ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

བསྒོམ་པར་འཚལ་བའི་སེམས་དཔའ་དེས། སྟོབས་ཀྱི་བླ་མེད་ཡང་དག་འབྲས་བུ་ཐོབས། སྨོན་ལམ་རེ་དོགས་མེད་པའི་མི་དམིགས་བསྒོམ། དེས་ནི་སྨོན་ལམ་བླ་མེད་འབྲས་བུ་ཐོབ། ཉོན་མོངས་འདུལ་བའི་ཐབས་ལ་མི་མཁས་མེད། ཐམས་ཅད་འདུལ་བའི་ཐབས་ཉིད་བསྒོམས་པ་དེས། ཐབས་ཀྱི་བླ་མེད་ཡང་དག་འབྲས་བུ་ཐོབ། ཉོན་མོངས་འཁྲུལ་དང་ལོག་པར་ལྟ་མེད་ཅིང༌། མི་དམིགས་པ་ཡི་ཤེས་རབ་ཉིད་བསྒོམས་པས། ཤེས་རབ་བླ་མེད་འབྲས་བུ་འཐོར་པར་འགྱུར། ཚེ་རབས་ཐོག་༼མ་ང་༽བག་ཆགས་སྒྲིབ་དག་ནི། དགེ་བའི་རྩ་བ་ཡོངས་སུ་སྨོན་བྱེད་ནས། ཡེ་ཤཻས་ཆུ་བོས་ཡོངས་སུ་ཁྲུས་བྱ་འོ། དད་མོས་འདུན་དང་བསམ་བཟང་རིག་པ་ལྡན། མི་སྐྱེ་མི་འགག་མི་དམིགས་དོན་དང་ལྡན། མ་འོངས་མི་འགྲོ་མི་རྟོག་ཀུན་ལ་སྙོམས། ཆགས་མེད་སྐྱོན་བྲལ་མ་གཡོས་ཅིར་ཡང་གསལ། རང་བཞིན་མེད་དང་ཀུན་སྐྱོབས་འགྱུར་བ་མེད། བདེ་ཆེན་དྲི་མེད་ཆགས་མེད་དེ་བཞིན་ཉིད། འདས་དང་མ་འོངས་ད་ལྟ་མི་དམིགས་དོན། སེམས་སྤྱོད་སྙིང་པོས་༼འདིར་ཚང་མི་འདུག་༽གནས་མི་དམིགས་དོན། སྦྱིན་སོགས་བླ་མེད་འབྲས་བུ་ཁྲུས་བྱའོ། དཔེར་ན་ནམ་མཁའ་ལྟ་བུ་རྣམ་དག་ལས། སྤྲིན་དང་ཁུ་རླངས་གློ་བུར་འབྱུང་བ་བཞིན། ཡེ་ཤེས་རྣམ་དག་སྒྲིབ་པ་གློ་བུར་ཡིན། ཡེ་ཤེས་ཆུ་བོ་རྣམ་དག་བསྒོམ་འདོད་ན། དེ་ནི་ཡེ་ནས་སྒྲིབ་མེད་རྣམ་དག་སྟེ། ཅིའི་ཕྱིར་ཞེ་ན་ནམ་མཁའ་ལ་སྤྲིན་ཚོགས་དེས། ས་ལ་གནས་པའི་ཉི་མ་སྒྲིབ་ནུས་བཞིན། ཉོན་མོངས་དེ་ལ་གཏི་མུག་སྒྲིབ་ནུས་ལ། སེམས་ཉིད་ཡེ་ཤེས་དེ་ལ་སྒྲིབ་མ་ཡིན། ཡེ་ཤེས་ཆུ་བོ་རྣམ་པར་དག་བསྒོམ་ན། བོན་ཉིད་རྣམ་པར་དག་པའི་དོན་རྟོགས་འགྱུར། བོན་ཉིད་དོན་རྟོགས་འཁོར་བ་བོན་སྐུར་ཤེས། འཁོར་བ་བོན་སྐུར་གཉིས་མེད་མིན། ཡེ་ནས་རྣམ་པར་དག་པའི་དོན་རྟོགས་སོ། གང་ཞིག་དད་ལྡན་ཆུ་བོས་ཁྲུས་བྱེད་ཅིང༌། ལུས་སྲོག་དག་ལ་འཛེམ་པའི་དད་བསྐྱེད་ནས། དགེ་བའི་རྩ་བ་ཡོངས་སུ་སྨོན་བྱེད་ན། རྣམ་དག་འབྲས་བུ་གདོན་མི་ཟ་བར་འཐོབ། ཅིའི་ཕྱིར་ཞེ་ན་དྲི་མ་ཅན་གྱི་རྫས། ཆུ་སྙོགས་མེད་པར་བཀྲུས་ན་དག་པ་བཞིན། འཁོར་བའི་གནས་སུ་བསགས་པའི་བག་ཆགས་ནི། དད་ལྡན་ཆུས་བཀྲུས་རྣམ་དག་འབྲས་བུ་ཐོབ། དགེ་ལ་དད་པའི་དད་ལྡན་ཆུ་བོ་དེས། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། ཅིའི་ཕྱིར་ཞེ་ན་སྐྱེ་བོ་བྱིས་པ་ཞིག