ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

གཟུགས་ལས་བྱུང་བའི་བོན་རྣམས་དང༌། མྱ་ངན་འདས་དང་མྱ་ངན་འདས་བྱུང་སོགས། མཉམ་ལ་མ་འདྲེས་སོ་སོར་རྟོགས་པ་སྟེ། དེ་ལྟར་སོ་སོ་ཡེ་ཤེས་བཅུ་གཉིས་ལྡན། བོན་རྣམས་མཉམ་ཉིད་གཉིས་སུ་མེད་པ་སྟེ། ངང་ལ་མ་གཡོས་མཉམ་ཉིད་ཡེ་ཤེས་སོ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་དང༌། སེམས་དང་ནམ་མཁའ་ལྟ་བུ་དབྱེར་མེད་པ། མཉམ་ཉིད་གཉིས་མེད་དེ་བཞིན་ཉིད་ཀྱི་ངང༌། མ་བཅོས་པ་ནི་མཉམ་པ་ཡེ་ཤེས་སོ། དེ་ལྟར་མཉམ་ཉིད་ཡེ་ཤེས་བཅུ་གཉིས་ལྡན། བོན་རྣམས་སྤྲོས་བྲལ་རྣམ་པར་རྟོག་མེད་པར། མཉམ་ཉིད་དོན་ལ་ཡོངས་སུ་འདུས་པར་བཤད། བོན་རྣམས་ངོ་བོ་ཅིར་ཡང་དམིགས་མེད་དེ། མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱ། འཁོར་བ་མྱ་ངན་འདས་པའི་བོན་རྣམས་ཀྱི། ངོ་བོ་ཅིར་ཡང་དམིགས་སུ་མེད་པ་སྟེ། མ་བཅོས་ཐིག་ལེ་གཅིག་ལ་བཞག་པར་བྱའོ། མ་བཅོས་ཐིག་ལེ་གཅིག་ལ་བཞག་ནས་ཀྱང༌། བཀའ་རྟགས་ཀྱི་ཕྱག་རྒྱ་དང་བཅས་ཏེ་ཨེ་མ་ཧོ། ཁམས་བརྒྱད་གཏན་ལ་ཕབས་པ་ལས། མན་ངག་གི་མདོ་འདུས་པ་ཞེས་བྱ་བ། སྤྲུལ་སྐུ་གཉན་མཐིང་ཤེས་རབ་རྡོ་རྗེས། གཙང་པོ་ནུ་མའི་བྲག་ནས་གཏེར་ལ་དྲངས་པ་རྫོགས་སོ། སྡུད་པ་ཚིགས་སུ་བཅད་པ་ཚིགས་བར་དགུ་པའོ། ཐ་ཚན་མུ་ཙུག་སྨར་རོ། ཁྲོ་ཆེན་ཕོ་བྲང་རྣམ་རྒྱལ་རྫོང་ཆེན་དུ། མིའི་རྗེ་ཀུན་དགའ་ནོར་བུས་པར་དུ་བཀོད། མངྒལཾ།།

(མ་རྩོམ། ཁྱུང་ཁྲི་ལྡེ་ནས་མཐུན་སྦྱོར་ཞུས།)

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།