ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

བཏང་སྙོམས་མེད་པ་བརྩོན་འགྲུས་བླ་མེད་དོ། བཏང་སྙོམས་མེད་ན་འགྱུར་ལྡོག་མི་འབྱུང་ངོ༌། འགྱུར་ལྡོག་མེད་པ་བསམ་གཏན་བླ་མེད་དོ། འགྱུར་ལྡོག་མེད་ན་ལྟུང་བ་མི་འབྱུང་ངོ༌། ལྟུང་བ་མེད་པ་སྟོབས་ཀྱི་བླ་མེད་དོ། ལྟུང་བ་མེད་ན་ཉོན་མོངས་མི་སྐྱེ་འོ། ཉོན་མོངས་མེད་པ་སྙིང་རྗེ་བླ་མེད་དོ། ཉོན་མོངས་མེད་ན་རེ་དོགས་མི་འབྱུང་ངོ༌། རེ་དོགས་མེད་པ་སྨོན་ལམ་བླ་མེད་དོ། རེ་དོགས་མེད་ན་འཁོར་ཆགས་མི་འབྱུང་ངོ༌། འཁོར་ཆགས་མེད་པ་ཐབས་ཀྱི་བླ་མེད་དོ། འཁོར་ཆགས་མེད་ན་འཁྲུལ་པ་མི་འབྱུང་ངོ༌། འཁྲུལ་པ་མེད་པ་ཤེས་རབ་བླ་མེད་ཕྱིན། ཤེས་རབ་བླ་མེད་ཕྱིན་པའི་དོན་རྟོགས་ན། ཟག་བཅས་ཕུང་པོ་མཚན་མ་ཀུན་སྤང་སྟེ། ཟག་མེད་ཤེས་རབ་ཕུང་པོ་ཉིད་དུ་འགྱུར། དེ་ལ་མཚན་མ་ཅི་ལྟར་འབྱུང་ཞེ་ན། ཟག་པ་མེད་པ་ཤེས་རབ་ཕུང་པོ་དེས། འཁོར་འདས་ཡུལ་རྣམས་སྤང་བླང་ཡེ་ནས་མེད། འཁོར་བའི་མཚན་མ་ཡོད་མིན་གཞན་མ་ཡིན། མཚན་མ་ཅིར་ཡང་བཟུང་མེད་ཕུང་པོ་དེ། ནམ་མཁའི་ངོགས་འདྲ་མཚན་མེད་དེ་བཞིན་ཉིད། ཟག་མེད་མཚན་མ་ཅི་ལྟར་སངས་ཞེ་ན། དཔེར་ན་མུན་ཁང་སྒྲོན་མེ་བཏེགས་པ་ན། མུན་པ་བྲོས་མེད་སྒྲོན་མེས་བདས་མེད་བཞིན། ཤེས་རབ་ནམ་མཁའི་ངོགས་འདྲ་ཐོབ་དུས་ན། མཚན་མ་བྲོས་མེད་ཤེས་རབ་བདས་མེད་བཞིན། མཚན་མ་ཐམས་ཅད་ཞི་ཞིང་མི་སྣང་ངོ༌། འཁྲུལ་པ་མེད་པའི་ཤེས་རབ་ཕུང་པོ་དེས། ཕྱི་བཟུང་ཡུལ་དང་སྟོང་ཟད་ལྷ་ལ་སོགས། སྤང་ཞིང་མེད་དེ་སྟོང་པ་ལྟ་བུར་ཤེས། ཤེས་རབ་ཕུང་པོ་སྟོང་ཉིད་ཡེ་ཤེས་ལྡན། ཤེས་རབ་ཕུང་པོ་ནམ་མཁའ་འདྲ་བ་ལ། ཕྱི་ཡི་ཡུལ་རྣམས་ཡེ་ནས་སྤང་དུ་མེད། སྟོང་ཉིད་ལྡན་པའི་ཕྱི་སྟོང་ཉིད་ཅེས་བྱ། ནང་འཛིན་ཡིད་དང་ཕྱི་ནང་གཉིས་རྟོགས་དང༌། འདུས་བྱས་འདུས་མ་བྱས་དང་མཐའ་ལས་འདས། མི་དམིགས་ཆུང་སྙམས་དོན་དམ་རང་བཞིན་དང༌། རང་བཞིན་མེད་དང་རང་གི་མཚན་ཉིད་དང༌། ཐོག་མཐའ་དོར་བ་མེད་དང་དངོས་པོ་དང༌། ངོ་བོ་རྟོག་འཛིན་བོན་ལ་འདི་ཞེས་དང༌། སྟོང་ཟད་ལྟུང་མེད་སྟོང་པ་ཡེ་ཤེས་ལྡན། སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱ། སྟོང་ཉིད་དེ་ལས་ཡེ་ཤེས་ཚོགས་འབྱུང་བས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུང་པོ་བྱས། ཡེ་ཤེས་ཕུང་པོ་དེ་ནི་ནམ་