ལུང་དུ་བསྟན་དང་ལུང་དུ་མ་བསྟན་དང༌། དེ་ལ་གཞན་འགྱུར་བཟོད་དང་གང་བྱེད་ཀྱང༌། གང་ལ་དད་བསྐྱེད་འགྲུས་པར་འགྱུར་བ་བཞིན། དགེ་བ་གང་ལ་དད་བསྐྱེད་འགྲུབ་པར་འགྱུར། གང་ཞིག་བླ་མེད་དོན་ལ་སྤྱོད་པའི་ཚེ། བླ་མེད་ཟབ་མོ་ང་ཡིས་བསྟན་པ་འདི། ཕྱོགས་བཅུའི་འཇིག་རྟེན་བྱེ་མའི་ལ་ཙམ་ལ། གང་གིས་འབྲི་དང་འཆང་དང་ཀློག་པ་དང༌། འདོན་མཆོད་བཀུར་སྟི་རིམ་གྲོ་ཕུད་དུད་དང༌། ནན་ཏན་བྱེད་ཅིང་སྤྱོད་ཚུལ་མ་ནོར་ན། ཕྱོགས་བཅུའི་འཇིག་རྟེན་སེམས་ཅན་དེ་དག་ཀྱང༌། དེ་བཞིན་རྣམ་དག་འབྲས་བུ་འཐོབ་པར་འགྱུར། གང་ཞིག་བླ་མེད་དོན་ལ་སྤྱོད་པའི་ཚེ། དད་ལྡན་ཆུ་བོས་རྟག་ཏུ་ཁྲུས་བྱེད་ཅིང༌། བོན་ཉིད་རྣམ་པར་དག་པའི་དོན་རྟོགས་ན། འཁོར་བ་རྣམ་པར་དག་ཅིང་གཙང་བར་འགྱུར། དཔེར་ན་ཉི་མ་སྤྲིན་མེད་འོད་ཟེར་བཞིན། བོན་ཉིད་རྣམ་དག་སྒྲིབ་པ་མེད་རྟོགས་ན། འཁོར་བ་ཡོངས་སུ་རྣམ་པར་དག་པའོ། གང་ཞིག་མོས་ལྡན་ཆུ་བོས་ཁྲུས་བྱེད་ཅིང༌། བླ་མེད་དོན་དང་དགེ་བའི་རྩ་བ་ལ། མོས་བསྐྱེད་མོས་པའི་ཆུ་བོས་ཁྲུས་བྱེད་ཅིང༌། དཔེར་ན་སྐྱེ་བོ་ཕལ་བ་གང་རུང་ཞིག མོས་ཕྱོགས་ལས་བྱས་ཀུན་ཀྱང་འགྲུབ་པ་བཞིན། བླ་མེད་ཡང་དག་དོན་ལ་མོས་ཞུགས་ན། དབུག་དབྱུང་མེད་པའི་༼འདིར་ཆད་འདུག༽འཐོབ་པར་འགྱུར། ལུས་ངག་ཡིད་གསུམ་མོས་བསྐྱེད་དེ་བཞིན་ནོ། ཅིའི་ཕྱིར་ཞེ་ན་བོན་ཉིད་རྣམ་དག་པས། འཁོར་བ་ཐམས་ཅད་རྣམ་པར་དག་པ་སྟེ། དཔེར་ན་མཁའ་ལ་ཉི་ཤར་སྣང་སྲིད་གསལ། བོན་ཉིད་ངང་དུ་འཁོར་བ་རྣམ་པར་དག བླ་མེད་ཡང་དག་དོན་ལ་སྤྱོད་པའི་ཚེ། བླ་མེད་དོན་ཟབ་ང་ཡིས་བསྟན་པ་འདི། སྟོང་གསུམ་འཇིག་རྟེན་རབ་འབྱམས་དཔག་མེད་ན། བོན་གྱི་འཁོར་ལོས་སེམས་ཅན་ཁ་ལོ་བསྒྱུར། ངན་སོང་སྒོ་གཅོད་ཉོན་མོངས་གཉེན་པོས་འདུལ། སྡིག་པ་སྤངས་ཞིང་དགེ་ཚོགས་རྒྱས་པ་དང༌།

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།