ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

      སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །ཡང་རྒྱ་གར་གྱི་ཡུལ་འབྲོག་གནས་དགོན་པ་བྱ་བ་ཅིག་ན། བྲམ་ཟེ་རྒན་རྒོན་གཉིས་ལ་བུ་ཚ་ནི་མེད། ར་དུམ་ཞིག་ལ་འཚོ་བ་སྦྱོར་གྱིས་ཡོད་པ་ལ། ཡུལ་ཕྱོགས་དེ་རུ་ལྟས་མོ་ཆེན་པོ་ཞིག་ཡོད་སྐད། རྒན་མོས་ར་ལུག་བཙས་ཀྱིན་རྒན་པོ་ཁྲོམ་སྐྲ་གསར་བཀྲུས་ནས་བལྟས་པ་ལས། ཁྲོམ་གསེབ་སྙོགས་ཁར་ཁྱིམ་དུ་ལོག་ནས་བྱུང༌། བྲམ་ཟེ་རྒད་པོས་འདི་སྐད་སྒྲོག རྒད་པོ་བདག་ནི་མི་གླེན་ཤིན་ཏུ་སྤྱང༌། བལྟས་པས་མ་ཀི་ཁྲོམ་ཚོགས་ཤིན་ཏུ་ཆེ། ང་དང་ང་ལྟ་བུས་ཁྲོམ་གསེབ་བཀང་ནས་སྣང༌། རྟགས་དང་མཚན་མ་མེད་ན་རྒད་པོ་ཁྱིམ་མི་ལྡོག སྔོ་དམར་སྐུད་པས་བྱིང་༼བྱིན་༽ཁུང་གཅུས་ཏེ་སོང༌། ཁྲོམ་གསེབ་བསྐོར་ཞིང་བལྟས་པའི་ཕྱི་ཏ་ལ། ཁུ་ལངས་ཁྲོམ་འཁྲུག་རྒད་པོ་འགྱེལ་གྱིན་བྲོས། དགོང་ཀ་གནས་བསྙེགས་རྟགས་མཚན་ཡེ་མི་སྣང༌། བྲམ་རྒན་ཧ་ལས་ཁྲོམ་གསེབ་ཚོལ་དུ་ཕྱིན། གསང་སྤྱོད་དྲི་སྨད་བྱས་པས་མི་རྣམས་གད་མོས་སྒྲོགས། རང་སྐྱེངས་བཙལ་དང་མ་རྙེད་སྡུག་ཅིང་བསྔལ། སྔོན་རོག་ད་ཅི་ཞིག་གིས་བྲམ་རྒོན་འདོང་ཞེས་སྨྲས། བློ་ལྟོས་རོག་ལ་བཅས་པས་རང་གི་རང་རྙེད་དོ། །རྗེས་འཇུག་རང་ཞལ་ལྟ་ན་བླ་མའི་གདངས་ངག་བསྟེན། ཅེས་སོ། །སྔོན་སྦྱངས་ལས་འཕྲོ་ཅན་དྲན་པ་ནམ་མཁའ་བདག །འགྲོ་བ་འཁོར་བ་ནས་དྲངས་པ་དང༌། །ལས་ཅན་ཐར་པའི་ས་ལ་བསྒྲོལ་བའི་ཕྱིར། །གསང་སྔགས་རིན་ཆེན་བཀའ་རྒྱུད་དོན་བཀྲོལ་ནས། །ཐུགས་རྒྱུད་ཀློང་ཆེན་འཕྲུལ་གྱི་མཛོད་ཆེན་དང༌། །མདོ་སྡེ་ཀུན་བཀྲོལ་དྲང་དོན་མུན་སེལ་བརྩམས། །སེམས་ཅན་བཀྲིད་དྲང་དོན་ལ་དགོངས་ནས་འདི་བརྩམས་པས། །ཁམས་གསུམ་འཁོར་བའི་ས་ལས་ཐར་བ་དང༌། །བདག་གི་བསམ་པ་འགྲུབ་ནས་བདེ་དང་ལྡན་པར་ཤོག །འགལ་འཁྲུལ་བདེར་གཤེགས་མཁའ་འགྲོའི་ཚོགས་ལ་བཤགས། །ཨི་ཐི།།   །།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །འགྲོ་དྲུག་གི་སེམས་ཅན་འཁྲུལ། ལྷ་མི་གཞན་རྟེན་ཐེག་པ་གོལ། མུ་སྟེགས་རྟག་ཆད་ལོག གཡུང་དྲུང་སེམས་དཔའ་ས་དང་ལམ་ལ་གནས་པའོ། །རྟེན་མི་ལུས་དགུ་ལྡན་ཞིག་གིས། ས་དང་ལམ་ཁྱད་པར་ཅན་ལ་འཇུག་པར་བྱེད་པ་ལ། སྔོན་དུ་དཔོན་གསས་བླ་མ་ཚད་ལྡན་ཞིག་ལ་བསྟེན་དགོས། དེས་ཡོན་ཏན་རྣམ་པར་མཛད་པ་ལ་བརྟེན་ནས། འཁོར་བའི་ཉེས་དམིགས་མཐོང་ཞིང་ལས་རྒྱུ་འབྲས་ལ་ཡིད་ཆེས་དགོས། དེ་ལྟར་དད་བརྩོན་དྲག་པོའི་སྟོབས་ཀྱི་སྐྱབས་འགྲོ་རྣམ་བཞི་ལ་ངེས་པར་འཇུག་དགོས། དེ་གོམས་པའི་མཐུ་ཡིས་སྨོན་འཇུག་ལྷག་པ་གསུམ་གྱི་དོན་སྐྱེ་དགོས། ལམ་སྦྱངས་ཤིང་དོན་ཉམས་སུ་བླངས་པའི་མཐུ་ཡིས། རང་བཞིན་གྱིས་སྟོང་པ་ཉིད་ཀྱི་དོན་ཐུགས་སུ་ཆུད་དགོས། སངས་རྒྱས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པས། འགྲོ་བ་སེམས་ཅན་གྱི་དོན་ལ་འཇུག་དགོས། དེ་ནས་བསྔོ་བ་ཁྱད་པར་ཅན་གྱི་འབྲེལ་བ་ཞུ་དགོས་པས། འོ་སྐོལ་བདག་ཅག་བསྔོ་བ་ལ་འཇུག་པར་བགྱིས། དེ་ལ་རྣམ་པ་གསུམ་སྟེ། མི་འབྱེད་པ་སྟོང་པ་ཉིད་ཀྱི་བསྔོ་བ་དང༌། རྒྱུད་ཡོངས་སུ་གྲོལ་བ་ཏིང་ངེ་འཛིན་ཕུན་སུམ་ཚོགས་པའི་བསྔོ་བ་དང༌། རྒྱུ་ལ་འབྲས་བུ་སྨིན་པ་མོས་གུས་རྒྱུ་གཙོ་བས་བསྔོ་བའོ། །ན་མོ་བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་ནམ་མཆིས་ཀྱི་བར་དུ། སྔ་རབས་འདས་དང་ད་ལྟར་མ་བྱོན་གྱི། དུས་གསུམ་བདེར་གཤེགས་རྣམས་ལ་ཕྱག་འཚལ་ལོ། །ལྷ་གཤེན་སྲིད་པ་གསུམ་ལ་ཕྱག་འཚལ་ལོ། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །རང་གྲོལ་བདལ་ཁྱབ་ཆེན་པོའི་ཀློང་དཀྱིལ་ན། བོན་སྐུ་རྩོལ་འདས་ཆེན་པོ་དགོངས་སུ་གསོལ། ཡེ་ཤེས་གཞལ་ཡས་རོལ་པའི་ཀློང་དཀྱིལ་ན། རིགས་ལྔ་བདེ་བར་གཤེགས་པ་དགོངས་སུ་གསོལ། འགགས་མེད་སྣ་ཚོགས་ཤར་བའི་ཀློང་

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།