འགྱུར། །དྭངས་ཤིང་མོས་དང་ཡིད་ཆེས་དང༌། །ཐོས་པར་དད་ཅིང་སྐྱེ་ཤི་འཇིགས། །དད་པ་མེད་བཙལ་ཡོད་པ་བཙའ། །དད་པས་སྐྱབས་འགྲོ་དེ་ལས་ནི། །སེམས་བསྐྱེད་ལ་སོགས་ཉེ་བར་སྐྱེ། །ས་མཁན་དཀྱུས་ཀྱི་ལམ་པས་བཀྲི། །མཚན་དང་ལྡན་པའི་བླ་མ་ནི། །ཐུགས་རྗེ་ཆེ་ཞིང་ཐབས་ལ་མཁས། །ཐམས་ཅད་མཁྱེན་པའིཁྱད་ལྡན་དེ། །རྫོགས་པའི་སངས་རྒྱས་ཉིད་དུ་བལྟ། །དཔོན་གསས་བརྟེན་ལ་གང་མཁས་པ། །དེ་ཉིད་དེ་དང་དབྱེར་མེད་འགྱུར། །གཞན་ཕྱིར་བྱང་ཆུབ་ལ་འདུན་པའི། །དྲན་པའི་སྤོབས་པ་ཆེན་པོར་བསྐྱེད། །དེ་ལ་སྨོན་འཇུག་གཉིས་སུ་དབྱེ། །སྨོན་སེམས་ཡུལ་གྱི་སྒོ་ནས་གཉིས། །ཀུན་རྫོབ་དོན་དམ་སེམས་བསྐྱེད་དོ། །གཏན་ཏུ་བ་ནི་སྨོན་སེམས་ལ། །རེ་འགའི་གྲོགས་ནི་བླ་མེད་གཞན། །འཇུག་སེམས་ཁྱད་པར་བཞི་དང་ལྡན། །རིག་པ་རྟུལ་ཤུགས་ཐུགས་རྗེ་དང༌། །ཚད་མེད་ཟུང་འཇུག་རྣམ་བཞིའོ། །སྤྱིར་ནི་ཡུལ་གྲོགས་གོང་བཞིན་ཤེས། །དེ་དག་རྒྱུ་རྐྱེན་འཛོམ་པ་ཡིས། །བླངས་ལ་ཚུལ་བཞིན་འཇུག་པར་བྱའོ། །བདེར་གཤེགས་མཉེས་ཤིང་བསམ་པ་འགྲུབ། །དམ་པར་འགྱུར་ཞིང་སྡིག་སྒྲིབ་འབྱང༌། །བར་གཅོད་ཞི་ཞིང་དགེ་རྩ་འཕེལ། །རྫོགས་པའི་སངས་རྒྱས་མྱུར་འཐོབ་འགྱུར། །ཟབ་མོའི་ལམ་སྒོ་དབང་གིས་དབྱེ། །དབང་བཞི་མ་རྫོགས་རྣལ་འབྱོར་ནི། །སྐས་མེད་ཐོག་ཁར་མཆོང་པ་འདྲ། །ཡ་ཐོད་མེད་པའི་མ་འགལ་འདྲ། །ལག་གཡས་མེད་པའི་གཡོན་པ་བཞིན། །ཟབ་མོའི་ལམ་སྒོར་འཇུག་མི་ནུས། །ཞུགས་ཀྱང་ཡོན་ཏན་མི་འཆར་ཏེ། །བར་ཆོད་རྐྱེན་དབང་ལ་སོགས་འགྱུར། །ཉན་པའི་དབང་ནི་མ་ནོས་པར། །ཉན་ན་གསང་བ་འོན་ཅན་སྐྱེ། །བཤད་པའི་དབང་མཆོག་མ་ནོས་པར། །བཤད་ན་ལྐུགས་པ་ཁ་མེད་འགྱུར། །དབང་མེད་ལ་ཁའི་བྱ་སྒྲོ་འདྲ། །ཉན་དང་འཆད་དང་སྒོམ་པ་སོགས། །དབང་ཐོབ་དེ་ནས་བྱ་བར་གསུངས། །དེ་ཕྱིར་མཁས་པས་དབང་ལ་བརྩི། །དབང་ལ་རྣམ་པ་བཞི་རུ་དབྱེ། །ཕྱི་ནང་གསང་བ་ཡང་གསང་ངོ༌། །ཕྱི་དབང་གསང་མཁར་སྤྱི་ཁྱབ་དང༌། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །ཕྲིན་ལས་ཐབས་ཤེས་སྙོམས་འཇུག་དང༌། །ཐེག་དགུ་སོ་སོའི་དབང་དང་བརྒྱད། །ནང་གི་དབང་ལ་རྣམ་པ་གསུམ། །ཕུང་པོ་ལྷ་རུ་བསྒྱུར་དབང་དང༌། །རྣམ་རྟོག་ཡེ་ཤེས་ཉིད་དུ་བསྒྱུར། །གསང་བ་རིག་པ་བོན་ཉིད་བསྒྱུར། །གསང་བའི་དབང་ལ་རྣམ་པ་གསུམ། །ངོ་བོ་མ་གཡོས་སྟོང་དབང