ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

ངོ་བོ་ཉིད་དང་དངོས་མེད་སྟོང་ཤེས་པ། ཡང་དག་མཁས་པའི་རིག་པ་ཤར་བའོ། བོན་རྣམས་ཀུན་གྱི་རྣམ་གྲངས་འདི་ལྟ་སྟེ། ཐེག་པ་དགུ་ཡི་བོན་ལ་མཁས་པའོ། རྣམ་པ་བྱེ་བ་ས་ཡ་ཅི་སྙེད་པའི། བོན་རྣམས་སྟོང་པ་ཉིད་དུ་ཤེས་འགྱུར་ན། བོན་རྣམས་མཁས་པའི་རིག་པ་ཤར་བའོ། བོན་གྱི་རྣམ་གྲངས་དེ་དག་མཁས་གྱུར་ན། རང་རིག་ཉིད་ཀྱི་བླ་མེད་འབྲས་བུ་མཁས། འཁོར་བའི་བོན་ལས་སྤྲོས་པའི་རྣམ་གྲངས་ཀྱང༌། ཅི་སྙེད་སྟོང་པ་ཉིད་དུ་ཤེས་གྱུར་ན། ཡང་དག་མཁས་པའི་རིག་པ་ཤར་བའོ། བོན་གྱི་རྣམ་གྲངས་དེ་དག་མཁས་གྱུར་ན། རང་རིག་ཉིད་ཀྱི་བླ་མེད་མཁས་པའོ། བླ་མེད་འབྲས་བུ་ཡང་དག་མཁས་སློབ་ན། མྱང་འདས་བོན་ལས་སྤྲུལ་པའི་རྣམ་གྲངས་ལ། མི་དམིགས་ཏིང་ངེ་འཛིན་གྱིས་རྣམ་གཅོད་ཅིང༌། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད། ནམ་མཁའི་ངང་ཚུལ་ཅན་དུ་ཤེས་པ་ནི། མྱ་ངན་འདས་ལ་མཁས་པའི་རིག་ཤར་བའོ། མྱ་ངན་འདས་པ་དེ་དང་མཁས་གྱུར་ན། རང་རིག་ཉིད་ཀྱི་བླ་མེད་མཁས་པའོ། གཞན་ཡང་གཡུང་དྲུང་སེམས་དཔའ་ཆེན་པོ་རྣམས། ང་ནི་རིག་པ་རང་ལ་ཆང་སྙམས་སེམས། རིག་པ་ཤར་བའི་སྐྱེས་བུ་ངོ་མཚར་ཆེ། གཟུངས་ཐུབ་བློ་དང་ལྡན་པའི་སྐྱེ་བུ་ནི། དཀའ་བ་སྣ་ཚོགས་སྤྱོད་ནས་བློ་སྦྱང་ཞིང༌། སྐྱོ་ངས་མེད་པས་ཨེ་མ་ངོ་མཚར་ཆེ། གང་ཞིག་རིག་པ་གསལ་བའི་སྐྱེས་བུ་ནི། རྩལ་སྦྱོང་སྒྲིབ་པ་མེད་པ་ངོ་མཚར་ཆེ། དབང་ཐོབ་རློམ་པ་མེད་པ་ངོ་མཚར་ཆེ། རྨད་བྱུང་ཚུལ་འཆོས་མེད་པ་ངོ་མཚར་ཆེ། སྦྱིན་གཏོང་དམིགས་པ་མེད་པ་ངོ་མཚར་ཆེ། སྟོབས་ལྡན་ཉོན་མོངས་མེད་པ་ངོ་མཚར་ཆེ། སྙིང་རྗེ་བདག་ཕྱོགས་མེད་པ་ངོ་མཚར་ཆེ། སྨོན་ལམ་རེ་དོག་མེད་པ་ངོ་མཚར་ཆེ། ཐབས་མཁས་གཡོ་རྒྱུ་མེད་པ་ངོ་མཚར་ཆེ། གང་ཞིག་ཤེས་རབ་གསལ་བའི