ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

གསང་དོན་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

སེམས། །བརྟག་དཔྱད་མཚན་མ་ཀུན་ལས་འདས། །མ་འགག་རྒྱ་ཡན་ཕྱོགས་མེད་བསྒོམ། །མ་ཡེངས་ངང་གི་བསྒོམ་པ་དགུ། །སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་སོ། །སྒྲིབ་མེད་ཡེ་ཤེས་མངོན་འཆར་ཞིང༌། །བཅིང་གྲོལ་དབྱེར་མེད་གསལ་བར་རྟོགས། །མཐར་ཐུག་སྐུ་གསུམ་ལྷུན་གྲུབ་ཐོབ། །ཏིང་ངེ་འཛིན་གྱི་ཐུན་སྒོམ་དང༌། །བྱང་ཆུབ་སེམས་ཀྱི་ངང་སྒོམ་དང༌། །རྟོགས་པའི་ཀློང་སྒོམ་གསུམ་དུ་དབྱེ། །སྒོམ་ཡོད་སྤྲོས་བཅས་འོག་མ་ལ། །སྒོམ་མེད་ཆད་ལྟ་སོ་སྐྱེས་འགྱུར། །ཞེན་པའི་རྟོག་པས་འཇུག་ཅེ་ན། །དངོས་མཚན་འདི་ཞེས་སྒོམ་དུ་མེད། །གོམ་འདྲིས་བརྟེན་བྱེད་བསྒོམ་ཡོད་ཕྱིར། །རྩོད་པ་དེ་ཡི་སྐྱོན་གྱིས་དབེན། །འགྱུ་བའི་རྩད་གཅོད་རང་གཞན་བདེ། །གསལ་སྟོང་ངང་ལས་མ་གཡོས་པས། །རུ་སྦལ་རྒྱ་མཚོར་བསྐུམ་པས་མཚོན། །བསྐྱེད་རིམ་དག་གི་སེམས་བཟུང་ཞིང༌། །རྫོགས་པའི་རིམ་པས་མཉམ་པར་བཞག །རྫོགས་པ་ཆེན་པོ་ལ་བཟླའོ། །ཕྱི་ཡི་ཡུལ་རྣམས་ངོས་བཟུང་བྲལ། །ནང་གི་སེམས་ལ་ཆགས་ཞེན་མེད། །གསང་དགོངས་དགའ་བྲོད་མེད་པར་གསལ། །བདེ་གསལ་མི་རྟོག་ལ་ཞེན་སོགས། །ཞེན་ཆགས་བྲལ་བས་ཡོངས་སུ་ཆོད། །རྟོགས་པའི་གོལ་ས་རྣམ་པ་ལྔ༌། །ཤོར་བ་གསུམ་དང་གོལ་བ་གཉིས། །གསུམ་ནི་དོན་སྤྱི་བློ་བྱས་དང༌། །གོལ་ཡུལ་ཤོར་བ་རྣམ་གསུམ་མོ། །ཐོས་བསམ་ངོ་སྤྲོད་རྒྱས་པས་བཟུང༌། །མ་ནོར་ཉམས་སུ་ལེན་པས་བཅོས། །རྟོགས་པའི་འབྲས་བུ་རྣམ་མཁྱེན་འཐོབ། །ལྟ་བསྒོམ་དབྱེར་མེད་བོན་སྐུ་འབྱིན། །ཟབ་མོའི་དམ་ཚིག་རྣམ་པ་གསུམ། །སྤྱིར་ནི་གསང་སྔགས་ཐེག་ཆེན་དང༌། །དངོས་སུ་གཞན་དོན་བསྒྲུབ་པ་དང༌། །གསང་དོན་སྙིང་པོར་དྲིལ་བ་ལ། །སྤྱི་དང་ལྷག་པ་ཁྱད་པར་གསུམ། །སྤྱི་ཡི་དམ་ཚིག་རྣམ་པ་གསུམ། །རྒྱུ་དང་བྱེད་རྐྱེན་ཡན་ལག་ལ། །དུག་ལྔ་དང་ནི་མི་དགེ་དང༌། །ཟས་གོས་གྲོགས་གསུམ་རྣམ་པར་དབྱེ། །དུག་ལྔ་སྤང་བསྒྱུར་རྩ་བ་ལ། །ཞེ་སྡང་གཏི་མུག་འདོད་ཆགས་དང༌། །ཕྲག་དོག་ང་རྒྱལ་རྣམ་པ་ལྔ༌། །རེ་རེ་ལ་ཡང་བཅུ་བཅུར་དབྱེ། །དུག་ལྔ་ཡེ་ཤེས་བསྒྱུར་ལ་བསྲུང༌། །དགེ་སྡིག་སྤང་བླང་རྩ་བ་ལ། །ལུས་ཀྱིས་སྲོག་གཅོད་མ་བྱིན་ལེན། །མིང་ཚངས་སྤྱོད་དང་རྣམ་པ་གསུམ། །ངག་གིས་ངག་འཁྱལ་ཚིག་རྩུབ་དང༌། །རྫུན་དང་ཕྲ་མ་རྣམ་པ་བཞི། །ཡིད་ཀྱི་མངན་སེམས་གདུག་སེམས་དང༌། །ལོག་པར་ལྟ་བ་རྣམ་པ་གསུམ། །རེ་རེ་ལ་ཡང་རྣམ་བཅུ་སྟེ། །སྡིག་སྤང་དགེ་ལ་སྤྱད་པས་བསྲུང༌། །འཚོ་ཆས་བརྟེན་ཟླ་རྣམ་གསུམ་ལ། །ཟས་གོས་གྲོགས་དང་གསུམ་དུ་དབྱེ། ཁ་ཟས་ལེན་འདོར་རྩ་བ་ལ། །ཤ་ཆང་སྒོག་གཙོང་རྣམ་པ་གསུམ། །ཤ་ཆང་གཉིས་ལ་བཅུ་བཅུ་བཤད། །བྱིན་གྱིས་བརླབ་ནས་དངོས་གྲུབ་རོལ། །གོས་རྒྱན་ཆས་ཀྱི་རྩ་བ་ལ། །དབྱེ་བ་རྣམ་པ་བཅུ་རུ་བཤད། །དགག་སྒྲུབ་སྒོ་ནས་རབ་ཏུ་བསྲུང༌། །བླང་དོར་གྲོགས་ཀྱི་རྩ་བ་ལ། །མཚན་ལྡན་བྱིན་གྱིས་བརླབས་ལ་བསྟེན། །ལྷག་པའི་དམ་ཚིག་རྣམ་པ་གཉིས། །རྩ་བ་དང་ནི་བྱེད་རྐྱེན་ལ། །དུག་ལྔ་དང་ནི་སྡིག་བཅུར་དབྱེ། །དེ་དག་སྤང་བསྒྱུར་སྒོ་ནས་བསྲུང༌། །སྒོས་གསེས་བཞི་ཁྲི་བཞི་སྟོང་དང༌། །སུམ་བརྒྱ་གྲངས་ནི་རྣམ་པར་བཤད། །ཁྱད་པར་དམ་ཚིག་རྣམ་པ་གསུམ། །ཐེག་སྒོ་རང་གི་རྟོག་ཚད་དང༌། །ཁྱད་པར་ཐབས་ཤེས་ཟུང་འབྲེལ་དང༌། །མཐར་ཐུག་ཡིན་ལུགས་རྟོགས་ཚུལ་ལས། །ཐེག་པ་རང་རྟོག་ཨ་དཀར་དང༌། །ཁྱད་པར་བླ་མེད་གསུམ་དུ་དབྱེ། །ཐེག་པ་རང་རྟོག་དམ་ཚིག་ལ། །བརྒྱད་ལ་དགུ་དགུ་དག་ཏུ་བཤད། །རང་རང་གཞུང་ལྟར་ཟུང་འབྲེལ་སྤྱོད། །གསང་བ་ཨ་དཀར་དམ་ཚིག་ལ། །རྩ་བ་ཡན་ལག་ཉིང་ལག་གསུམ། །རྩ་བ་རྣམ་ལྔ་གཞུང་དུ་གསལ། །དུག་ལྔ་ཡེ་ཤེས་བསྒྱུར་བ་དང༌། །ཕུང་པོ་སྐུ་ལྔར་བསྒྱུར་བ་ལ། །ཡན་ལག་བཅུ་རུ་དབྱེ་བར་གསུངས། །ཉིང་ལག་དམ་ཚིག་རྣམ་ལྔ་ནི། །གསང་དང་བསྒྱུར་དང་སྤྱད་པ་དང༌། །མི་འདའ་སྤང་བ་རྣམ་པ་ལྔ༌། །ཐབས་ཤེས་ཟུང་འབྲེལ་ཚུལ་དུ་བསྲུང༌། །ཁྱད་པར་བླ་མེད་དམ་ཚིག་ལ། །བསད་གསོ་སྦྱིན་བླང་ཆགས་ཚངས་དང༌། །བདེན་རྫུན་གཉིས་མེད་རྣམ་བཞི་བཤད། །བསྲུང་བྱ་སྲུང་བྱེད་སྲུང་ཚུལ་སོགས། །བྱང་སེམས་ངང་ལ་མ་གཡོས་པར། །མཐའ་བྲལ་ཉིད་ལ་མི་འདའ་བསྲུང༌། །བསྲུང་བྱའི་སྡོམ་པ་རྣམ་པ་གསུམ། །སོ་ཐར་གཡུང་དྲུང་སེམས་དཔའ་དང༌། །ཐེག་པ་ཆེན་པོ་གསང་སྔགས་སོ། །སོ་ཐར་རང་ཉིད་ཞི་བདེ་སོགས། །སེམས་དཔའ་རང་གཞན་བླ་མེད་བསྒྲུབ། །སྔགས་ཀྱིས་ཐམས་ཅད་གནས་སྐབས་དང༌། །སངས་རྒྱས་རང་ལ་སྐྱེ་ཕྱིར་དམིགས། །ཁྱད་པར་འཕགས་ལྡན་གང་ཟག་ལ། །སྡོམ་གསུམ་རིམ་བཞིན་སྐྱེ་སོགས་ཡོད། །གཞན་དག་ལ་ནི་ངེས་མེད་སྐྱེ། །བསྲུང་ཁྲིམས་མཚན་མ་ཇི་སྙེད་པ། །སེམས་ཉིད་སྐྱེ་མེད་ངོ་བོ་གྲོལ། །ཡེ་བསྲུང་ཆེན་པོའི་དམ་ཚིག་ཡིན། །སྔགས་སྡོམ་རྒྱུད་ལ་སྐྱེ་བ་ལ། །སོ་ཐར་དགོས་ན་ལྷ་ཁྱིམ་པར། །སྔགས་སེམས་སྡོམ་པ་རྒྱུན་ཆད་འགྱུར། །མི་དགོས་ལམ་པ་བཀྲིད་དྲང་གིས། །མི་འཇུག་པ་རུ་འགྱུར་ཞེ་ན། །སོ་ཐར་རྟེན་དགོས་ངེས་པ་མེད། །སོ་ཐར་ཉིད་ལ་འཆག་པ་ཡིན། །སེམས་དཔའི་སྡོམ་པ་དགོས་ངེས་སོ། །རིམ་པས་གོང་མ་ཐོབ་པའི་དུས། །གོང་འོག་སྡོམ་རྣམས་ངོ་བོ་དག །གཅིག་ན་རྟོག་ཚད་གཅིག་ཏུ་འགྱུར། །འདོད་ན་ཐ་དད་གསུངས་དང་འགལ། །ཐ་དད་ཤེས་རྒྱུད་དུ་མར་འགྱུར། །ཅེ་ན་སྣ་ཚོགས་རྒྱན་སྤྲས་མིན། །གནས་འགྱུར་ཚུལ་དུ་འདོད་པས་ན། །མ་སྤང་གོང་མར་རྒྱས་པས་ཚང། །ཕྱོགས་བྲལ་ཞིབ་ལ་སོ་འཇུག་ཕྱིར། །འདབ་ལྡན་ངང་མོའི་འགྲོས་ཀྱིས་མཚོན། །སྤྱི་དང་ལྷག་པ་ཁྱད་པར་གསུམ། །བསམ་སྦྱོར་དངོས་སུ་སྒྲུབ་པ་ཡིས། །ཐབས་ཀྱིས་མ་འགག་དག་པར་བསྲུང༌། །སྤྲོས་མེད་སེམས་ཉིད་ཉག་གཅིག་ཏུ། །ཤེས་རབ་ཉིད་ཀྱི་རྒྱས་གདབ་པོ། །ཕྱི་རྟགས་བདག་གཞན་ཆགས་སྡང་གྲོལ། །ནང་རྟགས་ཅི་བསམ་ལྷུན་གྱིས་གྲུབ། །གསང་རྟགས་སྐྱེ་མེད་གདོད་དག་འཆར། །དངོས་འཛིན་ཕྱོགས་ཤོར་གོལ་སྐྱོན་དེ། །མ་བཀག་ཡེ་བསྲུང་ཤེས་པས་ཆོད། །དེ་ལྟར་ཡེ་བསྲུང་དམ་ཚིག་དེར། །དགེ་སྡིག་སྤང་བླང་ཡོད་གྱུར་ན། །བསྲུང་མེད་ཡེ་བསྲུང་མ་ཡིན་ཞིང༌། །ཐེག་དམན་དག་དང་ཁྱད་མེད་འགྱུར། །གལ་ཏེ་མེད་ན་ཐ་མལ་དང༌། །ཁྱད་མེད་དག་ཏུ་འགྱུར་ཞེ་ན། །ཀུན་རྫོབ་ཐབས་ཀྱི་ཚུལ་དུ་ཡོད། །དོན་དམ་ཤེས་རབ་སྒོ་ནས་མེད། །དེ་ཕྱིར་རྩོད་གཉིས་འདིར་མི་གནོད། །གསང་བའི་དམ་ཚིག་སྲོག་དང་འདྲ། །གནས་སྐབས་

(སྤྱིའི་གཟིགས་གྲངས། 310 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
 ༄༅། …
error: རྩོམ་འདི་བདག་དབང་ཅན་ཡིན།