་དང༌། །རང་བཞིན་གང་ཡང་མ་བཅོས་སྣང༌། །རྣམ་པ་གར་གསལ་འོད་གསལ་ཤེས། །ཡང་གསང་དབང་ལ་རྣམ་པ་བཞི། །མ་གཡོས་མ་བཅོས་ལྷུན་གྱིས་གྲུབ། །ནམ་མཁའ་ལྟར་དུ་ངོ་སྤྲོད་དོ། །སྟོང་གསལ་སྣང་གསལ་འོད་གསལ་བ། །ཤེལ་དཀར་ལྟར་དུ་ངོ་སྤྲོད་ཅིང༌། །ངོ་བོ་སྟོང་ལ་རང་བཞིན་སྣང༌། །རྣམ་པར་གསལ་བ་མར་མེ་ལྟ། །ངོ་བོ་ངོས་བཟུང་ཀུན་དང་བྲལ། །རང་བཞིན་དངོས་པོ་མཚན་མ་མེད། །རྣམ་པར་འཛིན་རྟོག་མེད་པ་ནི། །མེ་ལོང་ལྟར་དུ་སྤྲོད་པའོ། །དེ་ནོས་དམ་ཚིག་ཚུལ་བཞིན་བསྲུང༌། །དབང་ཐོབ་རི་རབ་རྒྱ་མཚོ་འདྲ། །འཛམ་གླིང་ས་བཅུ་ཟིལ་གྱིས་གནོན། །གེ་ཡི་བུ་ཕོ་སྟོབས་ཀྱིས་གནོན། །གནས་སྐབས་ཡོན་ཏན་ཀུན་འབྱུང་ཞིང༌། །ངན་སོང་ཡོངས་སྤང་མཐར་ཐུག་ཏུ། །ཐར་པ་ཆེན་པོ་འཐོབ་པར་འགྱུར། །ཟབ་མོའི་ལམ་རིམ་ལྔ་རུ་དབྱེ། །གནས་ལུགས་གཏན་ཕབ་ངོ་སྤྲོད་དང༌། །དེ་ལ་རྩལ་སྦྱང་ལ་དོར་དང༌། །དེ་དོན་ཉམས་སུ་ལེན་པ་དང༌། །དེ་དག་གཞི་འཛིན་རྩ་བ་དང༌། །མཐར་བྱུང་དོན་གཉིས་བསྒྲུབ་པ་ལ། །ལྟ་སྤྱོད་སྒོམ་པ་དམ་ཚིག་དང༌། །འཕྲིན་ལས་དང་ལྔ་རིམ་བཞིན་དབྱེ། །ལྟ་བ་རྣམ་པ་གསུམ་གྱིས་བསྟན། །ཀུན་ཏུ་རྨོངས་དང་ཕྱོགས་རེ་རྟོགས། །ཡང་དག་རྟོགས་ཤིང་འཁྲུལ་རྟོགས་མེད། །གསུམ་ལ་རིམ་བཞིན་མ་དག་དང༌། །རང་རྟོག་ཡང་དག་ལྟ་བ་དབྱེ། །མ་དག་ལྟ་བ་རྣམ་པ་གསུམ། །རྒྱུ་འབྲས་དོན་དང་གནས་ལུགས་ལ། །བློ་མ་ཕྱོགས་དང་ལོག་པར་ཕྱོགས། །ཡིད་གཉིས་གྱུར་པ་ལ་ལྟོས་ཏེ། །མ་རྟོག་ལོག་རྟོག་ཐེ་ཚོམ་དབྱེ། །མ་རྟོག་ལྟ་བ་བཅུ་བཤད་པ། །ལས་གྲུབ་རིགས་དྲུག་འཁྲུལ་སྣང་དྲུག །དགེ་སྡིག་མ་ངེས་ལུང་མ་བསྟན། །གཏོ་དཔྱད་བཟོ་དང་གསོ་བ་བཞི། །དེ་ལ་མངོན་པར་ཞེན་དམ་གྱིས། །ཡང་དག་མི་དྲན་འཁོར་བར་བརྒྱུད། །ལོག་རྟོག་ལྟ་བ་དྲུག་ཅུ་གཉིས། །ཉོན་མོངས་རེ་གཉིས་ལ་ལྟོས་ནས། །ལྟ་བ་དེ་ཡང་དེ་བཞིན་ནོ། །ཡེ་ཤེས་འགེགས་ཤིང་ངན་འགྲོ་བསྐྱེད། །ཐབས་ཤེས་ཟུང་འཇུག་ལམ་ལ་སྒྲིབ། །ཐེ་ཚོམ་ལྟ་བ་བཞི་བཅུ་གཉིས། །སྟོབས་ལྔ་ལས་ལྟོས་ཆེ་བ་གཅིག། །ཕར་ཕྱིན་བཅུ་ལས་ལོག་པ་བཅུ། །ངེས་དོན་སོ་གཅིག་ལ་ལྟོས་ནས། །གོལ་ལྟ་སོ་གཅིག་རྣམ་པར་དབྱེ། །དེ་ཕྱིར་ཞེ་དྲུག་གསུངས་པ་ཡང༌། །ཞེ་གཉིས་དག་ལ་འདུས་པའོ། །ཟབ་

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ༄༅། …
error: རྩོམ་འདི་བདག་དབང་ཅན་ཡིན།