་སྐྱེས་བུ་ནི། འཁྲུལ་པ་མེད་པ་ཨེ་མ་ངོ་མཚར་ཆེ། བློ་སྦྱོང་སྐྱོ་ངེས་བྱེད་ན་ངོ་མཚར་ཆུང༌། རྩལ་སྦྱོང་སྒྲིབ་དང་རྨད་བྱུང་ཚུལ་འཆོས་དང༌། སྦྱིན་གཏོང་དམིགས་དང་ཚུལ་ཁྲིམས་འཆལ་བ་དང༌། བཟོད་པ་བྱུང་ཚོར་བཙོན་ལ་བཏང་སྙོམས་དང༌། བསམ་གཏན་གཡོ་རྩོལ་སྟོབས་ལྡན་གཞན་འཚེ་དང༌། སྙིང་རྗེ་བདག་ཕྱོགས་སྨོན་ལམ་རེ་དོགས་དང༌། ཐབས་ལ་མཁས་པས་གཡོ་སྒྱུ་བྱེད་པ་དང༌། ཤེས་རབ་གསལ་བས་འཁྲུལ་བྱེད་ངོ་མཚར་ཆུང༌། དེ་ཕྱིར་ལ་བཅད་སྐྱེས་བུ་ངོ་མཚར་ཆེ། བོན་རྣམས་མི་གཡོ་མཉམ་པར་བཞག་པའི་ཕྱིར། ཏིང་འཛིན་ཟབ་མོ་བསྟན་པའི་བོན་འདི་ལ། མི་དམིགས་པ་ཡི་ཚུལ་གྱིས་སྙོམས་འཇུག་སྟེ། གནས་པ་དེ་ནི་ཤིན་ཏུ་རིག་པར་བྱ། ཅིར་ཡང་མ་ཡིན་པ་ཡི་ཏིང་འཛིན་དང༌། དེ་བཞིན་ཉིད་ཀྱི་དོན་ལ་ཏིང་འཛིན་དང༌། རྒྱུ་མཆོག་སེམས་བསྐྱེད་པ་ཡི་ཏིང་འཛིན་དང༌། རྒྱུ་ལས་ཡོངས་སུ་རྫོགས་པའི་ཏིང་འཛིན་དང༌། མ་བཅོས་ཡི་གེ་གསུང་གི་ཏིང་འཛིན་དང༌། བདེ་སྟོན་ཡེ་ཤེས་ཀློང་གི་ཏིང་འཛིན་དང༌། འགྱུར་མེད་བྱང་སེམས་རིག་པའི་ཏིང་འཛིན་དང༌། བཏང་སྙོམས་མི་ཟད་རྒྱན་གྱི་ཏིང་འཛིན་དང༌། དམིགས་མེད་ཤེས་རབ་ཆེན་པོའི་ཏིང་འཛིན་དང༌། གཡུང་དྲུང་ལྟ་བུའི་ཏིང་འཛིན་དང༌། མི་དམིགས་པ་ཡི་ཚུལ་གྱིས་སྙོམས་འཇུག་ཅིང༌། གནས་པ་དེ་ནི་ཤིན་ཏུ་རིག་པར་བྱ། ཏིང་འཛིན་ཟབ་མོ་དེ་ལ་གནས་རིག་ཅིང༌། བསོད་ནམས་འབྲས་བུ་ཅི་ལྟར་འཐོབ་ཅེ་ན། བསོད་ནམས་འབྲས་བུ་རིག་པ་ཆེ་འདོད་ན། བླ་མེད་ཕྱིན་བཅུའི་དོན་དང་ལྡན་པར་བྱ། དད་པ་སྐྱེ་མེད་སྡོམ་པ་བླང་དོར་མེད། བདུད་ལས་ཞི་ཞིང་ཉོན་མོངས་གཉེན་པོས་གནོན། ཏིང་འཛིན་ཟབ་མོ་མི་དམིགས་ཚུལ་གྱིས་སྒོམས། དེ་ལྟར་བྱེད་ན་བསོད་ནམས་ཆེ་ལ་འཐོབ། རིག་པ་

(སྤྱིའི་གཟིགས་གྲངས། 543 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།