ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ཕྱ་བཙུན་ལོག་སྤྱོད་མའི་གཏམ་རྒྱུད་ནི། རྟག་གཟིགས་ཀྱི་ཡུལ་ཏ་ན་ཏི། ཞེས་བྱ་བ་ན། ཕྱ་བོན་བན་ཏིའི་སྲས་མོ་ལོག་སྤྱོད་མ་ཞེས་བྱ་བ་ཞིག་ཡོད་པས། དང་པོ་ཆུང་ནས་དད་པ་ཆེ་ཞེས་དྲང་སྲོང་བྱས། སྔོན་གྱི་ལས་ངན་གྱི་སྟོབས་ཀྱིས་སྤྱོད་ལམ་ལོག་པ་སྣ་ཚོགས་སུ་སྤྱོད། ཁ་ནས་བདག་གིས་ཐར་པ་བསྒྲུབ་བོ་ཞེས་ཟེར། གཏིང་ནས་མོས་པ་མེད་པར་ལུས་པོས་ཉན་ཚུལ་བསྟན། ནང་ནས་འདོད་ཆགས་གཏི་མུག་ང་རྒྱལ་ཕྲག་དོག་ཞེ་སྡང་གིས་བསམ་པ་གཏོང༌། ཉིན་མོ་ཚུལ་འཆོས་ཀྱི་བསྒོམ་སྒྲུབ་ཚད་དུ་བྱེད། ནུབ་མོ་འདོད་ལོག་དང་སྲོག་གཅོད་བརྐུས་པའི་ལས་བྱས། ཉིན་མོ་ཞི་དལ་གསོང་པོར་སྨྲ་བ་དང༌། སྤྱོད་པ་ཚུལ་འཆོས་སྣ་ཚོགས་བྱས། བྱ་བ་མ་ཡིན་པའི་ལས་དེ་བྱས་པས། སྐྱེ་བ་གསུམ་དུ་དགེ་སྡིག་སྤེལ་མའི་སྣང་བ་བྱུང་སྟེ། དེས་ཚེ་སྟོད་ལ་སྡོམ་ཁྲིམས་ནོས་པའི་དབང་གིས་ལྷ་ལྕམ་དྲ་མའི་ལུས་བླངས་ཏེ། ཉིན་མོ་དགེ་བར་སྤྱད་པའི་ཚུལ་དེའི་མཐུས། ཉིན་པར་དགའ་བ་དགུའི་རྒྱན་དང་ལྡན་པ་ཞིག་བྱུང༌། ནུབ་མོ་དེའི་སྡིག་པའི་རྣམ་སྨིན་དེས་དགྲ་དང་འདྲེ་ཡིས་མོའི་སྲོག་གཅོད་ཅིང༌། དམྱལ་བ་ཡི་དྭགས་བྱོལ་སོང་གི་སྣང་བ་ཤར། དེ་ལྟར་ཚེ་ལོ་སྟོང་གི་བར་དུ་ཉིན་ནུབ་དགེ་སྡིག་སྤེལ་མར་བྱུང་ཞིང་སྡུག་བསྔལ་ལོ། །དེ་ནས་ཚེ་འཕོས་ནས་དུག་སྦྲུལ་མགོ་གཉིས་པ་ཞིག་གི་ལུས་བླངས་ནས། མགོ་གཅིག་སྨན་གྱིས་གསོས་པ། གཅིག་དུག་གིས་གསོད། དེ་ལྟ་བུའི་སྡུག་བསྔལ་སྟོང་དུ་མྱོང་ངོ༌། །དེ་ནས་ཚེ་འཕོས་ནས་ཉིན་མོ་ལྷའི་ལུས་བླངས་ནས། སུམ་ཅུ་རྩ་གསུམ་གྱི་གནས་སུ། ལྷའི་ལོངས་སྤྱོད་དང་ལྡན། ནུབ་མོ་བྱོལ་སོང་གི་གླིང་དུ་ཕག་མོ་ཞིག་ལུས་བླངས་ནས་གཅིག་གིས་གཅིག་ཉིང་ཤ་ཉིང་གིས་ཟ་བ་རང་གསོད་གཅོད་སྣང་བས་མུན་པ་ཆེན་པོར་སྦྱང་ངོ༌། །དེས་ན་ལོ་འདོད་ཀྱི་དགེ་བ་བཤོལ་ལ་ཚུལ་འཆོས་དོར་ལ་དགེ་བ་ལུགས་བཞིན་སྤྱོད་པར་བྱའོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།