ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

སྲིད་པའི་མཛོད་ཕུགས་ཀྱི་རྩ་སྡོམ་རྒྱལ་བསྟན་གསལ་བའི་རྒྱན་ཞེས་བྱ་བ་བཞུགས།

ཅན་ཏེ་བརྒྱད། །ཚ་གྲང་བར་ན་ཉིས་ཚེ་ཉིས་འཁོར་གནས། །དམྱལ་སྟེང་ཡི་དྭགས་སྒྲིབ་ཅན་སྒྲིབ་པ་ཅན། །དེའི་སྟེང་ནང་སྒྲིབ་ཅན་དང་དེའི་སྟེང་ཕྱི། །བཟའ་བཏུང་ཡིད་ལ་བཏགས་ཚན་ཆེ་བས་སྦྱངས། །གཞན་ཡང་མཁའ་ལ་རྒྱུ་དང་རྒྱུ་དྲུག་འཁོར། །ཡི་དྭགས་སྟེང་དུ་བྱོལ་སོང་སྡེ་གསུམ་སྟེ། གནས་ན་སྦྱང་དང་བར་ན་དུས་ཀྱིས་འཐོམ། །མཁའ་ལ་རྐྱེན་ཐར་གསུམ་སོགས་ངན་འགྲོ་གསུམ། །གླིང་བཞིའི་མི་རྣམས་དྲོད་རྫུས་སྒོང་མངལ་སྐྱེས། །རྐོ་རིང་རྔ་མགོ་རྐོ་ཐུང་སྒྱུ་མ་མཁན། །གྱག་ཏི་ར་མགོ་གྱོག་ཏི་སྦལ་མི་ཟུང༌། །མར་ཞི་གླང་མགོ་ཏིང་ཞི་སྲིན་པོའི་ཚོགས། ཁ་སློན་སྤྲེལ་མགོ་སྤྲེལ་སྒྱུ་བྱིས་པའི་ཚུལ། །ས་ལས་ཆག་བདུན་འཕགས་པའི་བར་སྣང་ལ། །ཡིད་གཟུགས་སྦྱང་ཚན་ཅན་གྱི་དྲི་ཟ་བཅུ། །གླིང་ལས་བཞྀ་ཁྲི་འཕགས་པའི་བར་སྣང་དུ། །མེ་ཆུའི་ཤེལ་ལས་གྲུབ་པའི་ཉི་ཟླ་གཉིས། །ཞེང་ཚད་ཉི་མར་ང་གཅིག་ཟླ་བ་ལ། །ལྔ་བཅུ་གསུངས་ཀྱང་མཐའ་སྐོར་ཚད་དུ་འདོད། །གླིང་བཞིའི་ཉིན་མཚན་ཚད་དང་འཆར་ནུབ་མཉམ། །སྟོན་དགུན་ར་བའི་ཚེས་དགུར་ཉིན་མཚན་ཟློག །དེའི་རྟགས་ས་ལ་ཀུ་ཧྲང་ཙེ་སེ་འཚོ། །ཉི་ཟླ་རླུང་གསུམ་འཕུར་འདེགས་སྐོར་བར་བྱེད། གཟའ་སྐར་གཞན་ལ་གནོན་པའི་རླུང་བཅས་བཞི། །སྤྲིན་རླུང་འཁྲུགས་པས་འབྲུག་གློག་ཁ་ཆར་སེར། །དུས་བཞི་འཕོ་མཚམས་རྟགས་ལས་དགེ་སྡིག་སྟོན། །གསེར་གྱི་རི་བདུན་རྩེ་དང་སྨད་རྣམས་སུ། །ལྷ་ཀླུ་འཁོར་བསྒྱུར་གྲོང་བདུན་ཀླུ་ས་བདག །རི་རབ་ཡར་ཕྱེད་རིམ་བཞིན་རྔམས་ཁྲི་རེ། ཁ་ཁྱེར་སྟེང་ནས་བཅུ་དྲུག་བརྒྱད་བཞི་གཉིས། །རིམ་བཞིན་འཕར་བས་འོག་སྙིང་སྟོང་སུམ་ཅུ། །ཡར་བརྩིས་དང་པོ་གཞོང་ཐོག་མུར་ཟང་སིང༌། །གཉིས་པ་ཕྲེང་ཐོག་ཁོང་གསེང་ས་བདག་གཉན། །གསུམ་པར་ཀུ་མ་ར་ཙ་བཞི་རྒྱལ་ཆེན། །དེ་དག་ཁོང་གསེང་དང་ནི་ནང་གི་ཆར། །སླག་ཆེན་སྤྲུག་སོགས་རྒྱལ་དང་