ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

པ་ཞིག་བྱུང་ན་དེ་འདུལ་བ་ཡིན། འདུལ་བ་དང་མི་མཐུན་པ་ཞིག་བྱུང་ན། དེ་གསང་སྔགས་ཡིན། དཔེར་ན་ནས་སྟོན་ཐོག་བཏོན་པ་ལ། རེས་ཆུ་བཏང་རེས་རྨོས་བྱེད། རེས་རྨོས་པའི་རོལ་དེ་བཤོལ་གྱིས་གསུབ། གང་ལྟར་བྱས་ཀྱང་ནུས་པ་གང་ཆེ་ཕྱོགས་གཅིག་ཏུ་དྲིལ་ནས་བཏོན་པ་དང་འདྲ་སྟེ༑ ཉོན་མོངས་པའི་གཉེན་པོ་གང་འགྲོ་བཏང་ནས། འབྲས་བུ་ཐར་པ་བསྒྲུབ་པའི་ཐབས་ཡིན་པས་མི་འགལ་གསུངས་ནས། གྲྭ་པ་ཐམས་ཅད་འདུལ་བ་ལ་བཙུད། འཆད་ཉན་པ་སུམ་བརྒྱ་ཙམ་རེ་བྱུང་། དེ་དུས་སྤ་སྟོན་འོད་གསལ་རྒྱལ་མཚན་རྨ་བྱང་བརྩོན་ལ་ཚད་མ་བསླབས་ནས། ཤིན་ཏུ་ང་རྒྱལ་ཆེ་བ་བྱས་ནས། བླ་མའི་དྲུང་ནས། རྩོད་པ་དང་གསུང་གླེང་མཛད་པས། ཕས་རྒོལ་མ་ནུས། དེ་ལ་བླ་མའི་ཞལ་ནས། བྱེའུ་ཕྲུག་ལུད་པས་བརྣང་བ་ཡིན། །ཉོན་མོངས་མ་རིག་འཁྲུལ་པ་ལང་བའི་དུས། །གཉེན་པོ་མེད་ན་མཁས་པ་ཅི་ལ་ཕན། །ལས་འབྲས་མི་བསླུ་ངེས་པར་ཤེས་བཞིན་དུ། །སྡིག་སྤྱོད་དགེ་བ་མི་བསྒྲུབ་སྐྱེས་བུ་དེ༑ ༑མཁས་པ་ཡིན་བསམ་དེ་ལས་བླུན་ནས་མེད། །གསུངས། དེ་ནས་སྤ་སྟོན་ཡང་རྨེའུ་སྟོན་གྱི་ཆག་ཕྱིར་འབྲལ་བ་མེད་པར་ཕྱིན། དེ་ནས་བཟང་རི་རུ་རྣམ་དག་གི་སྒྲུབ་པ་མཛད་ནས་ཡུམ་གྱི་ཞལ་གཟིགས། དེ་ལ་གསུངས་པ། རང་རེ་བོན་པོ་འདི་ལས་ཞན་པ་མེད།བོན་སྒྲུབ་ཐག་ཉེ་ལ་བྱིན་རླབས་མྱུར་བའི་འདི་འདྲ་ཁོ་ན་འདུག་ན་གྲུབ་ཐོབ་ཀྱིས་རྒྱལ་ཁམས་འགེངས་པར་འདུག་སྟེ། རང་རེ་འདྲ་བ་བསྒྲུབ་མི་ནུས་ཐོས་བསམ་བྱེད་མི་ནུས་པར་ཐར་པ་ཐོབ་ཏུ་འདོད་པ་ཡ་ཆ་ཆེ། ཁྱོད་རྣམས་ཐོས་བསམ་ལ་འབད་ན་བསྟན་པའི་སྲོག་ཤིང་ཡིན་གསུངས། འདུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་ལ་འཆད་ཉན་ལ་རེམས་གསུངས་སོ། དེ་ནས་གུར་ཞོག་ཏུ་ཕེབས་ནས། གསང་སྔགས་ཁྲོ་བོའི་སྒྲུབ་པ་མཛད་ནས།བུམ་ཆུ་ལུད་པ་དང་། གཏོར་མ་ལ་མེ་འབར་བ་ལས་སོགས་བྱུང་། རང་དོན་དུ་བསྒྲུབ་ན་གལ་ཆེ་བར་འདུག་སྟེ། བསྟན་པ་འདིའི་ཆེད་དུ་འཆད་ཉན་བྱེད་དགོས་གསུངས་ནས།མཛོད་དང་གཟེར་མིག་གཉིས་ལ་འཆད་ཉན་མཛད། སློབ་དཔོན་དཔལ་ཆེན་གྱིས་གབ་པ་ཟུར་བཤད་མཛད། མར་སྟོན་རྒྱལ་གྱིས་གབ་པ་དང་ས་ལམ་བདེན་གཉིས་ཀྱི་འཆད་ཉན་སོགས་ཀྱང་མཛད། སེ་སྟོན་དང་ཇོ་སྟོན་གཉིས་ཀྱིས་གླིང་ཁྲིམས་བྱས་ནས་སྤྱི་ལས་མཛད།རྩི་འོད་དཀར་དང་༌། ཞུ་སྟོན་རྣམ་གཉིས་ཀྱིས་བྲི་ཐིག་དཔྱད་གསུམ་ལ་བློ་སྦྱངས། དེ་དུས་གསུངས་པ།

     ཨེ་མ་དུས་མཐའི་སེམས་ཅན་བདག་འདྲའི་མིང་གཟུགས་ཅན། །འཁྲུལ་པའི་བློ་ཅན་བྱིང་བའི་བརྗེད་ངེས་ཅན། །འཁོར་བའི་བློ་རྒོད་དུག་ལྔའི་འདུ་འཕྲོ་ཅན། །ཞུམ་པའི་བློ་ཅན་བྱིང་བའི་གཉིད་རྨུགས་ཅན། །རིགས་ངན་བློ་ཞེན་འབྱོར་ཆུང་སྐྱེ་བོ་དག །ལུང་ལ་འདྲེས་མེད་བཀའ་ལ་བག་ཆགས་ཅན། །བློ་ལ་ངལ་མེད་སྤྲོས་པ་ཤེས་རབ་ཆུང་། །ཚིག་ལ་སྒྲོ་འདོགས་མ་ཆོད་དོན་ལ་རྨོངས། །བཀའ་དང་བསྟན་བཅོས་མཁས་པའི་རྣམ་བཞག་ལ། །འཐད་པར་འདུག་ན་ཐང་ཙམ་ཡིད་ལ་བརྗེད། །བརྗེད་ངེས་སྒྲིབ་པས་གཡོག་པའི་བློ་དམན་ནོ། །མཐོང་ཐོས་གོམས་པ་ཞེན་པའི་སྒྱིད་ལུགས་སོ། །སྒོ་ལྔའི་རྣམ་ཤེས་འདོད་ཡོན་ཡུལ་ལ་ཆགས། །དགའ་སྡུག་དོན་ལ་གདེང་བྲལ་མེད་པར་འཕྲོས། །ཡིད་སེམས་འཇུག་བྱེད་དྲན་སྣང་ཅུང་ཞིག་རྨུགས། །དོན་ལ་དོན་དུ་བཟུང་སྟེ་དོན་ལ་འཁྲུལ། །འཁྲུལ་སེམས་ལོག་པར་རྟོག་པས་འགྱོད་དང་གནོང༌། །གནོང་

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།