ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

     སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །རྒྱ་གར་ཡུལ་གྱི་ལྷོ་ནུབ་མཐའ་འཁོབ་ཅིག་ན། ཁྱོ་བྲན་པོ་རྐང་ནག་བྱ་བ་ཞིག་དང༌། ཆུང་མ་སྲིན་མོ་ཨ་ཙ་མ་བྱ་བ་ཞིག་ལ། །བུ་ཙ་བྲན་བུ་ཐལ་ཁྱེར་དགུ་ཡོད་པ་ལ། ཚེ་སྔ་མ་ལ་སེར་སྣ་གཅིག་པུ་བྱས་པའི་དབང་གིས་ཤིན་ཏུ་བཀྲེས། བུན་ལོན་ཚན་པོ་ཆེ་མང་པོ་མ་ཁེར་བའི་དབང་གིས། ཤིན་ཏུ་བུ་ཚ་མང་པོ་ལ་སྦྱིན་རྒྱུ་མེད། ཨ་ཙ་མ་ཤིན་ཏུ་སྡུག་ཅིང་བསྔལ་བས་འཐོམས་ཏེ་ཕྱིན། རྒྱལ་པོ་གཅིག་གི་ཁོལ་མོ་ལོ་དགུ་བྱས། ཁ་ཨ་ཙ་མ་ཟེར་གྱིན་སྤྲང་པོ་སློང་བའི་འཇུང་འགེག་བྱས། བ་བུ་གཅུར་གྱིན་བསད། ཁྱིམ་མཚེས་ལ་རྐུས་ཤིང་བྱིས་པ་བྲིད། ཁྱིམ་ནས་ཕྲི་ཞིང་གཞན་ལ་གཏམས། བུ་ཚ་གསོ་བར་འདོད་པས། ཡུལ་དུ་ཕྱིན་པས་ལམ་དུ་དགྲ་ཡིས་ཁྱེར། ཡང་འཐོམས་ཏེ་ལན་ཆགས་ལ་གཉེར་བའི་ནོར་ཚོལ་དུ་ཕྱིན་པས། གནས་གཞི་ཞིག་ཏུ་སྔོན་ལ་ཆང་མ་བྱས། དེ་ནས་ཕྱུགས་ཀྱི་སོ་ནམས་བྱས། དེ་ནས་ཕྱེ་འཐག་གླ་བ་བྱས། ཁ་ཨ་ཙ་མ་ཟེར་གྱིན་སློང་མོ་བའི་ཁ་འགེག ཕུགས་ནས་དྲང་སྲོང་གི་དཀོར་ནོར་བརྐུས། ཕྱིའི་མི་རྣམས་ལ་ཞེ་འགེམས་པའི་སྤྱོད་པ་བྱེད། དྲང་སྲོང་གི་དཀོར་ནོར་ལ་འབག་པའི། རྫས་ལན་ཆགས་བུ་ཚ་ལ་ཁྱེར་བའི་ལམ་དུ་ཆོམ་པོས་བཅོམས། བུ་ལོན་ཀྱི་ལན་ཆགས་དེས་ཀྱང་མ་ཁེར། དེ་ནས་ཚེ་འཕོས་ནས། ཉམ་ང་བའི་ལུས་བཞི་བླངས་ཏེ། ཕག་གི་ལུས་བླངས་ནས་བུ་ཚའི་ལན་ཆགས་ཀྱིས་ལོ་རེ་ལ་ཚང་འཁོར་གསུམ་གསུམ་སྤེལ། འབུ་སྦུར་གྱི་སྡིག་པ་སྣ་ཚོགས་བྱས། དེ་ལྟར་ཕག་གི་སྐྱེ་བ་ལྔ་བརྒྱར་བླངས། དེ་ནས་བྱི་བའི་སྐྱེ་བ་ལྔ་བརྒྱར་བླངས། བྱེད་པ་རྒྱུ་མཐུན་གྱིས། ཉིན་མོ་ཡིབ་ནས་ནུབ་མོ་བརྐུ། དེ་ནས་དག་པའི་སྡེ་དྲང་སྲོང་གི་དཀོར་བརྐུས་པས། སྦུར་པའི་སྐྱེ་བ་ལྔ་བརྒྱར་བླངས་ནས་མི་གཙང་པའི་རྫས་གསེབ་གཡེང༌། དེ་ནས་སྐྱེ་བ་ལྔ་བརྒྱ་ལ་མངལ་གྱི་སྲིན་བུའི་ལུས་བླངས་ནས་ཤིན་ཏུ་སྦྱངས་སོ། །དེ་ནས་འཕོས་ནས་ཡི་དྭགས་གཙོ་མོ་མགྲིན་རིང་མའི་ལུས་བླངས། ལོ་བཞི་ཁྲིའི་བར་དུ་སྦྱངས་སོ། །དེ་ཡང་སྔ་མ་ལ་མི་སྡུག་པའི་བཞིན་གྱིས་སེར་སྣས་ཀུན་ལ་སྦྱིན་འགེགས་བྱས་པ་དང༌།མ་བྱིན་པ་དྲང་སྲོང་དང་ཕྱུག་པོའི་དཀོར་ལ་འབག་པས།སྔོན་གྱི་བུ་ལོན་ལན་ཆགས་ཀྱི་དབང་གིས་མགོ་དང་ལུས་པོ་ཆེ་ཞིང་མགྲིན་པ་དང་རྐང་པ་འཕྲ་ལ་རིང་བ།བུ་ཚ་ཡི་དྭགས་ཕྲུ་གུ་བདུན་ཕ་ཡིས་བོར་བ་མོས་མཐོང་ཚད་ཐམས་ཅད་ནི།མི་གཙང་བ་དང་རྣག་ཁྲག་ཏུ་མཐོང་བ།ཁས་ཨ་ཙ་མ་ཟེར་ཀྱིན་གར་བྱ་བར་བསྐོར་བ།གཤེན་གསང་བ་དོན་ལྡན་གྱི་གཏོར་མ་ལ་རྒྱུག་པས།ཡི་དྭགས་བཅུའི་འོག་ཏུ་དེ་ཤི་བྱས།དེ་ལྟར་ཤིན་ཏུ་སྡུག་ཅིང་བསྔལ་བ་དང་སྦྱོང་པ་ལ།གཤེན་གསང་བ་དོན་ལྡན་གྱིས་ཐུགས་རྗེའི་ཚིག་བཤད་བརྩམས་པས།ཀྱེ་མ་ལས་ངན་བསགས་པས་རྐྱེན་ངན་སྣ་ཚོགས་ཚོགས།ལས་ཀྱི་ཁ་བརྒྱུད་ཡི་དྭགས་མགྲིན་རིང་མ།སྔར་བྱས་སྡིག་ལ་འགྱོད་ཅིང་བཤོགས་༼ཤོག༽།གཤེན་ལ་མོས་བྱས་ཐུགས་རྗེ་རྒྱུན་མི་འཆད།ལས་ངན་འདི་ཁྱེར་བོན་གྱི་དྲུང་དུ་འདུ་ཞེས་གསུངས་པས།བོན་གྱི་ཐུགས་རྗེ་དང་ལས་ཀྱི་ཁ་འཐུས་པས།དེ་ནས་ཚེ་འཕོས་ནས།དབུལ་མོ་འགབ་ནག་མ་བྱ་བ་རུ་སྐྱེས་ནས།གཡུང་དྲུང་བོན་ལ་མོས་ཤིང་འདུན་པར་གྱུར་ཏོ།། །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།