ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

   དེ་ནས་སློབ་དཔོན་ཆེན་པོ་དེས། གུར་ཞོག་སེ་བོ་རུ་ལོ་གཅིག་བོན་གྱི་ཆར་རྒྱུན་ཕབ། ཡབ་སྲས་གཉིས་ལ་ཉན་པ་ལྔ་བརྒྱ་ཙམ་བྱུང་༌། དེ་ནས་བླ་མ་ཆེན་པོའི་ཞལ་ནས། ད་སློབ་དཔོན་དཔལ་ཆེན་ཡང་སློབ་གཉེར་མཐར་ཕྱིན་ཡོད། གྲྭ་པ་ཀུན་ལ་ཁྱེད་ལས་མཁས་པ་མེད་པས། བླ་མ་ཆེན་པོར་མཚན་གསོལ་བ་ཡིན་པས་བསྟན་པ་དང་འགྲོ་བའི་དོན་ལ་འབད་ཅིག་གསུངས། དེ་ནས་བླ་མ་མཁས་པ་ཆེན་པོ་ནི། ཞང་ཞུང་བོན་པོས་གདན་དྲངས་ནས། དེ་ཅན་དུ་ཕེབས་ནས་གབ་པ་ཚར་གཅིག་གསུངས། བོན་པོ་རྣམས་ལ་སྒྱུ་མའི་དཔེ་བརྒྱད་བླངས་བའི་གསུང་འབུམ་བཀོད་ནས་གནང་༌། དེ་ནས་ཚུར་ཕེབས་ནས་འབུམ་ལ་ཏི་ཀ་བཏབ་སྤྲུལ་སྐུ་ཆེན་པོ་ལ་ཕུལ་བས། སྤྲུལ་སྐུའི་ཞལ་ནས།འདི་ཤིན་ཏུ་ལེགས་འདུག་པས་ཁྱོད་ཀྱིས་གསང་སྔགས་སྟེང་ནས་གཞུང་བཤད་ནུས་དག་ཡོད་པས་གཞུང་ཀུན་ལ་ཏི་ཀ་ཐོབས་གསུངས་ནས་རྗེས་གནང་མཛད། དེ་ནས་ཡིག་མཁན་བརྒྱད་ཙམ་བཀུག་ནས། འགྲེལ་བའི་དབུ་བཙུགས་ནས་གབ་པའི་འགྲེལ་དང་། ཐིག་ལེའི་འགྲེལ་གཉིས་མཛད། དེ་ལ་ཞི་བའི་རབ་གནས་མཛད་ནས་དབང་ཞུས། དེ་ནས་དབང་ཆེན་ལ་འགྲེལ་བ། གསས་མཁར་སྡོང་པོ་རབ་དབྱེ། རྣམ་དག་ལ་འགྲེལ་བ་ཆུ་བོ་རབ་འབྱམས། ཕུར་པའི་འགྲེལ་བ་མེ་རི་འབར་བ་དང་༌། ཀློང་རྒྱས་ལ་འགྲེལ་བ་རིན་ཆེན་ཕྲེང་བ། འདུལ་བ་སྟོད་ལུགས་ལ་འགྲེལ་བ་ཉི་འོད་རྒྱན་དང་༌། མདོ་འདུས་ལ་འགྲེལ་བ་ཉི་ཟེར་དྲ་བ་དང་༌། ས་ལམ་གསལ་བའི་སྒྲོན་མ་སོགས། མདོར་ན་འགྲེལ་བ་བརྩམས་པ་མང་དུ་མཛད། པདྨ་སྟོང་ལྡན་གྱི་དཀྱིལ་འཁོར་བཞེངས་ནས་མངའ་དབུལ་ཞལ་བསྲོ། མདོ་དང་མཛོད་ཀྱི་འགྲེལ་བ་གཏིང་ལ་བྱེད་པའི་དམ་བཅས། དེ་ནས་འུ་སང་བོན་པོའི་གྲལ་དུ་གདན་དྲངས་ནས། མདོ་དང་གབ་པ་ཚར་གཅིག་གསུངས། དྲང་སྲོང་རྣམས་ལ་འདུལ་བ་ཚར་གཅིག་གསུངས