ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ཡང་ལྷ་ཡི་ཡུལ་སུམ་ཅུ་རྩ་གསུམ་གྱི་གནས། ལྷའི་བུ་ཕོ་དྲང་སྲོང་ཤེས་དགའ་རབ་ལྡན་རྒྱལ་པོ་བྱ་བ་ཞིག་ཤིན་ཏུ་དགའ་ཡིན་སྐྱིད་ཀྱིན་རོལ་རྩེད་སྣ་ཚོགས་རྩེ་ཡིན་ཡོད་པ་ལ། ལྷའི་རྩེ་འཇོ་སྐྱོ་ནས་མེ་ཏོག་གླིང་ལ་ཕྱིན་པས། མི་ཡུལ་གྱི་ཁང་ཁྱིམ་མཐོང༌། དེ་དགའ་སྙམ་བྱེད་ནས་མི་ཡུལ་དུ་ཕྱིན་པས། བུད་མེད་བསམ་པ་དང་རྒྱན་དང་ཆས་ཀྱིས་བརྒྱན་པ་ཞིག་དང་འཕྲད། ལྷ་བུ་ཁྱི་རུ་སྤྲུལ་ནས་མིའི་རྒྱན་ལ་ལྟ་རུ་ཕྱིན། བུད་མེད་དྲེགས་མས་ཁྱི་ལ་རྫོགས་ཀྱིས་རྩོགས། ལྷ་བུ་སྙིང་ནད་བུད་མེད་ལྟོ་རུ་ཞུགས། ལྷ་བུས་སྐྱེས་ལེགས་མ་ལ་ལན་ཆགས་སྙགས། ཚད་དུ་ཕྱིན་ནས་བུ་ལ་ཆུང་མ་བླངས། བག་མས་ཁྱིམ་དུ་བརྟོལ་ནས་ལྷ་བུ་ཡུལ་དུ་འཁྱུས། ལྷ་བུས་བལྟས་པས་མི་ཡུལ་ཆོ་ངེས་གང༌། ལྷ་ཡི་བུས་དེས་ནི་ཚིག་བཤད་འདི་སྐད་བརྗོད། ང་ནི་ལྷའི་བུ་ཕོ་དྲང་སྲོང་ཤེས་དགའ་སྟེ། གཞལ་ཡས་ཁང་དུ་སྐྱོ་ནས་མེ་ཏོག་གླིང་ལ་ཕྱིན། མེ་ཏོག་གླིང་ནས་འཛམ་གླིང་མི་ཡུལ་མཐོང༌། དགའ་དད་སྐྱེས་ནས་མིའི་ཡུལ་དུ་ཕྱིན། མ་དག་སྨོན་ལམ་ལྷན་ཅིག་བཏབ་པའི་མཐུས། བཙུན་མོ་མེ་འབར་མ་དང་ལམ་ཁར་ཐུག་གིས་འཕྲད། མ་ཉེས་ལྷ་བུ་གྲི་རུ་དེས་བསད་ཙམ། ཉོན་མོངས་དབང་གིས་དུག་མའི་ལྟོ་རུ་ཞུགས། མི་ལོ་བཅུ་བདུན་ལོན་ནས་བག་མ་ཁབ་ཏུ་ལེན། ལྷ་ཡུལ་དྲན་ནས་འོངས་བས་མི་ཡུལ་ཆོ་ངེས་བཀང༌། རྒོད་བྲོ་སྙིང་ཚིམ་འགྱོད་པའི་སེམས་ཀྱང་སྐྱེས། བཏུས་པའི་མེ་ཏོག་གཞོང་པ་ཐོག་རིད་ཙམ། ཕྱིས་ཡང་སེམས་ཅན་གནོད་འཚེ་སྤོངས་ཤིག་གོ །རང་གི་ཁམས་འཁྲུག་གཞན་ལ་མྱ་ངན་གནོད། ཅེས་སོ། །ཨི་ཐི།།    །།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ཚུལ་དང་མི་ལྡན་གཡུང་དྲུང་བོན་ལ་སྤྱད་གྱུར་ཀྱང༌། དོན་དང་མ་འབྲེལ་ན་སླར་ལ་ངན་སོང་གི་རྒྱུ་གསོག་སྟེ། དེ་ཡང་རྒྱ་གར་གྱི་ཡུལ་བས་མཐའ་དགོན་པར་ཞིག་ན། གཤེན་རབ་ལོག་སྤྱོད་སེང་གེ་ཞེས་བྱ་བ། སྙན་གྲགས་རྙེད་བཀུར་དུག་འདམ་ལྟ་བུ་ལ་ཨ་འཐས་སུ་ཆགས་པ། གཞན་དག་གི་རྫས་དང་ཡོ་བྱད་ལ་གདུང་ཞིང་ཆགས་པ་ཆེ་བ། གཡོ་སྒྱུ་ཆེ་ཞིང་གཞན་དག་གི་གྲགས་པ་འཇོམས་པ། གཞན་ཚུལ་བཞིན་སྤྱོད་པ་རྣམས་ལ་གཤེ་ཚིག་སྨྲ་བ། མི་གུས་པའི་འཁོར་སྤེལ་ཞིང༌། བཟང་པོའི་དཔོན་ཆས་འཛིན་པ། འཇིག་རྟེན་གྲགས་པའི་བོན་བཅུ་ཞེ་ཕུགས་སུ་བཞག་ནས་རྐྱེན་ངན་གྲོགས་སུ་ཤར་སྐད་ཟེར་བ། ཞེན་པ་མ་ལོག་པར་ཚུལ་འཆོས་སྐྱོ་ཚུལ་འཆོས་པ། ཚེ་འདི་ཡི་རྣམ་པར་རྟོག་པ་ལ་ཞེན་ནས་མི་རྣམས་བསླུ་རྡོ་བྱེད་པ། ངེས་ཤེས་མ་སྐྱེས་པས་ཐ་སྙད་ཀྱི་ང་རྒྱལ་སྨྲ་བ། དམན་ཆ་མི་འཛིན་པར་བསོད་ལྡན་ལ་ཕྲག་དོག་བྱེད་པ། དེ་ལྟ་བུ་དེ་ཚེ་འཕོས་ནས་ལས་ངན་པའི་དབང་གིས་ཁྱབ་བྱེད་སྟོན་པ་སྟོབས་ལྡན་གདོང་བཞིའི་ལུས་བླངས་ནས། ལས་བཟང་པོ་བོན་གྱི་བག་ཆགས་ཀྱི་དབང་གིས་སྟོན་པའི་ལུས་ལྟར་མིའི་ཞལ་གཅིག་དབུས་སུ་འཁྲུངས། གཞན་བོན་བྱེད་པ་ལ་ཁ་ཏ་བསླབ་པའི་སྟོན་པའི་ཚུལ་བསྟན་པས། གཡས་ཕྱོགས་སྤྲེའུའི་ཞལ་གཅིག་བྱུང༌། གླེན་རྨོངས་ར་ཆོད་དུ་སྤྱད་པས། ཕག་ཞལ་གཅིག་གཡོན་དུ་བྱུང༌། འདོད་ཆགས་ཞེ་རྔམ་གྱིས་སྤྱི་གཙུག་ཏུ་བྱ་ཕོའི་མགོ་བོ་གཅིག་ཐོན་ནས། མི་མཛེས་པའི་སྣང་བ་སྣ་ཚོགས་མི་གསང་བར་སྟོན་པར་གྱུར་ཏོ། །རྩ་བ་མི་ཡི་ཞལ་དེས། སྣང་བ་མི་རྟག་རྨི་འདྲ་སྤྲིན་བཞིན་འགྱུར་ལྡོག་ཆེ། རྟག་ཏུ་རེ་བའི་བསམ་པ་དོར་བར་བྱ། ཡང་དག་བདེན་པའི་བོན་ལ་མོས་བྱས་ཐུགས་རྗེ་རྒྱུན་མི་འཆད། ཅེས་སྐྱིལ་མོ་ཀྲུང་བཅས། ཀ་པཱ་ལི་བཀྲམ་ནས་བཤད་པས། གཡས་པས་ན་རེ། ཀྱེ་གསོན་དང་ལགས་པ་དེ་ཙུགས་ལགས་ཏེ། བྱུང་བ་འདི་ལྟར་བྱུང༌། ནང་དུ་མི་བདེན་མ་ཤར་ཕྱི་རུ་དོན་བཤད་ཀྱང༌། གཞན་གྱིས་རང་ལ་ཁྲེལ་ཞིང་རང་རྨ་འབེབ། ལོག་པའི་བོ་བཤད་སྡུག་བསྔལ་རང་ལ་སྨིན། ཞེས་སྒྲོགས་སོ། །གཡོན་གྱི་ཕག་ཞལ་ན་རེ། མཁུན་བུ་དང་བཅས་ནས། རང་ཉམས་གཞན་དང་མ་བསྟུན་ལོག་པའི་སྤྱོད་པ་མཁས། དོན་ལ་མི་གནས་གཏི་མུག་རྨོངས་པར་བཤད། གཡོ་མེད་དོན་དང་མི་ལྡན་བག་མེད་བོན་བཤད་པས། རྒྱུ་ངན་རྐྱེན་དང་མཚུངས་པའི་ཕག་ཞལ་འདི་ལྟ་བུ། གསང་བར་བྱ་རྒྱུ་ལགས་ཏེ་དབང་མེད་སྔོན་ན་སྡོད་ཅེས་གླེང༌། སྤྱི་གཙུག་ཁྱིམ་བྱའི་མགོ་བོ་ན་རེ། བྲོས་དང་ཐར་མཐའ་མེད་པའི་སྟོན་པ་ངན་སྨྲ་མཁན། ཨོ་ཨོ་ཨོ་ཨོ་ཨོ་ཨོ། ཕོ་བོས་ངག་བརྗོད་ཕྲིན་ལན་དབུལ་རྒྱུ་ལ། གཅེན་པོ་༼ཞལ་གཅིག༽མི་བདེན་གཅུང་པོ་ཞལ་གསུམ་བདེན། གུས་ཕྱག་འཚལ་དུ་རང་སྣང་འདྲེ་རུ་ལངས། དཔོན་ཆས་བཟུང་དུ་བདུད་ཀྱིས་བསླུས་ནས་མེད། རྗེས་འཇུག་རྣམས་ཀྱིས་ཚུལ་དང་ལྡན་པར་སྤྱོད། རང་གིས་རང་བསླུས་འཁྲུལ་པ་མ་བཟློག་ན། ཁོ་བོ་དྲུག་ཁྲིའི་བར་དུ་མི་ཁོམ་སྦྱོང་པ་ལྟར། སྡུག་བསྔལ་ཆེན་པོས་རང་ལ་གདོང་དུ་བརྒུག༼བསྒུག༽ ཅེས་སྒྲོགས་པར་གྱུར་ཏོ། །དེ་ག་ལྟར་བྱམས་པ་སྒོམ་བྱས་ཙ་ན་ཡང་ལོག་པར་སྨྲ། སྦྱིན་པ་བཏང་བྱས་ཙ་ན་སེར་སྣའི་གཏམ་ལོག་པར་སྨྲ། ཞི་བ་སྒོམ་བྱས་ཙ་ན་ང་རྒྱལ་གྱི་གཏམ་ལོག་པར་སྨྲ། ཡངས་པ་སྒོམ་བྱས་ཙ་ན་ཕྲག་དོག་གི་གཏམ་ལོག་པར་སྨྲ། དཀའ་ཐུབ་དགོས་བྱས་ཙ་ན་ཡང་ལོག་པར་སྨྲ། དེ་ལྟར་ཅི་སྨྲས་པ་ལན་མེད་ཀྱི་གཏམ་སྣ་ཚོགས་འཁྲུལ་པར་སྒྲོག་པར་གྱུར་ཏོ། །དེས་ན་སྒྲོན་མ་མུན་སེལ་འདི་ལྟར་དུ་ཆ་ཕྲ་བའི་ཕྲ་བ་ནས་མ་བསྲུང་ན། བོན་བྱས་པ་ལྟར་སྣང་བ་བོན་མིན་དུ་འགྲོ་བའི་ཉེན་ཡོད་པས། ཡང་ཡང་བསམ་པར་བྱ། མདོ་དང་རྒྱུད་སྡེ་ལྟར་འབད་བྱ་ཞེས་གསུངས་སོ།།     །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།