ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

སེམས་འགྱོད་དང་བཅས་ཏེ་མི་འཆབ་བཤགས། །བཤགས་ཡུལ་ཁྱོད་ལ་ཡེ་ཤེས་སྤྱན་མངའ་བའི། །བདག་ལ་གཟིགས་ལ་ནམ་ཡང་རྒྱུན་མ་བཅད། །

    ཨེ་མ་གང་དག་དུས་རྣམས་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་བདེར་གཤེགས་མི་ཡི་སེང་གེ་དང་༌།།རྒྱལ་བ་སྲས་དང་སྐྱེས་བུ་མཁས་པའི་ཚོགས། །བདག་ལ་དགོངས་ཤིག་ཁྱོད་ཀྱི་མཐུ་དཔལ་གྱིས། །ཐེ་ཚོམ་རྒོད་འགྱོད་གཉིད་རྨུགས་འཁྲུལ་པ་དང་༌། །གཡེང་འཕྱོ་དོན་ལ་ཡིབ་དང་ལོག་པའི་ཚིག །བདག་འཛིན་གཞན་ལ་སྨད་སེམས་ཐོ་འཚམས་སོགས། །མི་མཆོག་སྐྱེས་བུ་རྣམས་ཀྱིས་ཞི་བར་མཛོད། །བདག་ནི་འདི་ནས་ཉེར་བཟུང་ཇི་སྲིད་བར།།བཀའ་ལ་བག་ཆགས་བཞག་ཕྱིར་ཐོས་བསམ་དང་༌། །ཐོས་ན་དོན་བཞིན་སྒོམ་སྒྲུབ་ཉམས་ལེན་སོགས། །བསྒྲུབ་འདོད་དེ་ལ་བར་ཆོད་བྱེད་པ་རྣམས། །ཁྱེད་ལ་མཐུ་དཔལ་མངའ་བས་མྱུར་དུ་སྒྲོལ། །ཁྱེད་ལ་ཡེ་ཤེས་སྒྲོན་མེའི་སྟོབས་མངའ་བས། །བདག་གི་ཡིན་མིན་འཁྲུལ་པའི་བརྗེད་པ་འདི། །མྱུར་དུ་སོལ་ཅིག་མཁྱེན་མཆོག་སྐྱེས་བུ་རྣམས། །བློ་གསལ་རིག་པ་འཛིན་པར་བྱིན་གྱིས་རླབས། །ཅེས་གསུངས་སོ། །དེ་དུས་མཚན་ཉིད་ལ་མཁས་པ་སྤ་སྟོན་འོད་གསལ་དང་༌། ཞང་ཚུལ་ཁྲིམས་བློ་ལྡན་དང་༌། གསང་སྔགས་ལ་མཁས་པ་སེ་སྟོན་དང་༌། གཤེན་གསང་ཆེན། དབུ་ཚད་ལ་མཁས་པ་ཅོག་ལ་རིགས་པར་སྨྲ་བ་དང་༌།དམྱལ་ཇོ་གཞོན། ཞུ་སྟོན་འོད་རྒྱལ། སྟོང་ཉིད་ཀྱི་དོན་རྟོགས་པ་མར་སྟོན་སྟོན་རྒྱལ།ལག་ལེན་ལ་མཁས་པ་རྩི་འོད་ཟེར་བླ་མ་དང་། རྩི་སྟག་སྐྱེ། དེ་རྣམས་ཀྱིས་ཐོག་དྲངས་པའི་གསུང་ལ་འཁོར་བ་ལྔ་བརྒྱ་ཙམ་རེ་ཡོད། གསུང་རབ་འབུམ་མན་ཆད་ནས། མདོ་ཕྲན་ཡན་ཆད་ལ་ཏི་ཀ་བཏབ་ནས་ལོ་པཎ་ཆེན་པོར་མཛད། བོན་གྱི་པནྚི་ཏ་ཆེན་པོའོ། །ཕྱི་ནང་གསང་གསུམ་བོན་གྱི་སྒོ་མོ་ལ། །འགྲེལ་དང་ཏི་ཀའི་རྣམ་བཞག་མང་དུ་བཀོད། །འགྲོ་བའི་དོན་དུ་བསྟན་པ་ཕྱག་རྗེས་བཞག །བསྟན་པ་རྗེས་བཞག་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བྱ་སྟེ་བསྟན་པ་རྗེས་སུ་བཞག་པའི་ལེའུ་སྟེ་དགུ་པའོ།། །།

