ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ཐར་པ་ཆེན་པོ་མྱ་ངན་འདས་སྤྱོད་ལ། གང་ཞིག་མོས་པའི་སེམས་དང་ལྡན་པ་རྣམས། འབྲི་འཆང་བཀུར་སྟི་ཀློག་འདོན་མཆོད་པ་དང༌། རིམ་གྲོ་ཕུད་དུད་ནན་ཏན་ཆེར་བགྱིད་པ། དེས་ནི་རྣམ་དག་འབྲས་བུ་འཐོབ་པར་འགྱུར། དེ་ནི་འདི་ལྟར་བོན་ཉིད་རྣམ་དག་པས། འཁོར་འདས་མོས་སྒོམ་རྣམ་པར་དག་པ་སྟེ། སོ་སོར་མ་ཡིན་ཡེ་ནས་རྣམ་པར་དག བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། སེམས་འདུན་ལྡན་པའི་ཆུ་བོས་ཁྲུས་བྱས་ན། རྣམ་པར་དག་པའི་འབྲས་བུ་ཐོབ་འགྱུར་ཏེ། སེམས་ཅན་འདོད་པའི་རྒྱུ་མཐོང་འདུན་པ་བཞིན། གང་ཞིག་ཡང་དག་འདི་མཐོང་འདུན་སྐྱེ་འགྱུར། བླ་མེད་ཡང་དག་དོན་འདི་ལ་སྤྱད་པའི་ཚེ། སྟོང་གསུམ་འཇིག་རྟེན་རབ་འབྱམས་དཔག་མེད་ན། ཐབས་ལ་མཁས་པའི་སྐྱེ་བུ་ལ་ལ་ཞིག བླ་མེད་ཡང་དག་དོན་འདི་འབྲི་བ་དང༌། འཆང་བ་ཀློག་པ་འདུན་མཆོད་བཀུར་སྟི་དང༌། རིམ་གྲོ་ཕུད་དུད་ནན་ཏན་ཆེར་བགྱིད་དང༌། དེས་ནི་རྣམ་དག་འབྲས་བུ་འདི་སྒྲུབ་སྟེ། དཀའ་སྤྱོད་བརྩོན་འགྲུས་བཙན་པ་དེ་མཐོང་ན། བདག་ཀྱང་བྱ་འོ་བསམ་པའི་འདུན་བསྐྱེད་དེ། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། ལ་ལ་ཞིག་གིས་འབྲི་བར་བསྒྲུབ་བྱ་སྟེ། རིན་ཆེན་བཻདྷཱུརྱ་ཡི་གླེག་བམ་ལ། མར་ཏིང་ཏུན་ཤིང་ཨུན་བུ་ཁ་མྱང་རྩལ། གསེར་དང་ཤིང་ཀུན་ལ་སོགས་འབྲི་བསྒྲུབ་མཐོང༌། བདག་ཀྱང་འབྲི་ལ་གཞན་ཀྱང་བསྐུལ་འདེབས་དེས། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། ལ་ལས་ཟབ་མོའི་དོན་འདི་འཆང་བསྒྲུབ་སྟེ། ས་ཝེར་སེ་སྟོ་གནས་བཟང་གཞལ་ཡས་ཁང༌། རིན་ཆེན་རྒྱུ་ལས་གྲུབ་བཞི་དབྱིབས་ལྡན་པའི། སྣ་ཚོགས་མཛེས་པར་བརྒྱན་པའི་ནང་དབུས་ན། སེང་གེའི་ཁྲི་ལ་ལྷབ་ལྷུབ་རྒྱན་སྤྲས་ཤིང༌། རིན་ཆེན་འཕྲེང་དང་མུ་ཏིག་ཟ་ར་ཚགས། དེ་དབུས་དེ་བསྒྲུབས་༼མཐོང་ན འདི་ལྷག་མར་སྣང༌།༽་བདག་འདུན་བཞན་བསྐུལ་ན། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། ལ་ལ་ཞིག་གིས་ཟབ་མོའི་ཀློག་བསྒྲུབ་སྟེ། ལྷ་བུ་གཞོན་ནུར་གྱུར་ཅིང་གཟུགས་བྱད་ལེགས། མདོག་བཟང་དྲི་མ་མེད་པ་གཟུངས་ཐུབ་ཀྱིས། ཅི་སྙེད་འཚོ་ཡི་བར་དུ་ཀློག་པ་འམ། དྲོ་སྐབས་དག་དང་དུས་བཟང་གྲངས་བཅད་དང༌། དལ་འབྱོར་སྐབས