ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

རྨེའུ་མཁས་པ་དཔལ་ཆེན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ།

རྣམས་ལ་འགྱོད་པ་དང་༌། བདག་ལ་སློབ་བུ་སངས་རྒྱས་སྨན་གོང་བ་ལྟ་བུ་ཡོད་དེའི་རྩར་འགྲོ་ལ་གནང་བ་དང་༌། བདག་ལ་སངས་རྒྱས་སྨན་གོང་བའི་མཛད་སྤྱོད་ལ་ཡིད་རང་བ་དང་༌། ད་ནི་སྔར་སློབ་བུ་ཡིན་ཀྱང་སྨན་གོང་དུ་ཕྱིན་ནས་དམ་བཅའ་ཞིག་བྱ་སྙམ་ནས།མཚོ་སྙ་སྨན་གོང་དུ་ཕེབས་ཙ་ན། སངས་རྒྱས་སྨན་གོང་བའི་ཐུགས་ལ་བདག་གི་བླ་མ་བྱོན་ཟིན་འདུག་སྙམ་ནས་བསུ་བ་ལ་བྱོན། སྨན་གོང་རི་ཐང་ཤ་བྲག་ཏུ་མཇལ་ནས། མར་སྟོན་གྱིས་ཞུ་བ་ཕུལ་ནས། སྐྱེས་བུ་ཆེན་པོ་སྐུ་ལུས་ལ་སྙུང་གཞི་མི་མངའ་ཞིང་ལམ་དུ་ཉེས་ལྟུང་བར་ཆོད་མེད་ལགས་སམ། ཞུས་པས། བླ་མ་ཆེན་པོའི་ཐུགས་ལ་མར་སྟོན་གྱི་ཐུགས་ཀྱི་མངོན་པར་ཤེས་པས་དགོངས་པ་འདུག་པ་སྙམ་ནས། སྐྱི་ཤ་བུན་ཀྱིན་སོང་ངོ༌།།འདི་ལྟར་གྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཀྱང་། ཐོག་མའི་བག་ཆགས་འཐས་པས་ད་རུང་གཟུང་བའི་ཡུལ་འདི་མི་གཏོང་བར་འདུག་དགེ་སྡིག་རྒྱུ་འབྲས་འདི་སྤང་བླང་ཤེས་ཀྱང་ཉོན་མོངས་ཀྱི་རྩ་བ་མ་ཆོད་པ་འདིས་ལན་འདུག་དྲན་རིག་དུར་ཅུང་བདུད་དུ་ཤེས་ཀྱང༌། ཞེན་ཆགས་ཀྱི་རྩ་བ་མ་ཆོད་པ་འདིས་ལན་འདུག་བསམ་ནས། འགྱོད་པ་ཤ་རུས་དབྱེ་བ་ཙམ་གྱིས་བཤགས་པ་འབུལ། སྤྱོད་ལམ་ཅི་ལྟར་གཟབ་ཀྱང་སྨན་གོང་བ་ལྟ་བུ་མ་ནུས་བསམ་ནས་གནོང་བ་བྱུང་༌། ད་ནི་བདག་རྒྱུད་ཀྱི་ཉོན་མོངས་པ་འདི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྤང་པར་ཙམ་ནུས་པའི་ཕྱིས་མི་བགྱིད་པར་དམ་བཅའ་ནས། སྨན་གོང་དུ་དབེན་པ་བསྟེན་ནས། སྔར་གྱི་བརྩམས་པའི་འཕྲོ་ཡོད་པ་རྣམས་མཛད། གསོལ་བ་ཆད་ནས་སྨན་གོང་བས་ཅི་གསོལ་ཞུས་པས། གཞན་སྣང་བ་ལ་ཅི་ཟོས་ན་མི་བསམ།ལྕུམ་ཞིག་ཟོས་ན་བསམ་གསུངས་པས། སྨན་གོང་བ་བྱ་རྒོད་དུ་སྤྲུལ་ནས། ཉང་ར་ནས་ལྕུམ་བླངས་ནས་དྲངས་ནས་ཀྱང་གསོལ་མ་ཕོད་ནས། བླ་མའི་ཞལ་ནས། ད་ནས་ཅི་བྱས་ཀྱང་འགྲོ་འདུག་གི་དུས་སུ་ཐུག་པ་འདྲ་གསུངས་ནས། འཆད་རྩོད་རྩོམ་གསུམ་གྱི་འཕྲོ་རྣམས་མགྱོགས་པར་མཛད། ༧་ཐུགས་ཤེས་མངའ་བའི་གདན་སའི་གཏད་ལེན་མཛད།།མན་ངག་ཉམས་པ་འགྱོད་པའི་སེམས་ཀྱིས་བཤགས། །རི་ཁྲོད་གནས་སུ་གཅིག་པུར་དབེན་པ་བསྟེན། །འཁོར་སྤངས་དགོན་པ་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བྱ་སྟེ་དབེན་པ་བསྟེན་པའི་ལེའུ་སྟེ་བཅུ་པའོ།། །།