   དེ་ནས་གཅེན་པོ་སློབ་དཔོན་འཁོར་ལོ་རྒྱལ་པོ་གྲོངས་ནས་བུ་སྨད་དང་གྲྭ་པ་ཀུན་བསྡུས་ནས་གཤེགས་རྫོང་མཐར་ཕྱིན་མཛད། བླ་མ་རྟོག་པའི་སྙུང་གཞི་བྱུང་བས། བཟང་རིར་བྱོན་ནས་གྲྭ་སྐོར་རྣམས་ལ་གསུངས་པ། ང་ན་ན་ན་བས་དགའ་སྟེ་སྒྲིབ་པ་འབྱང་༌། །ན་བ་མེད་ན་མེད་པས་དགའ་སྟེ་ལུས་སེམས་བདེ། །ལུས་སེམས་བདེ་བས་དགེ་སྦྱོར་འཕེལ། །ཡིན་ཀྱང་བདེན་པ་ཞིག་བསྟེན་དགོས། །གསུངས་ནས། བཟང་རིའི་གདན་ས་སློབ་དཔོན་སྤ་ལ་གཏད། དེ་དུས་མདོ་སྟོད་སྨད་ཀྱི་གྲྭ་པ་ལ་སྡོང་ང་དཔོན་བཙུན་ངར་དེ་གཤེན་གསུམ་ཡོད།མདོ་སྟོད་ལྷ་སྡེ་བ་མི་བཞི་ཡོད། གཤེན་ནམ་མཁའ་ཡང་བཞུགས། དེ་ནས་གཞུང་ལམ་རང་ལམ་བྱོན། སྦུབ་ཆུ་ཚན་ཁར་ཞག་གཅིག་བཞུགས། སྙུང་གཞི་སྐོམ་དད་ཆེ་བ་དང་༌།རང་གི་ཚད་པ་ཆེ་བས། གཤེན་གསང་ཆེན་ལ་ང་ལ་སྐོམ་ཞིག་སློང་གསུངས་པས།གཤེན་གྱིས་ཆང་ལས་མི་གདའ་ཞུས་པས། ཆང་ཀ་བསླང་གསུངས་པས། གནས་མོ་ཆུ་ལེན་པའི་ཤུལ་དུ། ཆང་མང་རབ་ཞིག་གསོལ་བས། གྲྭ་པ་རྣམས་ལ་ཡང་བཀྱོན་པ་མང་དུ་གནང་༌། ཁོང་འཁྲོའི་ཚིག་མང་དུ་ཤོར། རོ་ཉལ་གཏི་མུག་གི་གཟིམས་ཚུལ་མཛད།སང་ཉིན་འགྱོད་པ་ཤིན་ཏུ་སྐྱེས། དེ་ནས་ཤངས་མདར་ཕེབས་པའི་དུས། སྨན་གོང་རྒྱབ་རི་ལ་ན་བུན་ཐུལ་ལེ་འདུག་པ་གཟིགས། དེ་དུས་འགྱོད་པ་དང༌། གནོང་བ་དང་། ཡིད་རང་བ་དང༌། ཕྱིས་དམ་བཅའོ་སྙམ་པ་དང་བཞི་དུས་[~GCIIG]་ལ་བྱུང་ངོ༌། ། ཁར་རྩང་གི་ཚིག་རྩུབ་

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།