། མི་ནག་རྣམས་ལ་དྲང་དོན་ཚར་གཅིག་གསུངས། དེ་ལྟར་འཆད་ཉན་ལ་ངལ་བ་དང་དུབ་པ་མེད་པར་མཛད། དེ་ནས་གུར་ཞོག་ཏུ་ཕེབས་ཙམ་ན་བླ་མ་སྤྲུལ་སྐུ་ལྷ་གཉེན་སྒྲུབ་པ་མཛད་ནས་བཞུགས། གྲྭ་སྐོར་རྣམས་ནི་སེ་བོ་རུ་བཞུགས། སྒྲུབ་པ་བཀྲོལ་ནས་རྩི་དམྱལ་གཉིས་མཁས་བཙུན་ཇོ་སྲས་བླ་མ་དཔལ་ཆེན་རྣམས་ཀྱིས་ཞུ་བ་ཕུལ་ནས།སྨན་སྒྲུབ་མཛད་ནས་སྨན་སྒྲུབ་ཀྱི་ལག་ལེན་དབང་རྣམས་རྫོགས་པར་ཞུས། གཞན་ཡང་ལོ་གཅིག་ལ་གསང་སྔགས་ཕྱི་ནང་གསང་གསུམ་གྱི་དབང་དང་ལག་ལེན་ཀུན་བླ་མ་ཆེན་པོའི་ཐུགས་ལ་མཁྱེན་ཚད་ཞུས། དེ་ནས་ལོ་གཉིས་ནས་སྤྲུལ་སྐུ་ལྷ་གཉེན་གྲོངས། རི་ཁྲོད་པ་གདན་དྲངས་དགོངས་པའི་གསལ་འདེབས་ཡིན། བླ་མ་བྲུ་ཞུ་གཉིས་གདན་དྲངས་ནས་གསལ་འདེབས་རྒྱས་པར་མཛད། ནང་རྟེན་དུ་ས་འབུམ་གཡུང་དྲུང་བཀོད་ལེགས་དང་༌།གསེར་སྐུ་ཞི་བ་རིགས་ལྔ་དང་༌། གསེར་གྱི་མདོ་རྒྱུད་བཞེངས་ནས། རབ་གནས་རི་ཁྲོད་པས་མཛད།  འགྲོ་བའི་དོན་དུ་བསྟན་པ་རྒྱ་ཆེར་སྤེལ། །གཡུང་དྲུང་བོན་གྱི་ཆར་རྒྱུན་ཡོངས་ལ་ཕབ། །འཇིག་རྟེན་ཀུན་ཏུ་བསྟན་པའི་སྒྲོན་མེ་བཙུགས། །བསྟན་པ་རྒྱ་ཆེར་སྤེལ་ལ་ཕྱག་འཚལ་བསྟོད། །ཅེས་བྱ་བ་སྟེ་བསྟན་པ་སྤེལ་བའི་ལེའུ་སྟེ་བརྒྱད་པའོ།། །།

    དེ་ནས་རྨེའུ་སྟོན་དཔལ་ཆེན་ཟངས་[Error: (12, 208)]་བཟང་[Error: (12, 209)]རིར་བྱོན་ནས་ཁར་ལེན་བག་རེ་བྱས་ནས་ཡུན་དུ་བཞུགས། དེ་ནས་མདོ་སྟོད་སྨད་ཀྱི་གྲྭ་པ་རྣམས་འཁྲུགས་ནས། ཁ་ད་བྱས་ཀྱང་མ་ལོ་ནས། ཤངས་ཀྱི་གུར་ཞོག་ཏུ་བྱོན་ནས། རྨེའུ་གྲངས་དང་སེ་བོ་གཉིས་སུ་ཁར་ལེན་བག་རེ་མཛད། འཆད་ཉན་རྒྱུན་ཆད་མེད་པར་མཛད་དོ། །དེ་ནས་མར་སྟོན་སྟོན་རྒྱལ་དེ་བྱུང་ནས། བླ་མའི་དྲུང་དུ་གཙང་གཙུག་གི་སྡོམ་པ་ཞུས་ནས། ཐོས་བསམ་ལོ་ལྔ་ལ་སྦྱངས་བས་ཟུར་བཤད་འཕེར་བ་བྱུང་༌། མར་སྟོན་གུར་ཞོག་ཏུ་བསྐོས་ནས་འཆད་ཉན་ལ་བཞག་བླ་མ་ཆེན་པོ་གྲྭ་སྐོར་དང་བཅས་ནས་བར་ཐང་བྱེ་སྟོད་དུ་བྱོན། དེ་དུས་གྲྭ་པ་ལ།ངུ་འབང་གཡུང་དྲུང་རྩེ་དང་༌། གཤེན་བ་འབྲུག་ཐོག་རྗེ་དང༌། རྫི་བརྩོན་འགྲུས་ཤེས་རབ་དང་། ཨ་ཞ་གྱེས་གྲགས་དང་༌། ཉེ་གནས་ཤག་རྡོར་དང་༌། གྲྭ་པ་ཕྱེད་དང་གཉིས་བརྒྱ་ཙམ་བཅས་ནས་ཕེབས། གྲྭ་པ་རྣམས་ལ་ཚད་མ་རྣམ་འགྲེལ་དང་༌། མཛོད་དང་ས་ལམ་གསུངས། བོན་པོ་དད་འདུན་རྣམས་ལ། ཐེག་ཆེན་གབ་པ་ཚར་གཅིག་གསུངས་སོ། །དེ་དུས་བར་ཐང་ཞང་སྟོན་གྱིས་འབུལ་བ་བྱས་ནས་སྡོམ་པ་ཞུས། བོན་ཡང་མང་དུ་གསུངས་ནས་ལོ་གཅིག་བཞུགས། དེ་དུས་གྲྭ་པ་རྣམས་ལ་འདི་ལྟར་གསུངས་པ། ཁྱེད་རྣམས་ང་ལ་ཉོན་དང་ད་ཚེ་འདི་ལ་བློ་གཤའ་མ་ལོག་ནས་ཕྱི་མ་རེ་དགའ་དྲན་ནས། གཞན་དང་བསམ་པ་ཡེ་མི་མཐུན་ཞིག་འོང་བར་འདུག་ཚེ་འདིའི་འཚོ་ཐབས་བཟང་ཟ་རྒྱས་ཐར་པའི་[Error: (12, 208)]བཟང་ཟ་རྒྱས་འཐུང་[Error: (12, 209)]་མཐོང་ཙམ་ན། མི་འདིའི་སེམས་ལ་ཅི་དྲན་པ་འདུག་བསམ་པ་ཡོང་གིན་འདུག་མི་འགའ་རེས་རང་རེ་ལ་གྲོས་འདེབས་དུས། ད་ལྟ་ནོར་མ་བསགས་ན་རྒས་ཁ་ཉོན་མོངས་ཁུར་ཉེན་ཡོད། གཞན་ལ་ལྟོ་གོས་མི་རེ་ཙམ་བྱས་ནས་དགེ་སྦྱོར་བྱེད་པས་ཆོག་ཟེར་མཁན་འོང་སྟེ། རང་ནམ་འཆི་ཉེན་ཆ་མེད་ནོར་བསགས་ཟིན་ལ་ཤི་ན་ཅི་ཙུག་བྱེད། དེ་སྙིང་གི་མེད་བསམ་པའི་བླ་བོ་ཡིན་པས། དགེ་སྦྱོར་ལ་འབོད་གསུངས།དེ་ནས་སྙེ་མོ་བཟང་རིར་བྱོན་ནས། ཁར་ལེན་ཡང་མང་དུ་མཛད། དེ་དུས་མདོ་སྟོད་སྨད་ཀྱི་གྲྭ་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་ལོངས་ལ་དྲང་སྲོང་གྱིས་གསུངས་པས། ངེད་རྣམས་གསང་སྔགས་བྱེད་དྲང་སྲོང་མི་བྱེད་ཟེར་བ། གསུངས་པ། གསང་སྔགས་དང་འདུལ་བ་འགལ་ཟེར་བ་དེ་མ་གོ་བ་ཡིན། སྔགས་དང་མི་མཐུན་

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།