     དེ་ནས་བླ་མ་ཆེན་པོ་ལ་སྙུང་གཞི་ཡང་ཆེ་བར་བྱུང་༌། ཁམས་ཆེན་དང་མདོ་རྣམས་གཤར་དུ་བྲིས་ཚར་རྗེས་ལ་ཕྱག་མཛུབ་རྣམས་ཆད།ཕྱག་མཛུབ་ཆད་པ་རྣམས་རིང་སྲེལ་དུ་སོང་༌། དེ་ནས་བླ་མའི་ཞལ་ནས། ཡང་ན་མཛེ་འོང་བ་འདི་བཞག་ན། ཡང་ན་རིང་སྲེལ་འོང་བ་འདི་བཞག་ན་འོང་བ་འདུག་གསུངས། དེ་དུས་གཤེན་གསུང་ཆེན་གྱིས་ཞུས་པ༑ སྙུང་གཞི་འདི་སྔོན་ལས་འཕྲལ་རྐྱེན་ཅི་ལྟ་བུ་ལགས་ཞུས་པས། བླ་མའི་ཞལ་ནས། འདི་སྔོན་ལས་འཕྲལ་རྐྱེན་གཉིས་ཀ་འདུག་གསུངས།སྔོན་རྒྱ་གར་དུ་སྐྱེ་བ་བླངས་བའི་དུས། བདག་རྒྱ་གར་གྱི་མེན་ཏྲ་པ་ལ་ཟེར་བའི་བླ་མ་ཞིག་ཡིན་པ་ལ། སློབ་བུ་རྣམས་ཚོགས་འཁོར་བསྐོར་བའི་དུས། ཚོགས་ཀྱི་སྦྱངས་སྤེལ་མ་བྱས་པར་ལྷ་ལ་འབུལ། དེ་དུས་ཚོགས་ལ་མངན་སེམས་མང་པོ་ཤོར་བའི་རྣམ་སྨིན་དང་༌།འཕྲལ་རྐྱེན་ལ་གཡས་རུ་བྲུ་ན་རེ་འཁོར་བ་ལ་ཐོག་མ་ཡོད་ཅེས་པ་ལ། བདག་གིས་ཐོག་མ་མེད་པའི་སྒྲུབ་བྱེད་དང་༌། ཐོག་ཡོད་འགལ་བ་མང་པོ་བྱས་པས། བྲུ་བླ་མ་ཡིན་པས་མ་མཉེས་པར། རྨེའུ་དམ་ཉམས་ཟེར་ནས

(སྤྱིའི་གཟིགས་གྲངས། 260 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
གཤེན་རབ་ཐུ…
error: རྩོམ་འདི་བདག་དབང་ཅན་ཡིན།