ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

དྲང་དོན་སྒྲོན་མ་མུན་སེལ་ལས་གཏམ་རྒྱུད་བརྡ་ཡི་གཟེར་བུ།

      སྟོན་པའི་སྒྲོན་མ་མ་རིག་མུན་པ་སེལ་ལ་ཕྱག་འཚལ་ལོ། །སྐྱབས་འགྲོའི་ཡོན་ཏན་བརྗོད་ན་བསམ་གྱིས་མི་ཁྱབ་སྟེ། སྔོན་པུ་རོང་གི་རྒྱལ་པོ་དང་གར་ལོག་སོག་པོ་སྐྱུང་སྐད་ཀྱི་དམག་འཐབ་པ་ལ། མི་ཐམས་ཅད་གྲི་རུ་བསད། ནོར་ཟས་ཐམས་ཅད་ནི་གར་ལོག་དམག་གིས་ཁྱེར། བུད་མེད་ཐམས་ཅད་ནི་ཁོའི་ཡུལ་དུ་ཁྱེར་ནས། བོད་མིག་གིས་མི་མཐོང་ལོ་རེ་བཞིན་དུ་དམག་དཔུང་སྡུད་ཀྱིན་ནོར་ཐམས་ཅད་བརླག་པར་གཏོང་བ་ལ། བྲུ་ཤ་ཡུལ་གྱི་དྲང་སྲོང་བདེ་བ་རྒྱས་བྱ་བ་ཞིག་ཕྱིའི་སྐྱབས་འགྲོ་ལ་ཡིད་དམ་བྱེད་པ་ཞིག་གིས། སྐྱབས་འགྲོ་རྣམ་པ་གསུམ་པོ་དེ། སྟག་པའི་བྱང་བུ་སོར་གསུམ་པོ་རེ་བྲིས་ཀྱིན་འཕྲག་པ་ལ་བཏགས་པས། གནོད་པ་དང་སྨས་པ་མི་འབྱུང་བར་གྱུར་ནས་མི་ཐམས་ཅད་ཡིད་ཆེས་པར་གྱུར་ནས། ཕྱུགས་དང་སྒོ་རིགས་ལས་སོགས་པ་ཐམས་ཅད་ལ་ཡང་འདོགས་པར་གྱུར་ཏོ། །དེ་ནས་དུས་ནམ་ཞིག་ན་སྐྱབས་འགྲོ་ཤིན་ཏུ་ཕན་ཡོན་ཆེ་བར་འདུག་ཟེར་བ་དེ། པན་རི་ཧོ་ཤ་བྱ་བ་ལ། སྟོན་པ་དགའ་ལྡན་བྱ་བས་སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ། ཀློང་དུ་གྱུར་བ་ཞིག་གིས་ཁུམས་ནས། ངས་ཀྱང་བསད་བཅད་མང་པོ་འདི་ལ་ཕན་འདྲ་ཐོག་པར་སྲིད་དམ་སྙམ་ནས། པུ་རོང་དུ་བྱོན་ནས་བཞུགས་ཡོད་པ་ལ། ཕྱིའི་སྐྱབས་འགྲོ་མི་དང་མི་མ་ཡིན། ཐམས་ཅད་ངག་ལ་ཉན་ཅིང་འདུན་པར་གྱུར་ནས། ནང་གི་སྐྱབས་འགྲོ་བླ་མ་དང་ཡི་དམ་མཁའ་འགྲོ་རྣམས་སྤྲིན་ལྟར་གཏིབས་ཤིང༌། དངོས་གྲུབ་སྣ་ཚོགས་སྟེར། གསང་བའི་སྐྱབས་འགྲོ་རྩ་རླུང་ཐིག་ལེ་གནས་སུ་འདྲོངས་པས་བཀུག་ན་ལྷ་མོ་འོད་འཆང་མ་ཡང་མདུན་དུ་ཁུག བསྡམས་ནས་ཕྱི་ནང་སྲིད་པའི་རྒྱུན་ཡང་འཐེམས། ཕྱིན་ན་རྒྱ་གར་ཡུལ་དུ་ཉིན་ཞག་གསུམ་གྱིས་ཕྱིན། དེར་བཞུགས་པའི་དུས་སུ་གར་ལོག་གི་རྒྱལ་པོ་ཡན་པའི་དམག་དཔུང་ཤིན་ཏུ་ཚན་ཆེ་བ་བྱུང་བ་ལ། སྟོན་པ་དགའ་ལྡན་ཞེས་བྱ་བའི་གྲུབ་ཐོབ་ཆེན་པོ་དེས། དམག་མཐོང་ནས་སྡིག་འཛུབ་གཡས་པ་ཕྱར་བས་མཚོན་ཐམས་ཅད་བྲུལ་ཞིང་རྟ་ཐམས་ཅད་འགྱེལ། མི་ཐམས་ཅད་སྨྱོས་ཤིང་གོ་ཕུབ་ཐམས་ཅད་རླུང་གིས་ཁྱེར། གར་ལོག་གི་དམག་གིས་གནོད་པ་མ་སྐྱེལ། བོད་ཀྱིས་རེ་བ་སྐྱེས་ནས། གར་ལོག་གསོད་དུ་ཆས་པས། ཁོང་གི་འཆིང་བྱེད་ཀྱི་ཕྱག་རྒྱ་ཁུ་ཚུར་གཉིས་ཐུགས་ཀར་བསྣམས་ནས། སྐྱབས་འགྲོའི་དོན་དྲན་པ་ལས། མི་ཐམས་ཅད་རེངས་ནས་འཁུམ་མ་ནུས། ཁོང་གིས་ཚིགས་བཅད་བརྩམས་པས། གུས་འཇུག་ཁྱད་པར་ཅན་གྱི་སྐྱབས་འགྲོ་དང་དུ་བླངས། །བྱིན་རླབས་ཁྱད་པར་ཅན་གྱིས་འགྲོ་བ་དབང་དུ་བསྡུས། །སྐྱེ་གནས་ཁྱད་པར་ཅན་གྱིས་མི་ལས་གཡུང་དྲུང་སེམས་དཔའ་གྱུར། །དངོས་གྲུབ་ཀུན་བསྙེམས་འགྲོ་བ་ཀུན་སྐྱོབས་ལ། །བདག་དོན་གཞན་དོན་མཐར་རུ་ཕྱིན་ལ་ཕྱག་འཚལ་འདུད། །ཅེས་གསུངས་སོ། །སྐྱབས་འགྲོ་འབད་ན་ཡོན་ཏན་དགོས་འདོད་འབྱུང་ཞེས་གསུངས་སོ།།   །།

(སྤྱིའི་གཟིགས་གྲངས། 381 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
  དེ་…
error: རྩོམ་འདི་བདག་དབང་ཅན་ཡིན།