མཁའ་འདྲ། དཔེར་ན་ནམ་མཁས་མི་ཁྱབ་མེད་པ་ལྟར། ཡེ་ཤེས་ཕུང་པོ་དེས་ཀྱང་མི་ཁྱབ་མེད། ནམ་མཁའ་ཀུན་འབྱུང་གཞི་རྩ་མཐར་ཐུག་མེད། མི་འགྱུར་གོ་འབྱེད་ཡོངས་སུ་རྒྱ་མ་ཆད། གཏང་བྲལ་མེད་ཅིང་སྐྱེ་འགག་མཐའ་དབུས་མེད། ནུབ་མེད་རྟོག་མེད་དངོས་པོ་མཚན་མ་མེད། ཡེ་ནས་གཏིང་དཔག་བརྟག་པ་དཀའ་བ་བཞིན། ཐམས་ཅད་མཁྱེན་པའི་ཕུང་པོ་དེ་བཞིན་ནོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕུང་པོ་དེས། ཕྱི་བཟུང་ཡུུལ་དང་སྟོང་ཟད་ལྟ་བ་རྣམས། སྟོང་པ་བཅོ་བརྒྱད་ཡེ་ཤེས་ཕུང་པོར་མཁྱེན། ཡེ་ཤས་ཕུང་པོ་དེ་ལ་གནས་འདོད་ན། བཟུང་ཡུལ་ཕྱི་སྟོང་ཉིད་དུ་ཤེས་གྱུར་ན། ཐམས་ཅད་མཁྱེན་པའི་འབྲས་བུ་ཐོབ་པར་འགྱུར། གཟུགས་སོགས་སྟོང་པ་ཉིད་དུ་ཤེས་གྱུར་ན། ཐམས་ཅད་མཁྱེན་པའི་འབྲས་བུ་འཐོབ་པར་འགྱུར། ༑ བོན་རྣམས་སྟོང་ནས་དྲན་པའི་མེད་ཅེ་ན། སྟོང་ཉིད་ཤེས་ན་ལུས་སེམས་ཚོར་བ་བོན། སྟོང་པ་ཉིད་དུ་དྲན་པ་ཉེ་བར་བཞག ༑ དྲན་མེད་སྤང་པའི་རྒྱུ་ཡང་མེད་ཅེ་ན། ཅིར་ཡང་མེད་པ་སྟོང་པའི་དྲན་པ་དེས། ཡོད་མེད་རྟག་ཆད་ལོག་པའི་ལྟ་བ་དང༌། ཉོན་མོངས་རྒྱུ་ཡི་རྗེས་སུ་མི་སེམས་ཤིང༌། འཁྲུལ་པའི་དྲན་པ་ཡང་དག་སྤང་པའོ། ༑ སྟོང་ཉིད་མེད་ན་ཏིང་འཛིན་གཞི་ཡང་མེད། སེམས་ལ་རྫུ་འཕྲུལ་རྐང་པ་མེད་ཅེ་ན། འདི་ལྟར་བསམ་པ་སྟོང་པ་ནམ་མཁའ་འདྲ། ནམ་མཁའ་སྟོང་ལ་རྫུ་འཕྲུལ་མ་བྱུང་བས། སེམས་ཅན་དོན་རྣམས་བཙལ་མེད་གྲུབ་པ་བཞིན། བསམ་པ་སྟོང་པ་མི་གཡོ་མ་བཅོས་པ། རྫུ་འཕྲུལ་རྐང་བ་བཞི་བྱུང་འབྱུང་བར་འགྱུར། ཅི་ལྟར་ཞེ་ན་མོས་འདུན་གསལ་རྟོགས་དང༌། མཉམ་པ་རང་གི་འཁྲུལ་སྤངས་འདུ་བྱེད་ལྡན། རྫུ་འཕྲུལ་རྐང་པ་འབྱུང་ངོ་འབྱུང་བར་འགྱུར། སྟོང་པ་སེམས་མེད་དབང་པོ་མེད་ཅེ་ན། འདི་ལྟར་ཅིར་ཡང་མེད་པ་སྟོང་ཤེས་ན། གསལ་རིག་ཤེས་རྟོགས་རྒྱུན་དང་གཅོད་ལ་སོགས། སེམས་དབང་ལྡན་པས་བོན་རྣམས་འཁོར་ལོས་སྒྱུར། ༑ བདག་ལ་མཆིས་ན་བདག་གི་བོན་རྣམས་མེད། དེ་མེད་ཏིང་འཛིན་འབྲས་བུ་མེད་ཅེ་ན། མཚན་མ་མེད་པ་སྟོང་པ་ཉིད་ཤེས་ན། ཤེས་པ་དེ་ནི་སེམས་བསྒོམ་ཏིང་འཛིན་ལས། ཅི་ཡང་མེད་དང་ཀུན་སྣང་སེམས་བསྐྱེད་དང༌། དེ་གསུམ་སྟོང་པའི་ངང་ལ་མི་གཡོ་སྒོམ། སེམས་སུ་གྲུབ་པའི་འབྲས་བུ་རབ་རྙེད་དེ། ཅི་ཕྱིར་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།