་ཅན་ཆུ་རྒྱུན་སྐབས་མེད་དང༌། སྟོང་གསུམ་ཀུན་གྲགས་ཀློག་པ་དེ་མཐོང་ན། བདག་འདོན་གཞན་བསྐུལ་འབྲས་བུ་འཐོབ་པར་འགྱུར། ལ་ལ་ཞིག་གིས་ཟབ་མོ་འདོན་བསྒྲུབ་སྟེ། བློ་རབ་གསལ་བའི་མཆོག་གྱུར་གང་ཞིག་གིས། སེང་གེའི་གདན་ཕྱུང་ཞལ་ཏོན་འདོན་འདོན་པའམ། པད་མ་བློ་ཅན་ཁུ་བྱུག་ཚངས་པའི་དབྱངས། མུན་སྒྲོན་འདྲ་བས་དུང་ཅོང་ལྟ་བུ་དང༌། བུམ་པ་ཆུས་བཀང་ལྟར་བློའི་ཞི་དལ་དང༌། རལ་གྲི་ཆུར་བཏབ་བློ་ཡི་སྤྲོ་ཞིང་དང༌། སྨྱུག་ལྕག་ལྟ་བུ་དལ་ལ་ལྡེམ་པ་དང༌། མཁའ་ལ་ཉི་ཤར་ལྟ་བུའི་བློ་ཅན་གྱིས། སྨད་འཚོང་མ་དང་ཚོང་དཔོན་ཁྱིམ་བདག་དང༌། སྡུག་བསྔལ་བ་དང་མྱ་ངན་ཆེ་བའི་གནས། རྒྱ་མཚོའི་ལྡིང་དང་རྒྱལ་པོ་ཆེན་པོའི་དྲུང༌། ལྟ་བུར་ཀློག་ཅིང་འདོན་པའི་འདུན་བསྐྱེད་ནས། བླ་ན་མེད་པའི་འབྲས་བུ་འཐོབ་པར་འགྱུར། ལ་ལ་ཞིག་གིས་འདི་ལ་མཆོད་བཀུར་བསྒྲུབ། ལྷབ་ལྷུབ་གར་དང་རིན་ཆེན་མཆོད་རྫས་དང༌། སྔགས་དང་ཕྱག་རྒྱ་ཏིང་འཛིན་མཆོད་མཐོང་ན། བདག་ཀྱང་འདོན་ཞིང་གཞན་ལ་བསྐུལ་འདེབས་ན། བླ་ན་མེད་པའི་འབྲས་བུ་འཐོབ་པར་འགྱུར། ལ་ལ་ཞིག་གིས་འདི་ལ་བཀུར་སྟི་བསྒྲུབ། མཚན་ལྡན་ཡོན་ཏན་རྫོགས་པའི་གཤེན་རབ་ཀྱིས། སྤྱན་དྲངས་མངའ་དབུལ་བཀུར་སྟི་རིམ་གྲོ་མཛད། ཁྲི་ལ་བཞུགས་གསོལ་སྐུ་ཡི་བྱི་དོར་དང༌། གཙག་བུས་སྤྱན་དབྱེ་རྒྱན་གྱིས་བྱིན་འབེབས་དང༌། བཀྲ་ཤིས་རྫས་ཀྱིས་ཞལ་བསྲོ་ཁྲུས་གསོལ་དང༌། སྐུ་བསྟོད་ཕྱག་འཚལ་སྨོན་ལམ་འདེབས་མཐོང་ན། བདག་ཀྱང་འདོན་ཅིང་གཞན་ལ་བསྐུལ་འདེབས་ན། བསྐལ་པ་སྟོང་ཕྲག་དུ་མའི་སྒྲིབ་སྦྱངས་ཤིང༌། བླ་ན་མེད་པའི་འབྲས་བུ་འཐོབ་པར་འགྱུར། ལ་ལ་ཕུད་དུད་ནན་ཏན་བྱ་བསྒྲུབ་སྟེ། སྒྲ་དག་མི་ནོར་དལ་གྱིས་བློས་འཛིན་ཅིང༌། སྐུ་ཆིངས་ན་བཟའ་བླ་རེ་འོག་གདན་སོགས། ཕུད་དུད་ནན་ཏན་བྱེད་པ་དེ་མཐོང་ན། བདག་ཀྱང་དེ་ལྟར་བྱ་བའི་འདུན་བསྐྱེད་ལ། གཞན་ཀྱང་འདུན་པའི་བསྐུལ་མ་འདེབས་པ་དེས། རྣམ་པར་དག་པའི་འབྲས་བུ་འཐོབ་པར་འགྱུར། དེ་ནི་བོན་ཉིད་རྣམ་པར་དག་པ་ཡིས། འདི་ལྟར་བོན་རྣམས་རྣམ་པར་དག་པའོ། འཁོར་འདས་འདུན་སྒོམ་རྣམ་པར་དག་པ་སྟེ། སོ་སོ་མ་ཡིན་རྣམ་པར་དག་པར་འགྱུར། བླ་མེད་ཡང་དག་དོན་ལ་སྤྱོད་པའི་ཚེ། བསམ་པ་བཟང་པོ་ཆུ་བོས་ཁྲུས་བྱེད་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།