ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

དག་པས་བཤམས་སྤྲུལ་ནས། བདེར་གཤེགས་སེམས་དཔའ་རྣམས་ལ་མཆོད་པར་གྱིས། མཆོད་པར་བྱས་ནས་ཡོ་བྱད་སྨོན་ལམ་བརྟེན། དེས་ན་དགེ་རྩ་ཡོངས་སུ་ཆེ་བར་འགྱུར། སྟོང་པ་རིན་ཆེན་ནམ་མཁའ་ལྟ་བུ་སྟེ། ནམ་མཁའ་རིན་ཆེན་སྐྱེ་འགག་མེད་པའི་ཕྱིར། འཁོར་འདས་རིན་ཆེན་བོན་ཡང་དེ་བཞིན་ཏེ། ནམ་མཁའི་ངང་ཚུལ་ཅན་ཞེས་བོན་སྟོན་ནོ། སྟོང་པ་ཉིད་རྣམས་ནམ་མཁའ་ལྟ་བུ་སྟེ། ནམ་མཁའི་རང་བཞིན་གཟུང་བའི་ཡུལ་ལས་འདས། དངོས་པོ་མ་གྲུབ་མཐའ་ལས་འདས་པའི་ཕྱིར། འཁོར་དང་མྱ་ངན་འདས་པའི་བོན་ཐམས་ཅད། དངོས་པོ་མ་གྲུབ་མཐའ་ལས་འདས་པའི་ཕྱིར། འཁོར་དང་མྱ་ངན་འདས་པའི་བོན་ཐམས་ཅད། དངོས་པོ་མ་གྲུབ་མཐའ་ལས་འདས་པ་སྟེ། ནམ་མཁའི་ངང་ཚུལ་ཅན་ཞེས་བོན་སྟོན་ནོ། སོ་སོ་རིན་ཆེན་རིན་ཆེན་རྒྱུ་ཡོད་དོ། ཅིའི་ཕྱིར་ཞེ་ན་ནམ་མཁའ་གོ་ཕྱེ་ནས། ཁ་དོག་མ་འདྲེས་སོ་སོར་གསལ་བ་བཞིན། རིག་པའི་ཡེ་ཤེས་ཉི་ཤར་འདྲ་བ་དེས། སྤྱི་དང་རང་གི་མཚན་ཉིད་སོ་སོར་མཁྱེན། བདེན་པ་སོ་སོར་གྲུབ་པའི་འབྲས་བུ་དང༌། གནས་ལམ་འཇུག་སྒོ་དགེ་སྡིག་ཐེག་པ་དང༌། སྐྱེ་གནས་སྐྱེ་མཆེད་འདུ་ཤེས་སྐྱོན་སྤང་དང༌། ཕུང་པོ་འཁོར་འདས་ཉོན་མོངས་གཉེན་པོ་དང༌། འགྲོ་བ་གང་འདུལ་ཡེ་ཤེས་སྐུ་གསུམ་དང༌། འོད་ཟེར་སྤྲོ་གནས་རྣམས་སྒོ་མ་འགགས་པར། སོ་སོར་ཡང་དག་རིག་པས་གསལ་མཁྱེན་པས། སོ་སོར་གསལ་བ་རིན་པོ་ཆེ་ཞེས་བྱ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག སྤྱོད་པ་ཡང་དག་དོན་ལ་བསླབ་འདོད་པས། རིགས་པའི་ཡེ་ཤེས་རྒྱུན་གྱི་ལམ་ཡིན་པས། འདིར་ཞུགས་བླ་མེད་གནས་སུ་ཕྱིན་པར་བྱ། ཅི་ལྟར་ཞེ་ན་རིག་པའི་ཡེ་ཤེས་དེ། འཁོར་བ་འཁོད་ལ་འཁོར་བར་རྟག་ཏུ་མེད། རྒྱུན་ལམ་དམིགས་མེད་འཇུག་སྟེ་གནས་པར་བྱ། མྱ་ངན་འདས་ལ་རྟག་མེད་དངོས་པོ་མེད། ནམ་བྱང་ལམ་ལ་དམིགས་མེད་གནས་པར་བྱ། བསམ་གྱིས་མི་ཁྱབ་མིང་ཚིག་ཡི་གེའི་ཚོགས། བསམ་དུ་མེད་པར་སྡུད་མཁྱེན་རིན་པོ་ཆེ། དབྱིངས་ཉིད་རིན་ཆེན་ནམ་མཁའ་ལྟ་བུ་སྟེ། དེ་ལ་མ་ཤོང་མེད་པ་ལྟར། གཡུང་དྲུང་དབྱིངས་སུ་བོན་དང་བོན་ལས་བྱུང༌། མ་འདུས་མེད་པས་དབྱིངས་ཉིད་རིན་པོ་ཆེ། ཅིར་ཡང་མི་དམིགས་མཉམ་༼འདིར་ཅི་ཞིག་ཆད་པར་སྣང༌།༽ དབྱིངས་ལས་ཡོན་ཏན་ཅི་ལྟར་འབྱུང་ཞེ་ན། བོན་དང་བོན་མིན་བོན་གྱི་དེ་བཞིན་ཉིད། དེ་འབྱུང་ཡོན་ཏན་བསམ་གྱིས་མི་ཁྱབ་པ། ཐམས་ཅད་བྱུང་བས་དབྱིངས་ཉིད་རིན་པོ་ཆེ། ཅིར་ཡང་མི་དམིགས་མཉམ་ཉིད་བརྗོད་འདས་ལ། རིན་ཆེན་རྒྱུན་ལྡན་མ་ཡིན་མི་ལྡན་མིན། གཉིས་ཀ་མ་ཡིན་བོན་རྣམས་དེ་བཞིན་ནོ། སྟོན་པས་གསལ་བའི་གླིང་ལ་ཡོད་ཁམས་བཤད། འདི་ལྟར་རིག་པའི་སྐྱེས་བུ་ཉིད་ཡོད་དོ། ཅིའི་ཕྱིར་ཞེ་ན་སྐྱེས་བུ་ཉིད་ཡོད་དོ། སྐྱེས་བུ་ཉིད་ལ་བསམ་ཡོད་མཚོན་དུ་ཡོད། བརྟག་ཡོད་དཔག་ཡོད་གདགས་ཡོད་བསྟན་དུ་ཡོད། བསླབ་ཅིང་གོ་དང་རིག་པའི་རྩལ་སྦྱོངས་དང༌། སྡིག་སྤང་དགེ་བསྐྱེད་འབྲས་བུ་སྒྲུབ་ཏུ་ཡོད། འབྲས་བུ་སྒྲུབ་པ་གཡུང་དྲུང་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།