ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

ཐུན་མོང་དངོས་གྲུབ་ཐོབ། །རིགས་ལྔའི་ཡོན་ཏན་བསྟན་སོགས་ཕྱིར། །རེ་རེར་རྣམ་པ་ལྔ་རུ་བཤད། །ཐུན་མོང་ལྔ་ནི་ཚེ་ལུས་དང༌། །ཡོ་བྱད་བྱིན་བརླབས་རྫུ་འཕྲུལ་ལྔ༌། །མཆོག་ནི་ལྟ་སྒོམ་སྤྱོད་པ་དང༌། དམ་ཚིག་ཕྲིན་ལས་མངོན་གྱུར་ལྔ༌། །རང་བཞིན་སྐུ་དང་ཡེ་ཤེས་དང༌། །མཛད་པའི་ཕྲིན་ལས་རྣམ་པ་གསུམ། །སྐུ་ལྔ་བོན་སྐུ་རྫོགས་སྐུ་དང༌། །ཅི་ཡང་སྤྲུལ་དང་ངོ་བོ་ཉིད། །མངོན་པར་བྱང་ཆུབ་སྐུ་དང་ལྔ༌། །དེ་ལ་གྱེས་པ་བཞི་བཅུ་ལྔ༌། །གྱ་དྲུག་ལ་སོགས་བསམ་མཐའ་ཡས། །ཇི་ལྟར་ཇི་སྙེད་གསལ་བ་ལས། །སྟོང་ཉིད་མེ་ལོང་མཉམ་ཉིད་དང༌། །སོ་སོར་རྟོགས་དང་བྱ་བ་གྲུབ། །ལྔ་ལས་ལྔ་སྤྲོས་དྲུག་ཅུ་གཅིག །བརྒྱད་ཁྲི་བཞི་སྟོང་བརྗོད་ལས་འདས། །བརྩལ་མེད་ལྷུན་གྲུབ་ཕྲིན་ལས་ནི། །ཞི་རྒྱས་དབང་དྲག་རྣམ་བཞི་ལ། །རེ་རེར་སྐུ་གསུང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ལྔ་ལྔར་སྤྲོས། །དེ་ལས་བརྒྱད་ཁྲི་བཞི་སྟོང་ངོ༌། །མཛད་པའི་ཕྲིན་ལས་བསམ་ལས་འདས། །མདོར་ན་ཟབ་མོའི་དགོས་པ་ནི། །ཚེ་འདིར་ལྷ་སྐུ་རིགས་སྟོབས་དང༌། །ཡེ་ཤེས་སྤྱན་རྫོགས་ཉིད་ཐོབ་ནས། །དོན་གཉིས་ལྷུན་གྲུབ་ཕྲིན་ལས་རྒྱས། །རང་གཞན་མཆོག་གི་སྐུ་ཐོབ་ཕྱིར། །ཟབ་མོའི་བརྗོད་བྱ་སྒང་དུ་སྒྲིལ། །དེ་ལྟར་བཤད་ལ་ནོངས་གྱུར་རྣམས། །སྐྱབས་ཡུལ་གཉན་ལ་མཐོལ་ཞིང་བཤགས། །དགེ་བས་མཁའ་ཁྱབ་འགྲོ་བ་ཀུན། །ཟུང་འཇུག་སྐུ་མཆོག་འཐོབ་ཕྱིར་བསྔོ༌། །འདིར་འཇུག་བདུད་ལས་རབ་རྒྱལ་ཞིང༌། །བསྟན་པའི་རྒྱལ་མཚན་འཛུག་པར་ཤོག། །།

                               ཅེས་པ་ཚུལ་འདི་ནི་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་དབེན་གནས་སྨན་རིའི་ཁྲོད་དུ་སྦྱར་བ་དགེའོ།། །།

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ༄༅། …
error: རྩོམ་འདི་བདག་དབང་ཅན་ཡིན།