ལེགས་བཤད་ལམ་རིམ་ལས། ” ཀྱཻ་མ་སྙིགས་དུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་གཤེ་བ་ཚོལ། །དེས་ནི་བུ་ཚས་ཕ་ཁུ་ཡི། །རིགས་རྒྱུད་ངན་པ་བཤད་དང་མཚུངས། ། ” ཞེས་གསུངས་སོ། །

ཁམས་བསྡུད་ཚིགས་སུ་བཅད་པ།

མཐོ་གཅིག་དམའ་འགྱུར། གནམ་ཡོམས་ས་མེར་རི་འགུལ་རྒྱ་མཚོ་འཆོལ། རྡོ་ཤིང་ཤིག་ཤིག་རབ་ཏུ་ཤིག་པར་འགྱུར། དེ་ནས་སེམས་ཅན་ཀུན་གྱིས་གུས་ཕྱག་འཚལ། འཁོར་ཀྱིས་མདངས་ཕྱུང་གླུ་དབྱངས་འདི་སྐད་བསྟོད། གཤེན་རབ་བླ་མ་ཐུགས་རྗེའི་མངའ་བདག་ནི། ཐར་ལམ་བདེ་འབྱེད་སྟོང་གསུམ་ཡོངས་ཀྱི་དཔལ། ཐུགས་ཀྱི་འོད་ཟེར་མ་རིག་མུན་པ་སེལ། མགུར་གྱི་དབྱངས་ཀྱིས་འཁོར་བའི་མྱ་ངན་སངས། གཤེན་འགྲོས་སྟབས་ཀྱི་ས་བཅུ་ཟིལ་གྱིས་གནོན། ཕྱག་རྒྱ་བསྣོལ་མས་བདུད་རྣམས་ཐབས་ཀྱིས་འཆིངས། གཟི་བརྗིད་དབང་གིས་བདུད་བཞི་ཟིལ་གྱིས་གནོན། ཐུགས་རྗེ་ཐབས་ཀྱིས་ཉོན་མོངས་འདོམ་༼འདམ༽ནས་འདྲེན། ཐུགས་རྗེ་སྤྲུལ་པས་ཐམས་ཅད་འདུལ་མཛད་པ། གཤེན་རབ་བླ་མའི་སྐུ་ལ་ཕྱག་འཚལ་ལོ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་དང༌། བདག་ཅག་འཁོར་རྣམས་ཤེས་པའི་རྒྱུད་སྦྱོངས་ཕྱིར། ཐུགས་ཀྱི་དཀྱིལ་ནས་མན་ངག་གཏེར་ཕྱུང་ལ། བདག་ཅག་འཁོར་ལ་སྟོན་པས་བཤད་དུ་གསོལ། འཁོར་རྣམས་ཀུན་གྱིས་དེ་སྐད་ཞུས་པ་དང༌། དེ་ནས་གཤེན་རབ་མཆོག་གིས་བཀའ་སྩལ་པ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང༌། འཁོར་གྱི་སེམས་དཔའ་ཤེས་པའི་རྒྱུད་སྦྱོངས་ཕྱིར། འཕྲུལ་ངག་བདེན་བོན་ཁམས་བརྒྱད་བཤད་བྱ་ཡིས། སེམས་ཅན་རྣམས་ཀྱིས་ཁམས་བརྒྱད་འདི་ལ་ཉོན། ལྷ་རྣམས་འདི་ལ་མི་ཉན་ལྷ་ལྟུང་ངོ༌། འདོད་ཁམས་གཟུགས་ཁམས་གཟུགས་མེད་ལྷ་རྣམས་ཀུན། ཁམས་བརྒྱད་གཏན་ལ་ཕབ་པ་འདི་ཐོས་སམ། ལྷ་ཡི་འདི་༼མ་༽མཐོང་ན་ལྷ་འཁྲུལ་ལོ། འདི་ལ་མི་བསྒོམ་ལྷ་རྣམས་གོལ་ཞིང་ལྟུང༌། ལྷ་རྣམས་འདི་ལ་ནན་བསྒོམ་ཐར་པ་འཐོབ། ལྷ་མིན་དེ་བཞིན་མི་རིག་མི་ཉན་འཁྲུལ། བྱོལ་སོང་ཡི་དྭགས་དམྱལ་བ་ངན་འགྲོ་ཡིས། མཉན་རྣམས་སྒྲ་ཙམ་ཐོས་པར་ཐར་བར་འགྱུར། སེམས་ཅན་རྒྱུད་སྨིན་འབྲས་བུ་འཐོབ་བྱའི་ཕྱིར། འཕྲུལ་ངག་བདེན་བོན་ཁམས་བརྒྱད་ལས་བྱུང་འདི། སེམས་ཅན་རྣམས་ལ་ཡོངས་སུ་བསྟན་བྱ་ཡི། མོས་པའི་ཏིང་ངེ་འཛིན་གྱིས་དྲན་སྐྱེད་ལ། ཁམས་བརྒྱད་གཡུང་དྲུང་ལས་བྱུང་འདི་ལ་ཉོན། འཁོར་བ་མྱ་ངན་འདས་ཞིང་རིག་བསྐྱེད་ཕྱིར། སྤྲོས་པའི་མཐའ་དང་མཐའ་ལས་འདས་པ་སོགས། རང་བཞིན་ཁམས་ཆེན་བརྒྱད་ལས་བྱུང་བ་དང༌། མ་བྱུང་མ་སྐྱེས་སྐྱེ་མེད་གདོད་དག་འདི། སེམས་ཅན་རྣམས་ལ་ཡོངས་སུ་བསྟན་བྱ་ཡིས། གུས་ཚུལ་མོས་པའི་སེམས་ཀྱིས་གཉན་པར་བྱ། སེམས་ཅན་ཡོངས་སྨིན་འབྲས་བུ་འཐོབ་བྱའི་ཕྱིར། གཞི་རྩ་ངས་བཤད་གླེང་ནི་ཁྱོད་ཀྱིས་སློང༌། དེ་ལ་གཤེན་རབ་སྟོན་པས་བཀའ་སྩལ་པ། གསང་བ་ངང་རིང་ལ་སོགས་སེམས་དཔའ་རྣམས། གཞི་དང་རྩ་བ་ཡོངས་སུ་བདག་ཉིད་ལ་འདུས། ཅིའི་ཕྱིར་ཞེ་ན་འཁོར་བ་མྱང་འདས་གཉིས། མྱ་ངན་འདས་པའི་བླ་མེད་འབྲས་བུ་འདི། སེམས་ཅན་རྣམས་ཀྱིས་ཅི་ལྟར་འཐོབ་ཅེ་ན། གཡུང་དྲུང་སེམས་སྤྱོད་ཟབ་མོ་སྤྱོད་ན་ཐོབ། གཡུང་དྲུང་སེམས་སྤྱོད་ཟབ་མོ་སྤྱོད་པའི་ཚེ། འཁོར་བ་འཁོར་ལ་འཁོར་བའི་གནས་མི་བྱེད། མྱ་ངན་འདས་སྤྱོད་ཟབ་མོ་སྤྱད་པར་བྱ། འཕྲུལ་ངག་བདེན་བོན་འགྱུར་བ་མེད་པའི་སྐུ། མ་གཡོས་ངང་དང་སྐྱེ་མེད་གདོད་དག་པ། སྤྱོད་པར་གྱིས་ཤིག་བདག་ཀྱང་སྤྱད་པར་བྱ། འཁོར་བ་མྱ་ངན་འདས་པའི་བོན་ཐམས་ཅད། བླ་མེད་ཡང་དག་དོན་ལ་སྤྱོད་བྱ་སྤྱད་བྱའོ། བླ་མེད་ཡང་དག་དོན་ལ་སྤྱད་པའི་ཚེ། གལ་ཏེ་བློ་འཁྲུལ་དོན་དང་མི་ལྡན་པས། ཡོད་མེད་སྣང་སྟོང་སྤྱད་ཀྱང་མཚན་མ་སྟེ། རྟགས་དང་མི་རྟགས་སྤོང་དང་མི་སྤོང་དང༌། སྐྱེ་དང་འགག་དང་བདག་ཡོད་བདག་མེད་དང༌། དབེན་དང་མི་དབེན་སྨོན་པ་ཡོད་མེད་དང༌། ཐོག་དང་མཐའ་མར་སྤྱད་ཀྱང་མཚན་མར་སྤྱོད། བླ་མེད་ཡང་དག་དོན་

(སྤྱིའི་གཟིགས་གྲངས། 410 དེ་རིང་། 1)
Pages: 1 2 3 4 5 6 7 8 9 10 11 12 13 14 15 16 17 18 19 20 21 22 23

གཤམ་གྱི་རྩོམ་ཡིག་རྣམས་ལ་སྐུ་ཉིད་ཐུགས་མཉེས་པོ་ཡོང་སྲིད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།

མཚམས་སྦྱོར། རྩོམ་ཡིག་གོང་མ།
༄༅། །སྲིད་…
error: རྩོམ་འདི་བདག་དབང་ཅན་ཡིན།