ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །བོན་རིམ་པ་སྣ་ཚོགས་མི་དགོས་གཅིག་གིས་ཆོག་པ་ལ་སྙམ་ན། བློ་རིམ་སྣ་ཚོགས་ཡོད་པས་དགོས་ཏེ། དེས་ན་མས་འཛེག་ཏུ་བསླབ་པ་གལ་ཆེ་སྟེ། དཔེར་ན་དཔོན་གསས་ཁྲི་རྗེ་ཡོངས་རྫོགས་ཀྱིས། རྒྱལ་པོ་སེང་གེ་བཟང་པོའི་ཆུང་མའི་མྱ་ངན་ཞི་བ་ལྟ་བུ་སྟེ། རྒྱལ་པོ་དེ་ལ་ཆུང་མ་ལྔ་བརྒྱ་ཡོད་པ་ལ། ཤིན་ཏུ་མཛེས་ལ་ཡིད་དུ་འོང་བ་ཡི། བཙུན་མོ་ཡིད་འཕྲོག་མ་བྱ་བ་ཤི་བས། རྒྱལ་པོ་དེ་ཕོ་བྲང་ན་གསེར་ཁྲི་གཡུ་ཁྲི་ཁ་ལ་བཞུགས་ནས་ཕྱི་རུ་མི་འོང་བས། བཙུན་མོ་ཤི་བ་དེ་ལ་མོར་སྨྲས་ན། རྒྱལ་པོ་ཡང་སེམས་སྡུག་གིན་བགྲོངས་པར་འགྱུར་བས། དཔོན་གསས་གྱི་བློན་པོ་རིག་པ་ཅན་ཞིག་ལ་ལུང་བསྩལ་ནས། དེར་བློན་པོ་རྒྱལ་པོའི་སྔོན་དུ་ཕྱིན་ནས། རྒྱལ་པོའི་ཞལ་ནས། ངའི་བཙུན་མོ་ཡིད་འཕྲོག་མ་མེད་པར་གང་དུ་སོང་བྱས་པས། བློན་པོས་བཙུན་མོ་སྡུག་པ་དེའི་སྣ་ལ་མཛེར་པ་ཆེན་པོ་ཞིག་བྱུང་བྱས་པས། འོ་ན་དེ་མི་སྡུག་པས་ཆོས་ཟེར་རོ། །དེ་ནས་ཞག་ལྔ་ནས་རྒྱལ་པོ་ལ་དེ་བཅོས་པས་མ་ཆོས་པར་ཤུ་བ་གཅིག་ཏུ་སོང་བྱས་པས། འོ་ན་ཆེར་སོང་བར་ཡོང་གི་སྔགས་སམ་སྨན་གྱིས་ཆོས་ཟེར། དེ་ནས་ཟླ་བ་ཕྱེད་ཙམ་ནས། རྒྱལ་པོ་ལ་བཅོས་པས་མ་ཕན་པར་སླར་ལ་གདོང་པ་ཤུ་བས་ཁེངས་བྱས་པས། འོ་ན་མཛེ་བྱུང་བར་འོངས་བས་ལ་འུར་ཆོས་ཤིག་གསུངས་སོ། །དེ་ནས་ཟླ་བ་གཅིག་ཙམ་ནས་བཅོས་པའི་མ་ཕན་ལུས་ཐམས་ཅད་ཤུ་བར་སོང་ནས། རྣག་ཁྲག་ཤིན་ཏུ་སྐྱུག་བྲོ་བ་འདུག་བྱས་པས། ཉིད་ཀྱང་སྐྱུག་བྲོ་བར་འདུག མོ་རྒྱལ་པོ་ཅན་དུ་འོང་ཟེར་བྱས་པས། དེར་ང་ཡང་སྐྱུག་བྲོ་བས་ཁྱིམ་དུ་མ་བཏང་ཞིག་བྱས་པས། དེ་ནས་ཞག་འགའ་ནས་ལུས་པོ་རུལ་ནས་སྐྱུག་བྲོ་བར་འདུག་བྱས་པས། དེ་ཤི་བས་རུང་སྐྱུག་བྲོ་གསུངས། དེ་ནས་ཞག་འགའ་ནས་ཤི་བྱས་པས་ཤི་བས་རུང༌། མོ་ཡང་སྡུག་གསུངས་ནས་མྱ་ངན་མེད་དོ། །བློན་པོ་ཐབས་མཁས་པར་སོང༌། དེ་ནས་ལམ་འོག་མ་ནས་གོང་དུ་བཀྲི་ཐབས་མཁས་པ་ཞིག་དགོས་པས་ཐབས་སྣ་ཚོགས་དགོས།།    །།

      སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །འདོད་པ་ཆུང་ལ་ཀུན་དང་མཐུན་པ། ༼ནོར་བུ་བ།༽རྒྱལ་གཤེན་འཆིང་རུམ་ལྟ་བུ་ཞེས་པ་ནི། འཁོར་བ་དོང་སྤྲུགས་བླ་ཆེན་ཉིད་ལ་གསན། ༼དྲན་པ།༽མན་ངག་སྣང་བ་བརྡ་བཀྲོལ་མན་ངག་གདབ། ༼སྙན་རྒྱུད།༽རྒྱ་ནག་སོག་པོའི་རི་ལ་ཉམས་རྩལ་རྣམས་ཐོན། འདོད་པའི་ལྕགས་ཁྲོལ་ནང་ནུབ་འཚོ་བ་སྙོགས། ༼བྱིའུ་ལྟར་ནང་ཚོལ་ནུབ་ཚོལ།༽་ཀུན་དང་མཐུན་ཏེ་ནོར་རྫས་བུད་མེད་སྦྱིན་པར་གཏོང༌། ༼ཉེ་མཁོ་ལ།༽སྦྱིན་པ་དྲག་པོའི་༼ཆགས་པ་མེད་པའི།༽སྟོབས་ཀྱིས་འགྲོ་དྲུག་གྲོང་ཁྱེར་ཁུམས།༼མེད།༽ ཀླུ་མོ་དགའ་བྱེད་མ་ནི་དངོས་སུ་འདུས་པར་བྱེད། ༼དགོན་པར་པུས་ཐལ་སྦྱོར།༽མཁའ་འགྲོ་ཀུན་རྒྱུ་མ་ནི་ཟས་སྐོམ་ཕྱག་ཏུ་འདྲེན། ཕྱི་རབས་གཤེན་རབ་རྣམས་ཀྱིས་བཀའ་བཞིན་སྤྱད་འགྱུར་ ༼ཆགས་འཁོར་སྤོང་ནུས་པ་ཁོང་བཞིན།༽ན། དེ་བཞིན་ཐར་པ་ཆེན་པོ་ཐོབ་པར་ངེས། ཞེས་སོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།