ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

       སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ནུབ་བྱང་རྟག་གཟིགས་ཀྱི་ཡུལ་ཞིག་ན། བདའ་ཕྱུག་པོ་བཟའ་ཚང་གཉིས་ལ། ནོར་ཟས་དང་ལྡན་པ་ཡོད་ཀྱང་བུ་ཚ་ལར་མ་སོས། རྟག་གཟིགས་ཀྱི་ཕུག་ཕུག་སྲིན་མོ་གནོད་སྦྱིན་གྱི་རྒྱལ་མོ་མདངས་འཕྲོག་ཕག་གདོང་མ་ཞེས་བྱ་བ། བུད་མེད་ཀྱི་ལུས་ལ་ཕག་གི་གདོང་པ་ཡོད་པ། ལུས་ལ་མི་ལྤགས་ཀྱི་གཡང་གཞི་གྱོན་པ། ལག་པ་གཡས་པས་མིའི་འཕྲེང་ཞགས་ཐོགས་པ། གཡོན་པར་ན་ཆུང་གི་ཐོད་འཕྲེང་བགྲང་བ། སྲོད་ལ་དྲེལ་རྟ་རྐང་གསུམ་ཞོན་ཅིང༌། ནད་ཀྱི་རྐྱལ་པ་བསྡེབ་པ། གུང་ལ་ལྕགས་ཀྱི་སྤྱང་མོར་བརྫུས་ཤིང་འགྲོ་བ་ཕོ་མོའི་སྲོག་གཅོད་པ། ཐོ་རང་ལྕེ་སྤྱང་ནག་མོར་བརྫུས་ཤིང་ལྟས་ངན་གྱི་བརྡ་ཐན་སྣ་ཚོགས་གཏོང་བ། ཡིབ་ཀྱི་ཞྭ་ཡིས་མོ་མ་དང་སྤྱན་ཅན་ཐམས་ཅད་དམུ་ཁབ་ཀྱིས་འགེབ་པ། སྡེབ་པའི་ལྕགས་ཀྱིས་གླིང་བཞི་ཐོགས་པ་མེད་པར་འཁོར་བ། སྤྲུལ་པས་འཁོར་ལ་མི་སྡོང་དགུ་དང་སྡོང་པ། དེ་འདྲ་ཞིག་གིས་ལོ་རེ་ལ་བུ་རེ་ཟོས་ནས་མེད་སྐད། རྟག་གཟིགས་གཤེན་པོ་ཀུན་སྒྲོལ་སྟོབས་པོ་ཆེས་བཏུལ་བས་ཀྱང་མ་ཐུལ། རྣོ་མཐོང་ཅན་སྣ་ཚོགས་ཀྱིས་བཅོས་པས་ཀྱང་མ་འཆོས། གཤེན་ཀུན་ཤེས་ལོག་པར་དད་པ་ཞེས་བྱ་བ་ཞིག་ན་རེ། འདི་བཏུལ་བས་མི་ཐུལ་པས། གཏའ་ཟུངས་བཙུགས་ཀྱིན་བུ་རེ་ལ་ཡས་སྟག་གསུམ་གསུམ་བཏང་ན་ཕན་ཟེར་བས་དེ་ལྟར་བྱས་པས། ལས་ངན་བདུད་དབང་གིས་ཕན་པ་ལྟར་བྱས་ཀྱིན་ཐ་མ་བུ་ཡང་ཁྱེར་ཀྱིན་མེད། ཤིན་ཏུ་སྡུག་བསྔལ་གྱིས་ཟིན་ནས་ཡོད་པ་ལ། དུས་དེ་ཙམ་ན་ཨུ་རྒྱན་གྱི་ཡུལ་ན་ཁྲོ་གསས་མེ་འབར་གྱི་སྤྲུལ་པ། ཨུ་རྒྱན་གཤེན་པོ་ཙ་ཏྲ་སྤྱི་རིང་ཞེས་བྱ་བ། ཤིན་ཏུ་ཐུགས་རྗེ་བྱིན་རླབས་དང་ལྡན་པ་ཞིག་བྱོན་ནས། དང་ལ་མོ་འདེབས་ཚུལ་བསྟན་ནས། གནོད་སྦྱིན་མོ་དེ་རུ་ངོས་བཟུང༌། གཟའ་ཁྱེད་གཉིས་ལ་ཚེ་སྔ་མ་ལ་བུ་ཚའི་ལན་ཆགས་ཡོད་དེ་བུད་མེད་ཁྱོད་ཀྱི་བུ་ཚ་བདག་མེད་གཅུར་གྱིན་བསད། དེའི་ལན་ཆགས་གནོད་སྦྱིན་མོས་བསྙགས་པ་ཡིན། ངས་བཏུལ་གྱི་ལན་ཆགས་རྫས་ཀྱིས་གཞལ་བས། ང་ལ་རྫས་ནོར་མོས་པའི་སྟོབས་ཀྱིས་ཕུལ་ཞིག་གསུངས་ནས། ཁོང་གིས་མདངས་འཕྲོག་ཕག་གདོང་མ་དངོས་སུ་རང་དབང་མེད་པར་བཀུགས། ཡིབ་ཀྱི་ཞྭ་འཕྲོག་པས་རྫུ་བ་དང་ཡིབ་མ་ཤེས། ཡོན་བདག་དེའི་ཁྱིམ་དུ་མོ་མི་འོང་བར་མནའ་བསྐྱལ། ཡུལ་ཕྱོགས་དེ་ཙམ་དུ་ཡང་གནོད་ཙམ་ན། ཙ་ཏྲ་སྤྱི་རིང་མི་འདུག་གམ་ཞེས་འདྲི་བར་བྱེད་དེ། འདུག་བྱས་པ་ཙམ་གྱིས་གནོད་མི་ནུས་པར་གྱུར་ཏོ། །དེ་ལྟར་མཁའ་ལ་རྒྱུ་བའི་ཡི་དྭགས་སུ་སྐྱེས་ཀྱང་ཕན་མེད་པས། ད་ལྟར་ཉམ་ངའི་ལས་ལ་འཛེམས་པར་བྱའོ། །ཞེས་གསུངས་སོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།