གྲོང་ཁྱེར་གནས། །རི་རབ་གྲུ་བཞིའི་སྟེང་ངོས་བརྒྱད་ཁྲི་རེ། །རི་རབ་ཁ་ཁྱེར་མཚམས་བཞིར་ཅོག་ཆེན་བཞི། །གྲུ་བཞི་དཔག་ཚད་ལྔ་བརྒྱས་འཁོར་བ་དེ།། བྱང་ཤར་བདུད་དང་བྱང་ནུབ་གནོད་སྦྱིན་གནས། །ལྷོ་ནུབ་ཕྱྭ་དང་ལྷོ་ཤར་ཉི་པང་སད། །རི་རྩེའི་གསེར་ས་བཞི་སྟོང་ལྔ་བརྒྱ་དང༌། །ཕྱེད་གཉིས་ས་རུ་ཁང་བཟང་ངོས་རེ་ལ། །དཔག་ཚད་ཉིས་བརྒྱ་ལྔ་བཅུ་ཕྱི་རོལ་དུ། །ཤིང་རྟ་རྩུབ་འདྲེས་དགའ་ཚལ་དེ་ཡི་ཕྱིར། ཡིད་འོང་ས་དང་བྱང་ཤར་སྨོན་ལམ་ཤིང༌།། བྱང་ནུབ་ཨར་རྡོ་ལྷོ་ནུབ་མཚལ་གྱི་རི། །ལྷོ་ཤར་ཨུ་དུམ་ཝ་རའི་མེ་ཏོག་བཅས། །དེའི་སྟེང་མཁའ་རུ་ལྷ་ཡི་གཞལ་ཡས་མང༌། །དེ་རྣམས་གཅིག་བརྩི་སྟོང་ལ་སྟོང་དང་པོ། །དེ་སྟོང་གཉིས་པ་དེ་སྟོང་གསུམ་པའོ། །ནང་སྣོད་ཤེས་ཟིན་རང་བརྟེན་གནས་སུ་རུང༌། །མིག་དང་རྣ་བ་སྣ་ལྕེ་ལུས་དང་ཡིད། །དབང་པོ་དྲུག་གིས་སྤྱོད་པའི་ཡུལ་དྲུག་སྟེ། །སྣོད་ནི་པུར་ལང་རྐ་ཏུར་ཐད་དོ་དང༌། །ལུང་དུན་རྐོ་རྩེ་ཤེ་ཐུན་དྲུག་ནི་སྣོད། །སྣ་ལྕེའི་སྣོད་དུ་ལུང་ཤིན་གཉིས་ཀྱང་གསལ། །དབང་པོ་རྟེན་ཤེས་འབྲེལ་ཚུལ་རྟོགས་པའི་ཆེད། །སོག་སྣོད་བག་ཆགས་བཟང་ངན་སོག་གནས་རུང༌། །ཁྱད་པར་མང་ལྡན་ཀུན་གཞི་ཚོགས་དྲུག་གིས། དགེ་སྡིག་ལུང་མིན་གསུམ་གྱི་བག་ཆགས་བསགས། །ཉོན་ཡིད་ཉམས་མེད་དམ་དུ་འཆང་བར་བྱས། །དཔེ་ནི་བང་མཛོད་རྫས་དང་ཁྱོ་ག་དང༌། །བྲན་འཁོར་བུད་མེད་རྣམས་ཀྱི་བྱ་བ་བཞིན། །བག་ཆགས་བསགས་ཚུལ་ཀུན་གཞི་རྟོགས་ཆེན་ཡིན། །དོན་སྣོད་གནས་ལུགས་བོན་ཅན་གནས་རུང་མཐུན། །ནམ་མཁའ་བོན་ཉིད་སེམས་ཉིད་ངོ་བོ་ཉིད། །གོ་འབྱེད་མི་འགྱུར་མཚན་ཉིད་ཟབ་པ་སྟེ། །སྣང་སྲིད་བོན་ཅན་སེམས་ཅན་ཡོངས་ཀྱི་སྣོད། །རྟེན་དང་བརྟེན་པའི་གནས་ཚུལ་ཤེས་ཆེད་དོ། སྣོད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།

(སྤྱིའི་གཟིགས་གྲངས། 300 དེ་རིང་། 1)
Pages: 1 2 3 4 5 6 7

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  རྩོ…
error: རྩོམ་འདི་བདག་དབང་ཅན་ཡིན།